དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇར་པན་གྱིས་ཞའོ་ལིན་སྨན་བཟོ་ཡི་གནད་དོན་ཅན་གྱི་བདེ་སྲུང་སྨན་རྫས་ནང་བདེ་ཐང་ལ་གནོད་པའི་གྲུབ་ཆ་ཡོད་པ་གཏན་འཁེལ་བྱས་པ།

2024-05-31 09:38:22   |   182

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་ཚེས28ཉིན། འཇར་པན་གྱི་ཞའོ་ལིན་སྨན་བཟོ(小林制药)སྤྱི་གཉེར་གྱི་ཧུང་ཆུས(红曲)འདྲེས་པའི་བདེ་སྲང་སྨན་རྫས་ཀྱིས་འཛད་སྤྱོད་པའི་བདེ་ཐང་ལ་གནོད་འཚེ་ཕོག་པའི་དོན་རྐྱེན་ཐད། འཇར་པན་གྱི་ཧོའུ་ཧྲེང་ངལ་རྩོལ་བློན་ཆེན་ཝུའུ་ཅན་ཅིང་སན་གྱིས་བསྟན་དོན། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཉམ་དུ་ཞིབ་འཇུག་བྱས་པ་བརྒྱུད། ཞའོ་ལིན་སྨན་བཟོ་ཡིས་ཐོན་སྐྱེད་བྱས་པའི་ཧུང་ཆུས་རྒྱུ་ཆའི་ཁྲོད་ཀྱི་སྤུ་འཇམ་ཆིང་མའེ་སྐྱུར(软毛青霉酸)གྱིས་མཁལ་མ་དང་འབྲེལ་བ་ཡོད་པའི་དབང་བོ་ལ་གནོད་པ་བཟོ་བའི་ངོས་འཛིན་བྱས་ཡོད་ཅེས་བཤད།

微信图片_20240531092028.png

གཞན་ཡང་དངོས་དཔེ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་དེ་ལ་ད་དུང་དེ་སྔོན་ཤེས་མེད་པའི་འདྲེས་སྦྱོར་དངོས་རྫས་གཞན་གཉིས་འདུས་པ་གཏན་འཁེལ་བྱས། ཚོད་རྩིས་བྱས་པ་ལྟར་ན་རྫས་དེ་དག་ཚང་མ་ནི་ཧུང་ཆུས་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་འདྲེས་པའི་ཆིང་མའེ་ཡི་འབུ་ཕྲ་བརྒྱུད་སྐྱེས་པ་ཞིག་རེད། ཟླ5པའི་ཚེས27ཉིན་བར། ཞའོ་ལིན་སྨན་བཟོ་སྤྱི་གཉེར་གྱི་ཧུང་ཆུས་འདྲེས་པའི་བདེ་སྲུང་ཐོན་རྫས་ཀྱིས་འཛད་སྤྱོད་པ5ཤི་བ་དང་། མི1600ལྷག་ཙམ་ལ་སྨན་བཅོས་བྱས། རིམ་རྩིས་བྱས་ན་མི280ལྷག་ཙམ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད།


མཉམ་སྤྱོད།