དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ49.9ལ་སླེབས།

2024-05-30 11:19:24   |   251

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


<<རྒྱ་གར་དུས་ཐོག་ཚགས་པར>>དང་ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ5པའི་ཚེས28ཉིན་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ49.9ཟིན་ནས་དྲོད་ཚད་མཐོ་ཤོས་ཀྱི་ཟིན་ཐོ་བསྐྲུན་ཡོད་པ་རེད། 

རྒྱ་གར་གྱི་གནམ་གཤིས་སྡེ་ཁག་གིས་དྲོད་ཚད་མཐོ་བའི་ཉེན་བརྡ་དམར་པོ་བཏང་ནས"མི་ཚང་མར་ཚ་གདུག་ཕོག་སྲིད"ཅེས་བརྗོད་དེ་མི་རྣམས་ཀྱིས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས། 

སྡེ་ཁག་འདིས་སྔོན་དཔག་བྱས་པ་ལྟར་ན། ད་དུང་ཉིན་གཉིས་ལ་ཚ་དྲོད་འབྱུང་སྲིད་ཟེར།

དབང་འཛིན་ལས་ཁུངས་ཀྱིས་ཉེན་བརྡ་བཏང་པ་ལྟར་ན། དྲོད་ཚད་མཐོ་བའི་ཤུགས་རྐྱེན་ཐེབས་པས། རྡི་ལི་གསར་བར་ཆུའི་ཐོན་ཁུངས་དཀོན་པའི་ཉེན་ཁ་འཕྲད་སྲིད་ཟེར།


མཉམ་སྤྱོད།