དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་གཏེར་རིའི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་བསྲུངས།

2024-05-27 10:30:32   |   1947

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གི་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ནི་ཞིང་ཆེན་དང་ཁུལ་ཏང་ཨུ། སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་གོང་རིམ་ལས་སྒོའི་སྡེ་ཚན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ་གྱི་མགོ་ཁྲིད་བློ་མཐུན་གྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་དང་འབྲེལ་ཡོད་ཚོགས་འདུ། ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི“དམར་ཐིག”འདུ་ཤེས་བརྟན་པོར་བཙུགས་པ། རྡོ་སོལ་གཏེར་ཁའི་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་སྐུལ་འདེད་གཏོང་བ་གཙོ་ཐིག་ཏུ་བཟུང་ཞིང་། “རྩ་བའི་སྟེང་ནས་བདེ་འཇགས་བྱུར་རྐྱེན་སེལ་བའི”འགན་འཁྲིའི་སྦྲེལ་ཐག་ཇེ་ནན་དུ་བཏང་ནས། རྡོ་སོལ་གཏེར་རིའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆགས་སྟངས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་བྱས།

རྩ་འཛུགས་ཀྱི་སྣེ་ཁྲིད་ལ་དམིགས་ནས་འགན་འཁུར་ཐད“ལས་གནས་སྟོང་བ་མེད་པ”ཁག་ཐེག་བྱས། “གཙོ་འགན་སུ་ཡིན་ན་དེས་འགན་འཁུར་རྒྱུ་དང་། སུས་དོ་དམ་བྱས་ན་དེས་འགན་འཁུར་བའི”རྩ་དོན་ལྟར་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་། དུས་ཚིགས་དང་པོའི་རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་དུས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་ཚོགས་འདུ་དང་། གཏེར་རིའི་འགོག་ཟོན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་སོགས་ཚོགས་འདུ་ཐེངས12སྒྲིག་འཛུགས་བྱས་ཤིང་། དུས་མཚམས་གལ་ཆེན་དང་གཙོ་གནད་ལྷུ་ཚིགས་ཀྱི་གཏེར་རིའི་བདེ་འཇགས་དོགས་ཟོན་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། རྫོང་ཡོངས་ཀྱི་ཁག་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་གསོ་སྦྱོང་ཐེངས1ལ་འཚོགས། ཁོངས་མིའི་ཚན་པ་ཁག་སྒྲིག་འཛུགས་བྱས་ནས《བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྲག་ན་ཡོད》ཅེས་པའི་ཉེན་ཟོན་སློབ་གསོའི་གློག་བརྙན་ཐེངས4ལ་བལྟས། ཡུལ་གྲོང་ཁག་དང་སྡེ་ཚན། ཁེ་ལས་སོ་སོའི་རང་ལས་ཁུངས་ཀྱི་ལས་བྱེད་པར་ཐེངས40ལ་ལྟ་བར་རྟོག་འདོམས་བྱས་ཤིང་། ལྟ་མཁན་མི་ཐེངས120ལྷག་ལ་སླེབས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་རྒྱུན་མཐུད་ངང་ནན་ཏན་དུ་བཏང་། 

བྱུར་རྐྱེན་བཅོས་སྒྲིག་ལ་དམིགས་ནས་བྱ་སྤྱོད་ཐད“ལྷོད་གཡེང་མེད་པའི”ཁག་ཐེག་བྱས། 《མདོ་ལ་རྫོང་གི་གཏེར་རིའི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད》སོགས་ཡིག་ཆ་པར་འགྲེམས་བྱས་ནས་བདེ་འཇགས་བྱུར་རྐྱེན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བ་དང་། དམིགས་སའི་རང་བཞིན་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་སྤྱད་དེ་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་ནན་འགོག་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། 《མདོ་ལ་རྫོང་འཕྲལ་སྡོམ་དོ་དམ་ཅུའི2024ལོའི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་འཆར་གཞིའི》བླང་བྱ་གཞིར་བཟུང་། རྡོ་སོལ་གཏེར་འདོན་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་གྱི་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་དང་རྡོ་སོལ་གཏེར་འདོན་བདེ་འཇགས་སྐོར་ཞིབ་སོགས་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། མིག་སྔའི་བར་རྡོ་སོལ་གཏེར་ཁའི་ཁེ་ལས8ལ་ཞིབ་བཤེར་བྱས་པ་དང་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུའི་མཚོ་སྔོན་ཅུ་ཡིས་གནད་དོན་བྱུར་རྐྱེན་ཁག4ལ་རྗེས་སྙེག་བསྐྱར་ཞིབ་བྱས། གཏེར་རིའི་ཁེ་ལས་ཀྱི་རང་ངོས་ནུས་པ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མུ་རི་གཏེར་ཁ་གཉིས་པ་དང་མུ་རི་གཏེར་ཁ་གསུམ་པ་སོགས་གཏེར་རི་དང་བཟོ་ཚོང་ཁེ་ལས་སུ“འཕྲལ་སྡོམ་ཤེས་རྟོགས་པ”ཡི་དཔུང་ཁག་ཁྱོན་མི28ཅན་བཙུགས་ནས་འཕྲལ་སྡོམ་ལས་དོན་གྱི“མཐའ་མའི་ལེ་དབར་གཅིག”ཤར་གཏོང་ཐུབ་རྒྱུར་གཞོལ་ནས“མི་ཚང་མ་བདེ་འཇགས་པ་དང་ཚང་མ་འགན་འཁྲི་འཁུར་མཁན་ཡིན་པའི”མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་ཞིག་ཆགས་པ་བྱས་ཏེ་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ལས་དོན་གྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་།

དྲིལ་སྒྲོག་སློབ་གསོར་དམིགས་ནས་བསམ་བློའི་ཐད“ནོར་འཛོལ་མེད་པ”ཁག་ཐེག་བྱས། མིག་སྔའི་རྡོ་སོལ་གཏེར་ཁའི་གཏེར་རི་ལས་མཚམས་ཐོན་སྐྱེད་བྱེད་མཚམས་འཇོག་པའི་གནས་ཚུལ་ལ་དམིགས་ནས་གཏེར་རིའི་ཁེ་ལས་ལ་རྒྱུན་གཏན་གྱི་རླུང་རྒྱུ་བ་དང་ཆུ་འབུད་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག ཡུལ་དངོས་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མུ་རི་གཏེར་ཁ་གཉིས་པ་དང་གཏེར་ཁུལ་གསུམ་པར་གཟའ་འཁོར་རེར་སྐོར་ཞིབ་ཞིབ་བཤེར་རྒྱུན་མཐུད་བྱས་པ་དང་། མི་སྣ་སྒྲིག་འཛུགས་བྱས་ནས་རྡོ་སོལ་གཏེར་ཁའི་ཁེ་ལས་སུ་བཅའ་སྡོད་བྱས་ཏེ《རྡོ་སོལ་གཏེར་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》གི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་དྲིལ་སྒྲོག་ཚོན་ཤོག་དང་དྲིལ་སྒྲོག་དཔྱད་ཡིག་ཁག100ལྷག་ཙམ་སྤྲད། གཏེར་རིའི་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་གཏེར་རིའི་ཁེ་ལས་ལ་ལྟ་སྐུལ་བྱས་ཏེ“ཁེ་ལས་བདེ་འཇགས་དམ་ཚིག”བཟོ་བར་རྟོག་འདོམས་བྱས་ཤིང་། ཉིན་ལྟར་ལས་འཚོག་གོང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་དམ་བཅའ་འཇོག་པ་དང་། ཁེ་ལས་ལ་བྱུར་རྐྱེན་གྲལ་བཤེར་གྱི་རྩིས་ཁྲ་དང་། སྐོར་ཞིབ་ཀྱི་ཉིན་ཐོ། བདེ་འཇགས་སློབ་གསོའི་གསོ་སྦྱོང་གི་རྩིས་ཁྲ་སོགས་ཚད་ལྡན་དུ་བཏང་བ་མ་ཟད། རྡོ་སོལ་གཏེར་ཁའི་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཁས་ལེན་ཡི་གེ་བཞག


མཉམ་སྤྱོད།