དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-04 07:29:00   |   1279

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གོའི་བཟོ་སྐྲུན་ཁང་བཙུགས་ནས་ལོ་འཁོར30ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྟེན་འབྲེལ་ཞུས་པ་དང་། བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་འཚམས་འདྲི་གནང་།

  • ནོར་སྲིད་པུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། ཀྲུང་དབྱང་ནོར་སྲིད་ཀྱིས“བྱང་གསུམ”ལས་གཞིའི་ཁ་གསབ་མ་དངུལ་འཛུགས་རྒྱུ་གསལ་བོར་བཏོན།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་3ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་5པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་51.8%ཡིན་པ་དང་། མུ་མཐུད་རྒྱ་སྐྱེད་ཀྱི་བར་མཚམས་སུ་གནས་ཡོད།

  • ཉེ་ཆར། ནོར་སྲིད་པུས་བཏང་བའི་2024ལོའི་ནོར་སྲིད་ཀྱི་སྐྱེད་གསབ་དང་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་60བརྒལ་བ་དང་། མ་དངུལ་དེ2024ལོའི་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་ཐད་ལ་སྔོན་སྤྲོད་བྱ་རྒྱུར་སྤྱོད་རྒྱུ་རེད།

  • ཉེ་ཆར། རང་རྒྱལ་གྱི་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྱི་བྱེ་ཐང་གི་འོད་ཤུགས་རྣམ་གྲངས་ཏེ། ཝུའུ་ལུའུ་མུའུ་ཆིའི་སྨི་ཏུང་སྟོང་ཝ་ཁྲི་350ཅན་གྱི་འོད་ཤུགས་རྣམ་གྲངས་དེ་དྲ་སྦྲེལ་ལེགས་གྲུབ་བྱུང་ཡོད་ལ། རྣམ་གྲངས་འཁོར་སྐྱོད་བྱས་རྗེས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་600ལྷག་ཙམ་ཉུང་དུ་འགྲོ་ཐུབ།

01.jpg

  • ཚེས3ཉིན། རང་རྒྱལ་གྱིས་མཚོ་འཕགས་མཐོ་ཤོས་ཀྱི་སྤེལ་རེས་མཐོ་གནོན་ལས་གྲྭ་སྐྲུན་བཞིན་ཡོད་པ་དང་། མཚོ་འཕགས་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་སི་ཁྲོན་གྱི་ཀྲི་ཏོ་རི་བོའི(折多山)སྒྲོམ་གཞི་ལེགས་གྲུབ་བྱུང་ཡོད། ལས་གྲྭ་འདི་སྔོན་དཔག་བྱས་ན་སང་ལོར་ཚང་མ་འཁོར་སྐྱོད་ཐུབ་རྒྱུ་རེད།

  • ཚེས3ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་བསྟན་དོན། ཞང་ཀང་གི་ལས་དོན་དེ་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་རུང་ཞེས་བཤད། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་དབྱང་སྲིད་གཞུང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་ལ་ཐོངས་མཆན་གྱི་ཚོད་འཛིན་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད།

  • ཉེ་དུས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མྱུལ་ཞིབ་ནན་པོ་བྱས་པ་བརྒྱུད་དབྱིན་ཇིའི་གསང་བའི་གསང་འཕྲིན་ཅུས(MI6)རང་རྒྱལ་གྱི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཝང་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ་བཟའ་ཟླ་གཉིས་བཅས་ངོ་ལོག་ཏུ་འཇུག་པའི་གསང་མྱུལ་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད།

  • མར་ཏི་ཝེའི་སྲིད་གཞུང་གིས་དབྱི་སི་རལ་གྱི་སྤྱི་དམངས་རྒྱལ་ཁོངས་སུ་ཡོང་བ་གཏན་འགོག་བྱས།

སྤྱི་ཚོགས།

  • ཉེ་དུས། ཀོང་ཞི་དང་ཀོང་ཏུང་སོགས་སུ་ཆར་ཆེན་འབབ་རྒྱུ་ཡིན་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཚེས་3ཉིན་གྱི་ཆུ་ཚོད་15ཐོག་འབྲུབ་འགོག་རིམ་པ་བཞི་པའི་མཁོ་བསྟུན་དང་ལེན་བྱེད་འགོ་བཙུགས་པ་དང་འབྲེལ་ལས་དོན་ཚན་སྐོར་ཀོང་ཞི་རུ་མངགས་ནས་འབྲུབ་འགོག་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་དུ་བཅུག

  • ཉེ་ཆར། སྤྱི་བདེ་པུས“སྲང་ལམ་ན་རླངས་འཁོར་རྒྱུག་འགྲན་བྱེད་པའི”ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱས་པའི་དཔེ་མཚོན་གྱོད་གཞི་10ཡོངས་བསྒྲགས་བྱས་པ་རེད།

  • ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་ལ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ནང་སོག་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་ཝང་པོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་། ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས3ཉིན། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རིན་ཧྥུའུ་ཀྲུང་ཝུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཧྥུའུ་ཀྲུང་ཝུའེ་ལ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བྱ་རྒྱུའི་ཁྲིམས་ཐག་བཅད།

02.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས་8ཉིན་རྒྱལ་ཁབ་ཀྱི་ནོར་མཛོད(启蒙奠基)གསེར་དངུལ་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུ་གཏན་འཁེལ་བྱས།

  • ས་གནས་དེ་གའི་དུས་ཚོད་ཚེས3ཉིན། རྒྱལ་སྤྱིའི་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད། ཀྲུང་གོའི་བདམས་ཐོན་པ་ཧྲེང་ལི་ཧའོ་ཡིས་སྐྱེས་པའི་སྨི་10ཡི་གནོན་མདའི་རྟིང་རྩོལ་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་མ་ཟད་རྣམ་གྲངས་དེའི་རྟིང་རྩོལ་འགྲན་བསྡུར་གྱི་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད།

03.jpg

  • ཉེ་ཆར། ཧེ་ལུང་ཅང་ཀུང་པེ་ལ་གཙང་པོའི(公别拉河)རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་གཟི་བྱིའུ་བྲང་སེར(黄胸鹀)མཐོང་།

སྲིད་ཇུས།

  • ཧོ་ནན་གྱིས་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་ཚད་སྒོར་ཁྲི་30བར་མཐོ་རུ་བཏང་བ་དང་། ཁེ་ལས་ཆུང་ཕྲན་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་ཚད་སྒོར་ཁྲི་400བར་མཐོ་རུ་བཏང་ཡོད།

  • ཅང་སུའུ་ཡིས་ས་གནས་ཁག་གིས་གསར་དུ་གསར་སྤེལ་བྱས་པའི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་10%ལས་མི་དམའ་བའི་བསྡུར་ཚད་ལྟར་དབང་པོ་སྐྱོན་ཅན་སྔོན་ལ་ལས་ཞུགས་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཧུའུ་ནན་གྱིས་ཁྲོམ་གཞུང་དུ་ཚང་མ་བཅོལ་བ་དང་། ཉིན་རེར་བཅོལ་བ། རྒན་པའི་རོགས་སྐྱོར་གསོལ་ཚིགས། སྒོ་རྩར་ཞབས་ཞུ་སོགས་ཀྱི་ནུས་པ་ལྡན་པའི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་ལྟེ་གནས་བཀོད་སྒྲིག་བྱེད་དགོས་པ་གཏན་འབེབས་བྱས་ཡོད།

དེ་རིང་གི་གནམ་གཤིས།

04.jpg

  • ནང་སོག་གི་ཧོ་ཐའོ(河套)ས་ཁུལ་དང་། ཉིང་ཞའི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། ཧེ་ལུང་ཅང་གི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཅང་ཞིའི་ལྷོ་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཆ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆར་ཆེན་འབབ་ཀྱི་རེད། དེའི་ནང་ཀོང་ཞིའི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།