དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གླེང་སྟེགས་སྐབས་ལྔ་པ་ཟི་ལིང་དུ་འཚོགས་པ།

2024-05-30 11:18:05   |   251

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས29ཉིན། “མི་དང་རང་བྱུང་ཁམས་གྱི་ཞི་མཐུན་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁྱིམ་གཞིས་མཉམ་སྐྲུན་བྱེད”ཅེས་པ་བརྗོད་དོན་བྱས་པའི་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གླེང་སྟེགས་སྐབས་ལྔ་པ་ཟི་ལིང་དུ་འཚོགས། དེའི་དམིགས་ཡུལ་ནི་ཕྱོགས་ཁག་གི་མཉམ་ལས་ལ་ཤུགས་བསྣན་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རམ་འདེགས་བྱ་ཆེད་འཚོལ་ཞིབ་དང་ལག་ལེན་གང་ལེགས་མཁོ་འདོན་བྱ་རྒྱུའི་ཆེད་ཡིན།

མཚོ་བོད་ས་མཐོ་ལ“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་ཅིང་། དེ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་སྐྱེ་ཁམས་སྲུང་ཡོལ་ཡིན་ལ། གོ་ལ་ཧྲིལ་པོའི་གནམ་གཤིས་བརྟན་ལྷིང་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། གླེང་སྟེགས་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡུས་ཀུའེ་རུའེ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཁྲའོ། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་ལི་ཡུང་ཞན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དེ་སྔའི་གླིང་གཙོ་ཚེ་རིང་ཐར། མཚོ་སྔོན་སློབ་ཆེན་གྱི་གཙང་གསུམ་ཆུ་མགོའི་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཀྲའོ་ཞིན་ཆོན། ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང་སྔོ་ཁེབས་དང་ཁོར་ཡུག་འགྱུར་ལྡོག་གི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་དབྱང་ཡོན་ཧི་བཅས་གདན་ཞུ་བྱས་ཏེ་བརྗོད་དོན་གཏམ་བཤད་གནང་།

གླེང་སྟེགས་དེ་གཙང་གསུམ་ཆུ་མགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་། གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཉེར་འགན་འཁུར་བ་ཞིག་རེད། འབྲེལ་ཡོད་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་རྩེ་གྲ་གདན་ཞུ་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ནས་གླེང་མོལ་དང་གྲོས་བསྡུར་གཏིང་ཟབ་བྱས། དེ་དང་ཆབས་ཅིག“དུས་སྐབས་གསར་པའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པ”དང་། “གདོང་དམར། ཡིག་ཆ་ནས་པར་རིས་བར་གྱི་ལྟ་ཞིབ”དང་། “འབྲི་ཆུར་སྲུང་སྐྱོབ། འབྲི་ཆུའི་ཆུ་མགོ་ཞིབ་འཇུག”དང་། “གནམ་གཤིས་དྲོ་རུ་འགྲོ་བ་དང་འཁྱགས་སའི་སྐྱེ་ཁམས་མ་ལག་གི་ཐཱན་ཏན་འཁོར་རེས”དང་། “རྩྭ་ཐང་སྐྱེ་ཁམས་མ་ལག་གི་ནུས་མང་གསར་གཏོད་དང་ལག་ལེན”སོགས་ཀྱི་ནང་དོན་ཐད་ཀྱི་རིགས་པའི་གཞུང་ལུགས་དང་ཞིབ་འཇུག་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱས་ཏེ་ཚན་རིག་ཞིབ་འཇུག་དང་རིག་གཞུང་བགྲོ་གླེང་བྱས།


མཉམ་སྤྱོད།