དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ལུས་རྩལ་པས་རྒྱལ་ཡོངས་ཀྱི་འགྲན་ར་སོ་སོ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།

2024-05-29 15:21:15   |   255

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མཚོ་སྔོན་ཉིནརེའི་ཚགས་པར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ5ཚེས27ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་ནས་འབྱོར་བའི་དགའ་འོས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱི་ལུས་རྩལ་པས་རྒྱལ་ནང་གི་འགྲན་ར་སོ་སོ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཕ་ཡུལ་ལ་གཟི་བརྗིད་བརྩོན་ལེན་བྱས་པ་དེ་རེད། 

2024ལོའི་ལན་ཀྲོའུ་མ་ལ་སུང་འགྲན་བསྡུར་ནང་མཚོ་སྔོན་གྱི་བདམས་ཐོན་པ་ཅ་ནོར་གཡང་གིས་ཆུ་ཚོད2དང་སྐར་མ14དང་སྐར་ཆ་33གྱི་གྲུབ་འབྲས་ཐོག་ནས་ཐེངས་འདིའི་མ་ལ་སུང་སྐྱེས་པའི་ཚོགས་ཆུང་གི་རྒྱལ་ཁོངས་ཀྲུང་གོ་བའི་ཨང་དང་པོ་ཐོབ་པ་རེད། 

རྒྱལ་ཡོངས་མདའ་འཕེན་འགྲན་རའི་སྟེང་། མཚོ་སྔོན་གྱི་ན་གཞོན་བདམས་ཐོན་པ་དག་གི་རྣམ་འགྱུར་ཧ་ཅང་ཡག་པོ་ཡོད་དེ། མཇུག་འགྲིལ་མ་ཐག་པའི2024ལོའི་རྒྱལ་ཡོངས་མདའ་འཕེན་ཨོ་རྩལ་རྣམ་གྲངས་ལེགས་སྐྱེས་འགྲན་བསྡུར་ནང་མཚོ་སྔོན་གྱི་ལུས་རྩལ་པ་ལྷ་མཚོ་དང་ཅང་ཅན་ཤིན་གཉིས་ཀྱིས་འགྲན་ཞུགས་ལུས་རྩལ་པ་བརྒྱ་ཕྲག་མང་པོའི་ནང་གཟེངས་སུ་ཐོན་ནས་མཉམ་བསྲེས་ཚོགས་པའི་ཕམ་འདོར་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ་རེད། དེ་ཙམ་མ་ཟད། ལྷ་མཚོ་ལ་འབེན་མིག་ཨ་ལོང་གི་སྐར་གྲངས1304ལ་བརྟེན་ནས་མི་སྒེར་གྱི་ཕམ་འདོར་འགྲན་བསྡུར་གྱི་ཨང་བརྒྱད་པ་ཐོབ་པ་དང་། མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་གསར་པ་བཏོད་པ་མ་ཟད།  དེ་ནི་མདའ་འཕེན་རྣམ་གྲངས་ཀྱི་སྒྲིག་སྲོལ་གསར་པ་གཏན་ཁེལ་བྱས་པ་ནས་བཟུང་ལྷ་མཚོས་འབེན་ངོས་ཨ་ལོང་གི་སྐར་གྲངས1300ཡི་འགག་སྒོ་ལས་བརྒལ་ཐེངས་དང་པོ་ཡིན་ལ། མཉམ་བསྲེས་ཚོགས་པར་དངུལ་གྱི་རྟགས་མ་ཐོབ་པའི་འགག་རྩའི་རྒྱུ་རྐྱེན་གྱི་གྲས་ཤིག་ཀྱང་རེད། 

རྒྱལ་ཡོངས་ཀྱི་རྐང་འཁོར་འགྲན་བསྡུར་ཁྲོད། མཚོ་སྔོན་རི་ཁུལ་རྐང་འཁོར་རུ་ཁག་གི་རྣམ་འགྱུར་ཡང་ཁྱད་དུ་འཕགས་པ་ཞིག་རེད། 2024ལོའི་རྒྱལ་ཡོངས་རི་ཁུལ་རྐང་འཁོར(ས་ཚིགས་གཉིས་པ)འགྲན་བསྡུར་ནང་ཞིང་ཆེན་ལུས་རྩལ་བཟོ་ལས་རུ་ཆེན་གཉིས་པའི་ལུས་རྩལ་པ་ཝང་ཡུས་ཤིའུ་ལ་བུད་མེད་དར་མའི་ཐང་གཅོད་འགྲན་བསྡུར་གྱི་ཨང་གསུམ་པ་དང་བུད་མེད་དར་མའི་ཕམ་འདོར་ཐང་གཅོད་འགྲན་བསྡུར་གྱི་ཨང་བརྒྱད་པ་ཐོབ་པ་དང་། ལི་ཧུང་པོ་ལ་སྐྱེས་པའི་ཐང་གཅོད་འགྲན་བསྡུར་གྱི་ཨང་བདུན་པ་ཐོབ། ལི་ཧུང་པོ་དང་ཀླུ་མགོན་སྐྱབས།  ཀྲུའུ་ཕིན་ཝུའུ་བཅས་ལ་སྐྱེས་པ་དར་མའི་ཐང་གཅོད་འགྲན་བསྡུར་གྱི་ཚོགས་པའི་ཨང་བཞི་པ་ཐོབ། ན་གཞོན་ཚོགས་ཆུང་གི་འགྲན་བསྡུར་ཁྲོད་རང་རེའི་ཞིང་ཆེན་གྱི་ལུས་རྩལ་པ་5ལ་སོ་སོར་རང་སོ་སོའི་རྣམ་གྲངས་ཁྲོད་ཨང་བཞི་པ་དང་ཨང་བདུན་པ་ཐོབ། དེ་དག་གིས་མཚོ་སྔོན་ཞིང་ཆེན་གྱི་རྣམ་གྲངས་དེའི་ཁྲོད་ཀྱི་འཇོན་མི་གསོག་འཇོག་གི་མཐུག་ཚད་མངོན་ཡོད།


མཉམ་སྤྱོད།