དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་གོམས་སྲོལ་སྒྱུར་བཅོས་ལ་ཤུགས་བསྣན་པ།

2024-05-29 11:01:27   |   491

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ་གྱི་གོམས་སྲོལ་སྒྱུར་བཅོས་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱ་རྒྱུ་གཙོ་རྐང་དུ་བྱས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་སྲོལ་རྙིང་དང་གོམས་སྲོལ་ངན་པ་མེད་པར་བཟོས་ཏེ་ཡ་རབས་གྲོང་གསེབ་ཀྱི་གོམས་སྲོལ་དང་ཁྱིམ་སྲོལ་བཟང་པོ། བབ་ཆགས་ཀྱི་དམངས་སྲོལ་བཅས་གསོ་སྐྱོང་ཤུགས་ཆེན་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་ཤུགས་བསྣན་ཡོད།

རྩ་འཛུགས་དམ་འཛིན་བྱེད། འགན་སྲུང་ཤུགས་ཆེན་སྤེལ། ཡུལ་སྲོལ་སྒྱུར་བཅོས་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གྲོང་ཚོའི་ཡུལ་སྲོལ་ཤེས་དཔལ་དར་རྒྱས་གཏོང་བའི་གལ་ཆེའི་བྱེད་ཐབས་ཤིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཏང་ཨུ་སྲིད་གཞུང་གི་གཙོ་བདག་མགོ་ཁྲིད་ཚན་གཙོ་དང་ཡུལ་ཚོའམ་གྲོང་རྡལ། སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་ཁོངས་མི་ཡིན་པའི་ཡུལ་སྲོལ་སྒྱུར་བཅོས་ལས་དོན་མགོ་ཁྲིད་ཚན་ཆུང་བཙུགས་ནས《མདའ་བཞི་རྫོང་གི་ཡུལ་སྲོལ་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དང་། དུས་བཀག་ལྟར་ཡུལ་སྲོལ་སྒྱུར་བཅོས་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ནས་ཏང་ཨུ་མགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་གྱིས་མཐུན་སྦྱོར་བྱེད་པ།  སྤྱི་ཚོགས་ཡོངས་ཞུགས་པའི་བྱ་བའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ་བཅོས་སྐྱོང་གི་གཙོ་གནད་ཁ་གསལ་དང་བྱ་བའི་བྱེད་ཐབས་ཞིབ་ཚགས་བཟོས་པ་དང་། བྱ་བའི་སྟོབས་ཤུགས་སྡེབ་སྒྲིག་བཅས་བྱས་ནས་རིམ་པ་རེ་རེ་བཞིན་འགན་འཁྲི་དམ་དུ་བཏང་སྟེ་ཡུལ་སྲོལ་སྒྱུར་བཅོས་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱས་ནས་གྲོང་གསེབ་ཡུལ་སྲོལ་ཤེས་དཔལ་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཆགས་ཡོད། 

གཞི་རྟེན་མང་པོ་སྤྱོད། དྲིལ་སྒྲོག་ཤུགས་ཆེན་བྱེད། ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་དང“ངས་མང་ཚོགས་ལ་བདེ་སྐྱིད་ཀྱི་རྩིས་ཐོ་བརྩི་བའི”བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁྱིམ་ཚང་རེ་རེ་བཞིན་རིན་གོང་མཐོ་བའི་གཉེན་རྟགས་བཀག་འགོག་དང་དུར་འཇུག་སྟབས་བདེ་བཟོ་བ། དགའ་སྤྲོའི་བྱ་བའི་སྒྲུབ་སྟངས་གསར་པ་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ནས《རིན་གོང་མཐོ་བའི་གཉེན་རྟགས་བཀག་འགོག་དང་གཉེན་སྒྲིག་གི་སྲོལ་རྒྱུན་གསར་པ་དར་སྤེལ་བྱེད》ཅེས་པའི་གྲོས་མགོ་ཡི་གེ2000ལྷག་ཙམ་དང་ཡུལ་སྲོལ་བསྒྱུར་བའི་དྲིལ་སྒྲོག་དཔེ་དེབ500ལྷག་མང་ཚོགས་ཁྲོད་བཀྲམས་པ་མ་ཟད། རྒྱང་སྒྲོག་རླུང་འཕྲིན་བརྒྱུད་ནས་ཡུལ་སྲོལ་བསྒྱུར་བའི་ལས་དོན་རྒྱུན་ལྡན་དུ་དྲིལ་བསྒྲགས་བྱས་ཤིང་། མང་ཚོགས་ཀྱི་འདུ་ཤེས་རྙིང་པར་འགྱུར་ལྡོག་ནུས་ལྡན་བཏང་བ་དང་ཡུལ་སྲོལ་བསྒྱུར་བའི་དར་སྲོལ་ཡག་པོ་ཞིག་ཆགས་པར་བྱས། དུས་མཚུངས་སུ། དུས་ཆེན་གལ་ཆེན་དང་རྫོང་ཡོངས་ཀྱི་བྱ་འགུལ་གལ་ཆེན་སྣ་ཚོགས་ལ་བརྟེན་ནས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང་།《དམངས་ཀྱི་གོམས་སྲོལ་བསྒྱུར》《གཉེན་ཉེ་གཉེན་སྒྲིག་བྱས་ན་གནོད་འཚེ་ཆེན་པོ་འབྱུང་།》སོགས་མང་ཚོགས་སྤྲོ་སྣང་ཡོད་པའི་རིག་རྩལ་འཁྲབ་སྟོན་བྱས་ཏེ་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། དུས་མཚུངས་སུ། འཚོ་བའམ་མང་ཚོགས་དང་ཉེ་བར་བཅར་ནས་གོ་སླ་བའི་བྱེད་ཐབས་ལས་མང་ཚོགས་ཀྱི་གཉེན་སྒྲིག་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་བྱས་ཏེ། རྒྱུ་རིན་མཐོན་པོ་ལེན་པ་རང་འགུལ་གྱིས་བཀག་འགོག་བྱས་ནས་ཤེས་དཔལ་གྱི་སྲོལ་རྒྱུན་གསར་པ་བཙུགས།

གོམས་སྲོལ་གསར་པ་འཛུགས། རང་སྐྱོང་སྟོབས་ལྡན་གཏོང་། རྫོང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་རང་སྐྱོང་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་གོམས་སྲོལ་བསྒྱུར་བཅོས་གཏིང་ཟབ་དུ་སྤེལ།《རྒྱུ་རིན་མཐོ་བའི་གཉེན་རྟགས་དང་གཞི་ཁྱོན་ཆེན་པོའི་ངང་གཉེན་སྟོན་སྒྲུབ་པ་སོགས་གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བཅོས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྐྱོང་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ་འདས་མཆོད་དང་། གཉེན་རྟགས། ཆང་སྟོན། རྒྱུ་རིན། བར་བ་སོགས་ཀྱི་རིན་གོང་ཚད་གཞི་སྔར་བས་ཁ་གསལ་བཏང་། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ(སྡེ་ཁུལ)36ལ་མཛུབ་ཁྲིད་བྱས་ནས་སྡེ་བའི་སྒྲིག་སྲོལ་དམངས་ཆིངས་དང་སྐུལ་ལྕག་ལམ་ལུགས་བཟོ་བཅོས་འཐུས་ཚང་དུ་བཏང་ནས་རྒྱུ་རིན་མཐོ་བའི་གཉེན་རྟགས་དང་ལེན་མི་བྱེད་པ་དང་ཆང་སྟོན་གྱི་གཞི་ཁྱོན་ཚོད་འཛིན་བྱེད་པ། གཞི་ཁྱོན་ཆེན་པོའི་གཉེན་སྟོན་དང་ལེན་མི་བྱེད་པ་སོགས་དོ་དམ་ཁྱབ་ཁོངས་སུ་བཅུག་སྟེ་སྡེ་བའི་སྒྲིག་སྲོལ་དམངས་ཆིངས་ཀྱི་ཁྲིད་སྟོན་གསལ་པོ་དང་དམངས་སེམས་དང་མཐུན་པ།  སྤྱོད་ཚུལ་གསར་པ་འཛུགས་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས། དེ་དང་ཆབས་ཅིག ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་སོགས་མང་ཚོགས་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ཁྱིམ་བསླབ་རྒྱུན་འཛིན་དང་ཁྱིམ་སྒྲིགས་འཛུགས་པ།  ཁྱིམ་སྲོལ་དར་སྤེལ་སོགས་ཀྱི་ཤེས་དཔལ་ལག་ལེན་བྱ་འགུལ་ཁག10ལྷག་ཙམ་རྒྱ་ཁྱབ་ངང་སྒྲིག་འཛུགས་བྱས་ནས་སྐར་ལྔའི་རིམ་པའི་ཤེས་དཔལ་དུད་ཚང552དང་། ཆེས་མཛེས་པའི་ཁྱིམ་ཚང10དང་། ལྗང་མདོག་ཁྱིམ་ཚང6བཅས་འདེམས་ནས་ས་གནས་ཀྱིས་དཔེ་སྟོན་སྣེ་ཁྲིད་ལ་སྐུལ་འདེད་བཏང་བ་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་མིག་དཔེ་བཟང་པོ་བཏོད་ཡོད།


མཉམ་སྤྱོད།