དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསོད་ནམས་ཚེ་རིང་གི་གྲགས་ཅན་མི་སྣའི་ལས་སྒྲུབ་ཁང་འཛུགས་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

2024-05-31 09:21:52   |   1662

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རིག་རྩལ་ལྷན་ཚོགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྩ་འཛུགས་པུའི《མཚོ་བྱང་ཁུལ་གྱི“དགེ་རྒན་གྲགས་ཅན་དང་སྨན་པ་གྲགས་ཅན། མི་སྣ་གྲགས་ཅན”གྱི་ལས་སྒྲུབ་ཁང་འཛུགས་རྒྱུའི་སྙན་ཞུ་འབུལ་རྒྱུའི་སྐོར་གྱི་བརྡ་སྦྱོར》(བྱང་རྩ་འཛུགས་ཀྱིས་བཀྲམ【2024】ཨང48པ)ཞེས་པའི་ཡིག་ཆའི་དགོངས་དོན་གཞིར་བཟུང་ཞིང་།  ཕྱོགས་ཡོངས་ལ་རྟོག་ཞིབ་དང་དཔྱད་འདེམས་བྱས་པ་བརྒྱུད་མཚོ་བྱང་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་བྱང་ཁུལ་གྱི་རྩོམ་པ་པོ་དང་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བསོད་ནམས་ཚེ་རིང་ལ་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མྱོང་བ་མ་ཟད། རྩོམ་རིག་གསར་རྩོམ་ཐད་ཀུན་གྱིས་ཁས་ལེན་བྱེད་ཚད་མཐོ་བ་དང་། ཁུལ་ཡོངས་ཀྱི་རིག་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་དགེ་མཚན་ལྡན་ཞིང་།   ཤེས་ལྡན་མི་སྣ་བསྡུ་བའི་ནུས་པ་འདོན་སྤེལ་བྱེད་ཐུབ་པས། མཚོ་བྱང་གི་རིག་རྩལ་ཤེས་ལྡན་མི་སྣའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད།    མཚོ་བྱང་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་ཁོ་རང་འོས་སྦྱོར་སྙན་ཞུ་བྱེད་པའི་ཐག་བཅད་པ་དང་། བསོད་ནམས་ཚེ་རིང་གི་གྲགས་ཅན་མི་སྣའི་ལས་སྒྲུབ་ཁང་བཙུགས་ཏེ་སྒོ་བྱང་བཀལ།

འདིར་ཆེད་དུ་སྤྱི་བསྒྲགས་བྱས་པ་ཡིན།

གལ་ཏེ་གོང་གསལ་ནང་དོན་ལ་བསམ་འཆར་མི་མཐུན་པ་ཡོད་ན། ཡོངས་བསྒྲགས་དུས་ཡུན་ནང་ངེད་ལས་ཁུངས་ལ་ཞུ་དགོས།

ཡོངས་བསྒྲགས་དུས་ཡུན། 2024ལོའི་ཟླ5པའི་ཚེས30ནས་ཟླ6པའི་ཚེས5བར(ཚེས7ཉིན)

འབྲེལ་གཏུག་ཁ་པར། 0970-8646612

འབྲེལ་གཏུག་སྡོད་གནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་བདེ་ཐང་སླར་གསོ་སྨན་ཁང་གི་ཐོག་བརྩེགས་དང་པོའི་ཐོག་སོ་གསུམ་པའི་རིག་རྩལ་ལྷན་ཚོགས་གཞུང་ལས་ཁང་།

 མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་ལྷན་ཚོགས།

2024ལོའི་ཟླ5པའི་ཚེས30ཉིན།


མཉམ་སྤྱོད།