དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་འབྲུ་རིགས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་ཀྲེང་འཛིན་བཟུང་བྱས།

2024-05-30 09:41:25   |   867

རྩོམ་སྒྲིག   དོན་འགྲུབ་མཚོ།   ཡོང་ཁུངས།   མི་དམངས་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ5པའི་ཚེས29ཉིན། ཀྲུང་གོའི་འབྲུ་རིགས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་ཀྲེང་ལ་ལྐོག་རྔན་བླངས་པ་དང་། ལྐོག་ཟ་བྱས་པ། གཞུང་ཁོངས་སྤྱི་གཉེར་གྱི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པ་བཅས་ཀྱི་དོགས་གཞི་ཡོད་པའི་གྱོད་གཞི་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དོ་དམ་བྱེད་ཁོངས་གཏན་འཁེལ་བྱས་པ་བརྒྱུད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་དང་། ལྐོག་ཟ་བྱས་པ། གཞུང་ཁོངས་སྤྱི་གཉེར་གྱི་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པའི་བྱས་ཉེས་ཐོག་ནས་ཀྲོའུ་ཀྲེང་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་བྱེད་སྒང་ཡིན།


མཉམ་སྤྱོད།