དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསོད་ནམས་ཚེ་རིང་གི་གསར་རྩོམ་རྟེན་གཞི་མདོ་ལ་རུ་སྒོ་བྱང་བཀལ།

2024-05-29 13:42:22   |   1598

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས27ཉིན། རྩོམ་པ་པོ་བསོད་ནམས་ཚེ་རིང་གི་གསར་རྩོམ་རྟེན་གཞི་མདོ་ལ་རྫོང་དུང་སོ་ནགས་ཀློང་དུ་རྟེན་གཞིའི་སྒོ་བྱང་བཀལ། འདི་ནི་མདོ་ལ་རྫོང་གིས་བཙུགས་པའི་གཞོན་ནུ་རྩོམ་པ་པོའི་གསར་རྩོམ་རྟེན་གཞི་ཐོག་མ་ཡིན་ལ་དེའི་དམིགས་ཡུལ་ནི་རྩོམ་རིག་གསར་རྩོམ་ལས་སྟེགས་སུ་བྱས་ཏེ་རང་ཡུལ་ཕུལ་བྱུང་རྩོམ་པ་པོར་སློབ་སྦྱོང་དང་། གསར་རྩོམ། ཞིབ་འཇུག བརྗེ་རེས་བཅས་ཀྱི"གསོ་སྐྱོང་ས་ཚིགས"མཁོ་འདོན་བྱས་ནས་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གཞོན་ནུ་རྩོམ་པ་པོ་རྣམས་འཚོ་བར་ཟབ་ཞུགས་དང་མཐོང་རྒྱ་ཆེ་རུ་བཏང་ནས་དུས་རབས་གསར་པའི་མདོ་ལའི་གཏམ་རྒྱུད་ཡག་པོ་འབྲི་བ། མདོ་ལའི་མཚན་སྙན་རྒྱུད་སྒྲོག་ཡག་པོ་བཅས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད། རྟེན་གཞི་བསྐྲུན་པ་དེས་མདོ་ལ་རྫོང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

图片1.png

བསོད་ནམས་ཚེ་རིང་གིས་སྒོ་བྱང་བཀལ་བའི་མཛད་སྒོའི་ཐོག་གཏམ་བཤད་སྤེལ་སྐབས། མདོ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་། ཀང་ཕུའུ་ཧྲུའུ་ཅི་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུས། ཁོས་མདོ་ལ་རྫོང་ནི་ལོ་རྒྱུས་རྒྱུན་རིང་བ་དང་ཡུལ་ལྗོངས་ལྟ་ན་སྡུག་པ། མི་ཆོས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱི་རྫོང་མཐུག་ལ། མི་རིགས་མང་པོ་དང་རིག་གནས་མང་པོ་ཕན་ཚུན་མཉམ་འདྲེས་དང་འཆམ་མཐུན་འཕེལ་རྒྱས་ཀྱི་རིག་གནས་ཀྱི་གཤིན་ས་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གི་རིག་གནས་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་བ་བྱུང་པ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱུང་པ་ལས་ལྷ་ཡུལ་མདོ་ལ་ཁོ་ནར་ཡོད་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། མདོ་ལ་རྫོང་གི་ས་གནས་ཀྱི་རྩོམ་པ་པོ་དང་སྙན་ངག་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྣེ་ཁྲིད་འོག་མདོ་ལའི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་རྩོམ་རིག་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ཡོད་ལ་ཞིང་ཆེན་ཡོངས་ཀྱི"གཅིག་ཅན་ལྔའི"བཟོ་སྐྲུན་གྱིས་ཀྱང་གནས་ཤིག་བཟུང་ཡོད་པས་གྲུབ་འབྲས་དེ་ནི་བཀྲ་ཤིས་རྟེན་འབྲེལ་ཞུ་འོས་པ་ཞིག་དང་གཞི་རིམ་གྱི་རྒྱ་ཆེའི་རྩོམ་རིག་ལས་སྒྲུབ་པས་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་རེད་ཟེར། ཁོས་མདོ་ལ་ནི་མཚོ་སྔོན་རིག་གནས་ཀྱི་གནས་མཆོག་ལྟ་བུ་ཞིག་ཡིན་པས་བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་དང་བརྩེ་སེམས་ལ་བརྟེན་ནས་མདོ་ལའི་གཏམ་རྒྱུད་ཡག་པོ་བཤད་པ་དང་མདོ་ལའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་དྲང་ནུས་གཅིག་ཏུ་སྒྲིལ་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པ་གསར་རྩོམ་བྱས་ཏེ་མདོ་ལ་དྲིལ་སྒྲོག་ཡག་པོ་དང་མཚོ་བྱང་དྲིལ་སྒྲོག་ཡག་པོ་བྱ་རྒྱུ་ཡིན་ལ། རྟེན་གཞི་བཙུགས་པ་དེ་མགོ་འཛུགས་ས་གསར་བ་ཞིག་ཏུ་བརྩིས་ནས་རྒྱ་ཆེའི་རྩོམ་རིག་ལ་དགའ་མཁན་ཚོར་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་དང་མདོ་ལ་རིང་མོའི་ས་གནས་ཀྱི་རིག་གནས་དང་ཁྱད་ལྡན་རིག་གནས་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་རིགས་སོ་སོའི་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་སྒུག་གསར་པ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཐུབ་པར་བྱས་ཏེ་ཁུལ་ཨུས"རིག་གནས་ལྔ"སྐྱེད་སྲིང་དང་དར་སྤེལ་གཏོང་པའི་བཀོད་སྒྲིག་གཞིར་བཟུང"མཚོ་བྱང་ལྔ"དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་འཛུགས་སྐྲུན་དམིགས་འབེན་གྱིས་མདོ་ལ་དང་ཐ་ན་མཚོ་བྱང་གི་རིག་གནས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་པ་དང་། དུས་རབས་གསར་པའི་རིག་གནས་སྟོབས་ལྡན་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་སྔར་ལས་བྱས་རྗེས་གསར་པ་འཇོག་པར་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

图片2.png

 སྒོ་བྱང་བཀལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། མདོ་ལ་རྫོང་གིས་བསོད་ནམས་ཚེ་རིང་ལ<<མདོ་ལ་སྲིད་གྲོས་ཀྱི་ལོ་འཁོར70>><<མདོ་ལ་ཡུལ་ལྗོངས་ཀྱི་པར་དེབ>>སོགས་དཔེ་དེབ་ཕུལ།  བསོད་ནམས་ཚེ་རིང་གིས"གསར་རྩོམ་ཁང་ཆུང"དུ་སློབ་སྦྱོང་དང་ཉམས་ལེན་བྱས།

图片3.png


མཉམ་སྤྱོད།