དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-03 07:19:44   |   236

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཚེས2ཉིན་གྱི་ཆུ་ཚོད6:23སྟེང་། ཁྲང་ཨི་ཨང་རྟགས་དྲུག་པའི(嫦娥六号)་བབས་ཆས་དང་འདེགས་ཆས་ཀྱི་མཉམ་སྒྲིག་གཟུགས་ཆེ་ཆའོ་ཨང་རྟགས་གཉིས་པའི(鹊桥二号)བར་མཐུད་སྐར་མའི་རྒྱབ་སྐྱོར་འོག་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་ལྷོ་སྣེའི་ཨེ་ཐེ་ཁེན་གཞོང་སའི་འབབ་ཁུལ་དུ་བདེ་བླག་ངང་བབས་བྱུང་།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་ཇུས་གཞི་པར་འགྲེམས་བྱས་ནས། 2024ལོར་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་གྱི་ནུས་རྒྱུ་ཟད་གྲོན་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་སོ་སོ2.5%ཡས་མས་དང་3.99%ཡས་མས་གཅོག་དགོས་པའི་བླང་བྱ་བཏོན།

  • དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་གྲངས་གཞི་ལྟར་ན། དུས་ཚིགས་དང་པོའི་དུས་མཇུག་ཏུ་རང་རྒྱལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་རྒྱུ་ནོར་སྡོམ་འབོར་སྒོར་དུང་ཕྱུར་ཁྲི429.6ཡིན་པ་དང་། དུས་མཚུངས་ལས་8.1%འཕར་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས4པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་13.6%འཕར་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་ཀ་ནས་བཟུང་། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་གྱི་གཙོ་གནད་རྣམ་གྲངས་40ལས་འགོ་བཙུགས་ནས་ནགས་སྒྱུར་རྩྭ་འདེབས་མུའུ་ཁྲི་2000ལྷག་ཙམ་ལེགས་གྲུབ་བྱུང་།

  • ད་ལོའི་ཟླ1པོ་ནས་4པའི་བར། རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་སྒྲིག་གཞིས་དབང་སྲུང་གྱོད་གཞི་ཁྲི་3.5བདག་སྤྲོད་བྱས།

  • ད་ལོའི་ཟླ1པོ་ནས5པའི་བར། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་སུ་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་200ལས་བརྒལ་བ་དང་། དུས་མཚུངས་ལས་148%འཕར་ཡོད།

  • ཚེས2ཉིན། རྒྱལ་སྲུང་པུ་ཀྲང་ཏུང་ཅུན་གྱིས་སེམས་ཀྱི་ཉི་ཟླའི(香格里拉)གཏམ་གླེང་ཚོགས་འདུའི་ཐོག་ཐའེ་དབན་ཀྲུང་གོ་ནས་ཁ་ཕྲལ་གཏོང་མཁན་སུ་ཡིན་རུང་དེར་ཆགས་འཇིག་ཡོང་ངེས་ཡིན་ཞེས་བཤད།

  • ཚེས2ཉིན། 2024ལོའི་སིང་ཀ་ཕོར་གྱི་བྱ་སྒྲོའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་རྟིང་རྩོལ་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་ལ་སྐྱེས་པའི་རྐྱང་རྩེད་དང་གཉིས་བསྲེས། བུད་མེད་གཉིས་རྩེད། སྐྱེས་པའི་གཉིས་རྩེད་བཅས་རྣམ་གྲངས་བཞིའི་ཨང་དང་པོ་ཐོབ།

སྤྱི་ཚོགས།

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་མདོག་ཉེན་བརྡ་ཁྱབ་བསྒྲགས་བྱས་ཤིང་། སྔོན་དཔག་བྱས་ན། དེ་རིང་ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད་དང་། ཀོང་ཞི་ཡི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད།

  • ཟླ6ཚེས1ཉིན། རང་རྒྱལ་ཕྱོགས་ཡོངས་ནས་འབྲུབ་དུས་སུ་སླེབས་པ་དང་། ལྷོ་ཕྱོགས་སུ་འབྲུབ་དུས་གཙོ་བོར་སླེབས་ཡོད། དྲག་ཆར་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཧའེ་ནན་དང་ཀོང་ཏུང་། ཧྥུའུ་ཅན་བཅས་ཀྱི་ཆུ་བོ་འབྲིང་ཆུང་ཁག་གཅིག་ཏུ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་ཉེན་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ཞིན་ཐང་(一心堂)འོག་གི་གནས་གཏན་འཁེལ་གྱི་མུ་འབྲེལ་ཚོང་ཁང་ཁག་གཅིག་ཏུ་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་བྱ་སྤྱོད་ཡོད་ཅིང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་ཐེབས་རྩ་ལྟ་སྐུལ་དོ་དམ་སིས་དབྱི་ཞིན་ཐང་སྨན་རྫས་ཚོགས་པ་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་འབྲེལ་ཡོད་འགན་འཁུར་བར་སྐོང་འདྲི་བྱས།

  • ཚེས2ཉིན། རང་རྒྱལ་གྱི་ལྗིད་ཐེག་ལྕགས་ལམ་གྱི་ཅ་ཆིང་བབས་ཚུགས་ཐོག་མ་སྟེ། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་པ་ཐུའུ་ཐ་ཅ་ཆིང་བབས་ཚུགས(巴图加氢站)ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།

  • ཚེས2ཉིན། ཧར་པིན་ནས་ཞང་ཀང་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ནས་འཕུར་སྐྱོད་དུས་ཚོད་ཆུ་ཚོད་5ཙམ་ཐུང་དུ་ཕྱིན་ཡོད།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཀླད་པའི་དབང་རྩའི་རྣམ་པའི་མ་ལག་རིམ་པའི་ཉིང་ལྷེབ་གསར་པ་ཞིག་ཞིབ་འཇུག་གསར་སྤེལ་བྱས་པ་དང་། ཉིང་ལྷེབ་དེས་ཀླད་པའི་དབང་རྩའི་རྣམ་པའི་རྩིས་རྒྱག་དེ་སྤྱི་མཚན་མཐོ་བའི་ཀླད་ཆེན་ལམ་སྲོལ་མཉམ་འདྲེས་བྱེད་སྐབས་ཀྱི་རང་བྱུང་ལེགས་ཆ་མངོན་ཡོད།

03.jpg

  • མཚོ་སྔོན་ནས་ཉེ་ཆར་ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཉམས་དོད་པའི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད་པ་དང་ད་ལྟའི་བར་ལོ་3000ལྷག་ཙམ་འགོར་ཡོད།

  • དྲ་གྲོགས་ཀྱིས་ཨན་ཧུའེ་ཝུའུ་ཧུའུ་ཡི་གསེར་ཕྱིར་བསྡུ་ཚོང་ཁང་གི་རྒྱ་མ་རྒྱ་ཚད་མི་འདང་བའི་གནས་ཚུལ་ལ་དམིགས་ནས། ས་གནས་དེ་གའི་ཚེས་2ཉིན་བརྡ་ཁྱབ་བཏང་ནས། ཚད་མཐོའི་དངུལ་ཆད་གཅོད་པ་དང་འབྲེལ་ཚོང་ཁང་དེ་ཚབས་ཆེའི་ཁྲིམས་འགལ་དང་ཡིད་རྟོན་ཤོར་པའི་མིང་ཐོའི་ནང་འཇུག་རྩིས་ཡོད་པ་རེད།

04.jpg

  • པེ་ཅིང་གི་ས་འོག་ལྕགས་ལམ་ས་ཚིགས་སུ་འགྲུལ་པ་ཞིག་གློ་བུར་དུ་དབང་བོ་ཤོར་བ་དང་། འགྲུལ་པའི་ཁྲོད་ཀྱི་སྨན་དོན་མི་སྣ་གསུམ་དང་ལས་རེས་ས་ཚིགས་དཔོན་ཀའོ་ཤིན་ཡུས་བཅས་ཀྱིས་མྱུར་དུ་འགྱེལ་སོང་བའི་འགྲུལ་པར་གློ་སྙིང་སླར་གསོ་བྱས་ཤིང་། དུས་ཐོག་ཏུ་མྱུར་སྐྱོབ་ཐོབ་པས་འགྲུལ་པ་དེ་སྲོག་ཉེན་ལས་ཐར།

སྲིད་ཇུས།

  • ཟླ6ཚེས1ཉིན་ནས་བཟུང་། ཧྲང་ཧའེ་གྲོང་ཁྱེར་གྱི་ལས་བཟོ་པས་ཅང་སུའུ་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་ནམ་ཨན་ཧུའེ་ཞིང་ཆེན་དུ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྤྱད་དེ་ཁང་པ་ཉོས་པ་དང་འབྲེལ་ཡོད་ཆ་རྐྱེན་འཛོམས་ཚེ་ཧྲང་ཧའེ་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲའི་ལྷག་གྲངས་བླངས་ནས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་ཆོག

  • ཧྲའན་ཞི་ཡིས་སྲིད་ཇུས་བཏོན་ནས་ཞང་གྲོང་འཕྲོད་བསྟེན་ཁང་གི་གདན་ཞུའི་མི་སྣའི་སློབ་རྒྱུས་ཆ་རྐྱེན་དེ་ཆེད་ཚན་ཡན་དང་ལོ་ཚད་ཀྱི་ཆ་རྐྱེན་ལོ་40(ཚུད་པ)ནང་ཚུན་དུ་ལྷུག་ཏུ་བཏང་བ་དང་། ཚོད་ལྟའི་དུས་ཡུན་ཐིམ་རྗེས་དཔྱད་ཞིབ་ཚད་ལོན་བྱེད་ཐེངས་གཅིག་གི་ཁ་གསབ་གཞིས་ཆགས་འགྲོ་གྲོན་སྒོར་ཁྲི་3སྤྲོད་རྒྱུ།

  • ཅང་སུའུ་སུའུ་ཀྲོའུ་ཡིས་ཡིག་ཆ་བཀྲམ་ནས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཁང་པ་ཉོ་བའི་ཐོབ་ཐང་ལ་ཞིབ་བཤེར་མི་བྱེད་པ་དང་། གྲོང་ཁྱེར་དེ་གར་ཁྲིམས་མཐུན་གྱི་བདག་དབང་སྡོད་ཁང་ཉོས་པའམ་ཡང་ན་དངོས་སུ་སྡོད་པའི་སུའུ་ཀྲོའུ་ཡི་ཐེམ་ཐོ་མིན་པའི་མི་སྣས་ཐེམ་ཐོ་གཞིས་ཆགས་པ་རེ་ཞུ་བྱས་ཆོག

དེ་རིང་གི་གནམ་གཤིས།

05.jpg

  • ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད་དང་། ཀོང་ཞིའི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།