དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-31 07:31:49   |   2005

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ5ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ་རེད། 

02.jpg

  • ཟླ5ཚེས30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་མཁན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་དང་གྲོས་མོལ་གནང་བ་རེད། 

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་ནང་། རང་རྒྱལ་གྱིས་ཨ་རབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་9461.7བྱས་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་དུས་མཚུངས་ལས3.8%འཕར་ཡོད། 

  • 《རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་པའི་སྲོལ་ཡིག》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན》ཁྱབ་བསྒྲགས་བྱས་ཤིང་། ཁྱབ་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ་རེད། 

  • ཉེ་ཆར། ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གསུམ་གྱིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་ཀྱི་ཆ་འཕྲིན་ཅན་གྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། 

  • ཚེས30ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ལོ་ན་མ་སོན་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་གི་ཆེད་དོན་མཛུབ་ཁྲིད་རང་བཞིན་གྱི་གྱོད་དཔེ་ཐོག་མར་ཁྱབ་བསྒྲགས་བྱས། སློབ་མས་ལོ་ན་མ་སོན་པའི་བྱིས་པར་བརྙས་བཅོས་དང་སྡུག་གཅོད་གཏོང་བ་སོགས་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བརྒྱབ་པ་རེད། 

  • ནོར་སྲིད་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར13813.2ཡིན་པ་དང་། དུས་མཚུངས་ལས3.8%འཕར་ཡོད་པ་རེད། 

  • ཚོང་དོན་པུ་སོགས་སྡེ་ཚན་གསུམ་གྱིས་སྤྱི་བསྒྲགས་སྤེལ་ནས་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་གྲུབ་ཆའི་ལྷུ་ལག་དང་། དེ་བཞིན་སྒུལ་བྱེད་འཕྲུལ་འཁོར་བཟོ་སྐྲུན་གྱི་འབྲེལ་ཡོད་སྒྲིག་ཆས་སོགས་ལ་ཕྱིར་གཏོང་དོ་དམ་ལག་བསྟར་བྱས་པ་རེད། 

03.jpg

  • ཚེས30ཉིན། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང3པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཕ་ཁི་སི་ཐན་གྱི་ལས་འགན་མང་བའི་འཕྲིན་གཏོང་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བདེ་བླག་ངང་བྱས་པ་རེད། 

  • ཚེས30ཉིན། རྒྱལ་སྲུང་པུས་“ཐའེ་དབན་རང་བཙན”གྱི་ཁ་བྲལ་བྱེད་སྤྱོད་ནི་ཐའེ་དབན་མཚོ་འགག་གི་ཞི་བདེའི་དངོས་ཡོད་ཀྱི་འཇིགས་སྐུལ་ཆེ་ཤོས་ཤིག་ཡིན་པ་དང་། “ཐའེ་དབན་རང་བཙན”ནི་དམག་འཁྲུག་དང་གཅིག་མཚུངས་ཡིན་པ་དང་ཁ་བྲལ་ལ་ཞི་བདེ་མེད་ཅེས་བཤད་པ་རེད། 

སྤྱི་ཚོགས། 

  • ཟླ6ཚེས15ཉིན་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་དུ་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དཔེ་རིས་ལེགས་སྒྲིག་བྱས་རྗེས་པེ་ཅིང་དང་ཀོང་ཀྲོའུ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ལྟར་འཁོར་སྐྱོད་བྱ་རྒྱུ་ཡིན་པ་རེད། 

  • ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུས་སྤྱི་དམངས་སྒུལ་བདེའི་འཕྲིན་གཏོང་དྲ་བའི་གྲངས་འབོར་དུང་ཕྱུར1གི་གནས་གྲངས 11ཅན་གྱི་དྲ་བའི་ཨང་གྲངས་དེ་རླངས་འཁོར་དྲ་སྦྲེལ(车联网)ལས་སྒོར་ཆེད་སྤྱོད་བྱ་རྒྱུའི་འཆར་འགོད་བྱས་པ་རེད། 

  • ཉེ་ཆར། ཞིང་ལས་དངུལ་ཁང་དང་འགྲིམ་འགྲུལ་དངུལ་ཁང་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྤྱི་བསྒྲགས་བྱས་ནས་གཱ་མེད་པའི་དངུལ་གསོག་ལེན་ལས་སྒོའི་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། 

  • ཉེ་ཆར། ཀོང་ཤིས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ་ཁྲེན་ཅི་ཤིང་ལ་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་ལེན་པའི་དོགས་གཞི་ཡོད་པའི་གྱོད་གཞིར་གཞུང་གཏུག་བྱས་པ་རེད། 

  • རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་རྒྱུན་ཨུ་དང་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀོའུ་ཀྲུང་ཝུན་ལ་སྒྲིག་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་དང་རྒྱལ་ཁབ་ལྟ་ཞིབ་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

  • ཚེས30ཉིན། པེ་ཅིང་ཨོ་ལིན་ཕིག་ཁུལ་ལྟེ་གནས་ཁུལ་གྱི་རིག་གནས་ཕྱོགས་བསྡུས་ཁུལ་དུ་གནས་པའི་ཀྲུང་གོའི་ཚན་རིག་མཁས་ཅན་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་སྒོ་ཕྱེ་པ་རེད། 

04.jpg

  • ཉིན་ཤས་གོང་། རྨ་ཆུའི་དབུས་རྒྱུད་དུ་ཆར་ཆུ་བབས་པའི་ཤུགས་རྐྱེན་དབང་གིས་རྨ་ཆུའི་ཧུའུ་ཁོའུ་རྦབ་ཆུ(黄河壶口瀑布)དེར་སླར་ཡང་མཛེས་སྡུག་ལྡན་པའི་སྣང་ཚུལ་མངོན་ཡོད། 

  • ཚེས30ཉིན། རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཆན་ཝ་ཁྲི་བརྒྱ་རིམ་པའི་ཆུ་འཐེན་ནུས་གསོག་གློག་ཁང་ཆེ་གྲས་ཐོག་མ་སྟེ་ཁྲུང་ཆིང་ཕན་ལུང་ཆུ་འཐེན་ནུས་གསོག་གློག་ཁང(重庆蟠龙抽水蓄能电站)ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་རེད། 

  • ཉེ་ཆར། རྒྱལ་ཁོངས་ཨ་རི་བ་ཁྲའར་སི·ལི་ཀེ་སིའི་རྗེས་རབས་པས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དྲན་གསོ་ཁང་ལ་ཁྱིམ་ཡིག་གི་ངོ་བཤུས་སོགས་རིག་དངོས་རྩ་ཆེན་གྱི་ལོ་རྒྱུས་དཔྱད་གཞི་ཞལ་འདེབས་ཕུལ་ནས་ནན་ཅིང་དམར་གསོད་ཆེན་པོའི་ཐད་དཔང་རྟགས་གསར་པ་བསྣན་ཡོད། 

05.gif

  • ཉེ་ཆར། ཀོང་ཏུང་ཧྲེན་ཀྲེན་གྱི་རྒན་རྒོན་ཞིག་ཞོགས་པའི་སྦྱོང་བརྡར་བྱེད་སྐབས་གློ་བུར་དུ་སྙིང་ཤ་ཁེགས་ཤི(心肌梗死)བྱུང་ནས་ས་ལ་འགྱེལ་ཡོད། ཉེ་འགྲམ་དུ་ཞོགས་རྒྱུག(晨跑)བྱེད་བཞིན་པའི་ཝང་ཡན་ཅུན་གྱིས་འཕྲལ་དུ་རྒན་རྒོན་ལ་མྱུར་སྐྱོབ་བྱས་ནས་སྨན་བཅོས་མི་སྣའི་རོགས་སྐྱོབ་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས། 

སྲིད་ཇུས།

  • ཧྲན་ཤིས(山西)ཀྱིས་བརྡ་ཐོ་པར་འགྲེམས་བྱས་ནས་ལས་ཐོག་ལས་བཟོ་པའི་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་འཆར་འགོད་ལོ་འཁོར་གྱི་གཏོང་སྤྲོད་མཐོ་ཤོས་སྒོར1800ནས་སྒོར2500བར་མཐོ་རུ་བཏང་བ་དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་སྒོར2000ནས་སྒོར3000བར་མཐོ་རུ་བཏང་བ་རེད། 

  • ཧུའུ་ནན(湖南)གྱིས་ཇུས་གཞི་བཏོན་ནས་ཁེ་བེད་བདག་ཐོབ་དེ་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་གོ་མིང་དཔྱད་བསྡུར་གཏན་འབེབས་དང་། ལས་གནས་གདན་ཞུ། ཤེས་ལྡན་མི་སྣའི་གདེང་འཇོག ལས་རྗེས་དཔྱད་ཞིབ་སོགས་གདེང་འཇོག་མ་ལག་ནང་འཇུག་རྒྱུ་ཡིན་པ་རེད། 

  • ཨན་ཧུའེ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་གསར་བརྗེས་བྱེད་རིང་གྲོང་ཁུལ་རྙིང་པའི་སྲོལ་རྒྱུན་གྱི་རྣམ་པ་དང་སྲང་ལམ་གྱི་ཆགས་ལུགས་ལ་གཏོར་བརླག་བྱེད་མི་རུང་པ་དང་། འཛུགས་སྐྲུན་གྱི་མཐོ་ཚད་དེ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་དང་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་སྲུང་སྐྱོང་འཆར་འགོད་ཚོད་འཛིན་གྱི་བླང་བྱ་ལས་བརྒལ་མི་ཆོག་པའི་གཏན་འབེབས་བྱས་ཡོད། 

དེ་རིང་གི་གནམ་གཤིས།

06.jpg

  • ཧེ་ལུང་ཅང་གི་ལྷོ་རྒྱུད་དང་། ཅི་ལིན་དབུས་ལྷོ་རྒྱུད། ལེའོ་ཉིང་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཡུན་ནན་ལྷོ་རྒྱུད། ཅང་སུའུ་ལྷོ་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཀྲེ་ཅང་། ཅང་ཤིས་ལྷོ་རྒྱུད་དང་བྱང་རྒྱུད། ཧྥུའུ་ཅན། ཀོང་ཏུང་། ཧུའུ་ནན་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཧེ་ནན་གླིང་ཕྲན། ཐའེ་དབན་གླིང་ཕྲན་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆར་པ་ཆེན་པོ་འབབ་པ་དང་། དེའི་ནང་། ཨན་ཧུའེ་ལྷོ་རྒྱུད་དང་ཀྲེ་ཅང་གི་ནུབ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཀོང་ཏུང་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།