དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》ཀྱི་གློག་རྡུལ་པར་གཞི་འགྲེམས་སྤེལ་བྱས།

2024-06-03 16:04:50   |   1442

 རྩོམ་སྒྲིག   མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།  རིན་ཆེན་ཚེ་རིང་།


《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པའི་ནང་ཁུལ་གྱི་དཔེ་དེབ་ཅིག་ཡིན་ལ། སྲིད་གཞུང་སྤྱི་བསྒྲགས་ཀྱི་འགན་ནུས་སྒྲུབ་ཀྱིན་ཡོད། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་འོག  《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》ཀྱི་བོད་ཡིག་པར་གཞི་དེ2022ལོ་ནས་བཟུང་དངོས་སུ་དཔར་འགྲེམས་བྱེད་མགོ་བརྩམས་ཤིང་། ད་ལྟའི་བར་ཁྱོན་སྡོམ་དཔེ་དེབ9པར་སྐྲུན་བྱས་ཏེ་ཁུལ་ཡོངས་ཀྱི་རྫོང་དང་ཡུལ་ཚོ། སློབ་གྲྭ། དགོན་པ་སོགས་གཞི་རིམ་མང་ཚོགས་ལ་རིན་མེད་གཟིགས་འབུལ་བྱས། དེ་ཡིས་རྒྱ་ཡིག་རྒྱ་སྐད་མི་ཤེས་པའི་གཞི་རིམ་མང་ཚོགས་ཀྱིས་སྲིད་གཞུང་གི་ཡིག་ཆ་ཀློག་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ་ལ་རྒྱུས་ལོན་བྱེད་པར་མཐུན་རྐྱེན་བསྐྲུན་པ་མ་ཟད།  སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

微信图片_20240603160224.jpg

སླད་ཕྱིན།  མཚོ་བྱང་གི་རིགས་སོ་སོའི་ཡུལ་མི་སྤུན་ཟླ་རྣམས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་མགོ་ཁྲིད་འོག མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་བཅིངས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ཁག་གི་འགྲོ་སྤེལ་འདྲིས་གསུམ་ལ་ཤུགས་སྣོན་བྱེད་ཆེད། ང་ཚོས《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》ཀྱི་གློག་རྡུལ་པར་གཞི་བཟོས་ནས་གཞི་རིམ་མང་ཚོགས་ཀྱིས་ལྟ་ཀློག་བྱེད་པར་སྟབས་བདེ་བཟོས་ཡོད།  རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་སྐད་འཕྲིན་གྱི་བཤེར་ཆས་སྤྱད་ནས་གཤམ་གྱི་རྩ་གཉིས་ཨང་རིས་བཤེར་ན།《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》ལ་ལྟ་ཀློག་བྱེད་ཐུབ། རྗེས་ཕྱོགས་སུ《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》ཀྱི་གློག་རྡུལ་པར་གཞི་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་ཐེམ་སྒོ་དྲ་ཚིགས་སུ་འཇོག་རྒྱུ་ཡིན་པས་ཀུན་གྱིས་ཐུགས་འཇགས་འཚལ།

微信图片_20240603112817.jpg


མཉམ་སྤྱོད།