དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ཕྱུགས་ར་ནས་ཟས་སྡེར་བར་གྱི་ནོར་ལུག་ཐོན་ལས་ཀྱི་སྦྲེལ་ཐག་ཁ་ཚང་བསྐྲུན།

2024-05-30 16:16:23   |   293

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཞིང་ཆེན་དང་པུ་ཡིས་ཐུན་མོང་ཐོག་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱ་ཡུལ་བསྐྲུན་པ་གོ་སྐབས་སུ་བརྩིས་ནས། “སྤུས་ཚད་མཐོར་འདེགས་དང་གྲངས་འབོར་བརྟན་འཇགས། སྦྲེལ་ཐག་གསབ་སྣོན། ཕྱིར་གཏོང་རྒྱ་བསྐྱེད”བཅས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་འབད་པ་བྱས་ཤིང་། སྣ་ཁ་ཇེ་མང་དང་སྤུས་ཚད་ཇེ་ལེགས། ཚོང་རྟགས་སྐྲུན་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་དམིགས་ནས། ནོར་ལུག་གི་ཐོན་ལས་དེ་གསོ་སྤེལ་དང་རྒྱུད་སྤེལ། བཤའ་བ། ཉོ་འཚོང་བཅས་སྣ་མང་གི་ཕྱོགས་སུ་བསྲིངས་ཤིང་། དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་།

རྐང་ཚ་རྫོང་གིས་ནོར་ལུག་ཐོན་ལས་གཞི་ཁྱོན་ཅན་གྱི་གསོ་སྤེལ་དང་སྤུས་ལེགས་སོན་ཁུངས་གསོ་སྤེལ་བྱེད་པར་སྐུལ་འདེད་མཐའ་འཁྱོངས་བྱས་ནས་ནོར་ལུག་གསོ་སྤེལ་གྱི“འཆར་གཞི་ཁྲི་སྟོང”ལག་བསྟར་བྱས་ཤིང་།  གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ།  འདེམས་གསོ་དང་ཐབས་ལམ་ལེགས་པོའི་ཁྱབ་གདལ་ལ་སྐུལ་འདེད་བཏང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤུས་ཚད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕྱུགས་ལས་ཐོན་རྫས་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་།  རྒྱུན་ལོན་བྱུང་བ་ལྟར་ན།   མིག་སྔར། རྐང་ཚ་རྫོང་དུ་ནོར་གནག་ཁྲི་སྟོང་གི་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི7དང་།  བོད་ལུག་ཁྲི་སྟོང་གི་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི22 དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི36བཅས་བསྐྲུན་ནས་ལས་གཉེར་བྱས་ཡོད།   ནོར་གནག་དང་ལུག་རྒྱུད་བཟང་ཅན་དུ་འགྱུར་ཚད80%ཡན་ཟིན་པ།    ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་གྱི་ཚད་གཞི་འདང་ཚད98%ཡན་ཟིན་པ།    བྱ་ལུད་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད85%ཡན་ཟིན་ཡོད།

 ནོར་གནག་དང་། འབྲོག་ལུག སྐེ་ཚེ། ནས་སྔོན། གཟན་རྩྭ་བཅས་ཀྱི་ཐོན་ལས་ཆེ་བ་ལྔར་དམིགས་ཏེ། རྐང་ཚ་རྫོང་གིས་ཐོན་ལས་ཀྱི་ལེ་ལག་ཆ་ཚང་འཛུགས་སྐྲུན་ཤུགས་ཆེན་བྱས་ནས། རྫོང་ཡོངས་ཀྱི་ཞིང་ལས་དང་འབྲེལ་ཡོད་ལས་སྣོན་ཁེ་ལས18(དེའི་ནང་དུ་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས1དང་ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས3ཡོད)བཙུགས་པ་དང་། གསར་དུ་ཐོ་འགོད་བྱས་པའི་ཞིང་ཕྱུགས་ལས་གཉེར་ཁྱིམ་ཚང139 གཏན་འཁེལ་བྱས་ཡོད། སྐྱེ་ཁམས་ཕྱུགས་ར24གཏན་འཁེལ་བྱས་པ་དང་།   ཁེ་ལས་ཁྱིམ་ཚང7 དང་དེ་བཞིན་ལས་གཉེར་གསར་བ་རྩ་འཛུགས་བྱས་ཏེ་ཐོན་ལས་གཉོར་སྐྱོང་གླིང་དུ་བཅའ་སྡོད་བྱེད་དུ་བཅུག

རྐང་ཚ་རྫོང་གིས་ཚོང་འགྲེམ་དང་། བྲིན་འཚོང་། འཚོང་རོགས། འགྲེམ་ཚོང་བཅས་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས་ཏེ། ཕྱིར་འཚོང་འཕྲིན་སྟེགས་ཧུར་ཐག་གིས་བསྐྲུན་པ་དང་། ཚོང་རྟགས་བསྐྲུན་པར་ཤུགས་བསྣན་ཞིང་སྐྱེལ་འདྲེན་སྦྲེལ་ཐག་ཤར་གཏོང་བྱས་ནས། ཐོན་ལས་ཕྱིར་འཚོང་དེ་དྲ་ལམ་དང་དྲ་ཕྱི་གཉིས་ནས་མཉམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་ཞིང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་ལམ་བུ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་སྟེ། རྐང་ཚའི་ཐོན་རྫས་གྲགས་ཅན་རིམ་བཞིན་རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རྫོང་ཁོངས་ཕྱི་རུ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཉམས་ལེན་ཐད་འཚོང་ཁང10བཙུགས་པ་དང་། རྫོང་རིམ་པའི་གསོག་ཉར་ཟོང་འགྲུལ་ལྟེ་གནས1དང་། ཡུལ་ཚོ་དང་གྲོང་རྡལ་གྱི་གཅིག་གྱུར་མཛོད་ཁང་ཞབས་ཞུ་ས་ཚིགས6བསྐྲུན་པར་མ་ཟད། ཧྲོན་ཧྥིན་མྱུར་སྐྱེལ་དང་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་སྐུར་གླ་བརྒྱ་ཆའི་60.8མར་གཅོག་པའི་མཉམ་ལས་ཀྱི་གྲོས་ཆིངས་བཞག་སྟེ། ཞིང་ཕྱུགས་ཐོན་རྫས་ཕྱི་ལ་འཚོང་ཐུབ་པ་དང་ཡག་པོ་བཙོང་ཐུབ་པར་འགན་ལེན་བྱས།


མཉམ་སྤྱོད།