དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་ཟས་རོགས་ཞབས་ཞུ་ཡིས་ལོ་ལོན་རྒན་པར“བདེ་སྐྱིད་བྲོ་བ”མྱངས་སུ་བཅུག

2024-05-29 14:19:01   |   2272

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ན་ནིང་ནས་བཟུང་། མདོ་ལ་རྫོང་གིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཁྲོམ་རའི་བྱེད་པོ་སྣ་ཚོགས་རྒན་རྒོན་གྱི་ཟས་རོགས་ཞབས་ཞུའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས“རྒན་གསོའི་སྒྲིག་གཞི་དང་ཟས་རོགས་ཟུང་འབྲེལ”གྱི་ཞབས་ཞུའི་རྣམ་པ་བཏོད་དེ“དམངས་ཀྱི་ཆེད་དང་དམངས་གཅེས”ཀྱི་ལས་ཀའི་འདུ་ཤེས་རྒྱུན་འཁྱོངས་སྒོས་ལྷག་བསམ་དང་དུང་ཞེན། ནུས་ཤུགས་ཡོད་རྒུས་རྒན་རྒོན་གྱི་ཟས་རོགས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཡོད།

རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་། མདོ་ལ་རྫོང་གིས་རྫོང་སྲིད་གཞུང་གི་གཙོ་འགན་འཁུར་མཁན་མགོ་ཁྲིད་ཀྱིས་ཙུའུ་ཀྲང་དང་། ཚན་པ22ཀྱི་འབྲེལ་ཡོད་འགན་འཁུར་བ་ཁོངས་མིར་བྱས་པའི་རྒན་གསོ་ཞབས་ཞུའི་ལས་དོན་མགོ་ཁྲིད་ཚོགས་ཆུང་བཙུགས་ཡོད། ཞིང་ཆེན་དང་ཁུལ། རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཤིང་། རྒན་གསོའི་ཞབས་ཞུའི་ལས་དོན་དོན་འཁྱོལ་བྱེད་པའི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ་འབྲེལ་ཡོད་གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱས་པ་དང་དེ་བཞིན་ཡུལ་གྲོང་ཁག་གི་ཞབས་ཞུའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་། དེ་དང་ཆབས་ཅིག རང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《མདོ་ལ་རྫོང་གི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལས་དོན་གྱི་ལག་བསྟར་ཇུས་གཞི》དང་། 《མདོ་ལ་རྫོང་གི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་མཐོར་གཏོང་བྱ་སྤྱོད་རྣམ་གྲངས་ལག་བསྟར་ཇུས་གཞི》བཟོས་ནས་བཏོན་པ་རེད།

དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་། སྔ་རྗེས་སུ་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི3809རེ་ཞུ་བྱས་ནས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི15འཛུགས་སྐྲུན་བྱས་པ་སྟེ། རྫོང་རིམ་པའི་གནས1དང་། ཡུལ་ཚོ་རིམ་པའི་གནས5 སྡེ་བ(སྡེ་ཁུལ)རིམ་པའི་གནས9བཅས་ཡོད་པ་རེད། དེའི་ནང་རྫོང་རིམ་པའི་མདོ་ལ་རྫོང་གི་རྒན་རྒོན་ཞབས་ཞུ་ལྟེ་གནས་སུ་གནས་སྡོད་ཞབས་ཞུ་དང་། འཚོ་བ། འཕྲོད་བསྟེན་འཕྲོད་སྦྱོར། བདེ་ཐང་སླར་གསོ། རོལ་རྩེད་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བཙུགས་ནས་རྒན་རྒོན་གྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད། དེ་དང་ཆབས་ཅིག གསོ་བཅོས་ཟུང་འབྲེལ་གྱི་རྒན་གསོའི་བྱེད་སྟངས་གསར་བར་སྐུལ་འདེད་གཏིང་ཟབ་བཏང་ནས་བཙུན་མོ་གཞོང་གྲོང་རྡལ་འཕྲོད་བསྟེན་ཁང་དང་། རྫོང་བོད་སྨན་ཁང་དང་སྨན་བཅོས་ཞབས་ཞུའི་གྲོས་མཐུན་བཞག་ནས་ནུས་པ་ཤོར་བ་དང་བློ་རིག་ཞན་པའི་རྒན་རྒོན་ལ་ལྟ་སྐྱོང་བྱེད་པའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས། ཡུལ་གྲོང་དང་། སྡེ་བའི(སྡེ་ཁུལ)རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཉི་མར་ལྡེ་བ་དང་། མིག་མངས་རོལ་རྩེད། བདེ་གསོ། བདེ་སྐྱིད་ཟ་ཁང་། རིག་རྩལ་རོལ་རྩེད་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་བསྡུས་ནས་རྒན་རྒོན་གྱི་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་ཟམ་མི་ཆད་པར་བསྐངས། 2023ལོ་ནས་བཟུང་། རང་རྫོང་གིས་ཡུལ་གྲོང་གི་རྒན་གསོ་ཞབས་ཞུ་ལྟེ་གནས་དང་། སྡེ་བ་རིམ་པའི་བདེ་ལྡན་ཁང་། སྡེ་ཁུལ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བཅས་ལ་བརྟེན་ནས་མ་དངུལ་སྒོར་ཁྲི50བཏང་བ་དང་། ཚད་ལྡན་ཅན་གྱི་ཐབ་ཚང་སྒྲིག་བཀོད་དང་། རྒན་རྒོན་གྱི་གསོལ་ཅོག ཟས་སྟེགས། གསོལ་ཆས་སོགས་སྒྲིག་བཀོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས“སྐར་མ་བཅོ་ལྔ་མཚམས་ཀྱི”རྒན་རྒོན་ཟས་རོགས་ས་ཚིགས12བསྐྲུན་ཡོད།

ཞབས་ཞུའི་འདུ་ཤེས་ལ་ཤུགས་བསྣན་ནས་ཟས་རོགས་སྤུས་ཚད་མཐོ་རུ་བཏང་། རྫོང་དམངས་སྲིད་སྡེ་ཚན་གྱིས་རྫོང་ནོར་སྲིད་ཅུ་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་ལོ་ལྟར་ཚད་གཞི་སྒོར་ཁྲི8、6、4བཅས་ཀྱི་ཐོག་ནས་རྫོང་དང་ཡུལ་གྲོང་། སྡེ་བ་བཅས་ཀྱི་རྒན་གསོའི་སྒྲིག་གཞིའི་འཁོར་རྒྱུག་འགྲོ་གྲོན་དེ་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་གཉེར་སྐྱོང་འགན་ལེན་བྱས། དེ་དང་ཆབས་ཅིག མཉམ་ལས་མཉམ་སྐྲུན་གྱི་བྱེད་ཐབས་སྤྱད་དེ་རྫོང་ནང་ཁུལ་གྱི་སྤྱི་ཚོགས་ཞབས་ཞུ་ཚད་ཡོད་ཀུང་སི་ཞིག་དང་མཉམ་ལས་གྲོས་མཐུན་བཞག་ནས་ཀུང་སི་དེས་རྫོང་ནང་གི་རྒན་རྒོན་གྱི་ཟས་རོགས་ས་ཚིགས12གཅིག་གྱུར་གཉེར་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱས་ཡོད། དེ་དང་ཆབས་ཅིག “སྲིད་གཞུང་གིས་ཁ་གསབ་ཕྲན་ཙམ་དང་། ཁེ་ལས་ཀྱིས་ཕྲན་ཙམ་སྤྲོད་པ། དགེ་སྒྲུབ་ཞལ་འདེབས་ཏོག་ཙམ་རྒྱག་པ། མི་སྒེར་གྱིས་ཕྲན་བུ་འདོན་པ། དང་བླངས་པས་རོགས་སྒྲུབ་ཕྲན་བུ”བཅས་ཀྱི་ཕྱོགས་མང་པོའི་རྒྱབ་སྐྱོར་བྱེད་ཐབས་སྤྱད་དེ་མ་དངུལ་གྲབས་གསོག་གི་ཐབས་ལམ་སྣ་མང་རྒྱ་ཆེར་བཏང་ནས་སྡེ་བ་དང་སྡེ་ཁུལ་གྱི་ལོ་ན་མཐོ་བ་དང་། ཁེར་རྐྱང་། ཁེར་སྡོད། ཁྱིམ་ཚང་སྟོང་པའི་རྒན་རྒོན་ལ་ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། མིག་སྔར་ཟས་རོགས་ས་ཚིགས12ཚང་མ་སྒོ་ཕྱེ་ནས་གཉེར་སྐྱོང་བྱས་པ་དང་། ཟས་རོགས་ས་ཚིགས་ཁག་གི་ཇ་མའི་བདེ་ཐང་ལག་ཁྱེར་ཚང་མ་གཉེར་ཟིན་ཞིང་། བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གཉེར་བཞིན་ཡོད། ས་གནས་ཁག་གིས་ཉིན་ལྟར་ཆ་སྙོམས་རྒན་རྒོན་མི8-10ལ་སྣེ་ལེན་བྱེད་བཞིན་ཡོད་པ་དང་། ཟས་རོགས་ས་ཚིགས་ཁག་ལ་ལྟ་སྐུལ་ཞིབ་བཤེར་དང་འདྲི་ཤོག་བརྟག་དཔྱད་སོགས་ཀྱི་རྣམ་པ་བརྒྱུད་ལྟོ་ཆས་རོགས་རམ་ས་ཚིགས་ལ་ས་གནས་དེ་གའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།


མཉམ་སྤྱོད།