མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ06ཚེས14ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་ཧྲན་ཏུང་དུ་སྡོད་པའི་འབྲེལ་གཏུག་ཁྲུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་ཧྲན་ཏུང་ཅི་ནན་དུ་སྤེལ།

2024-06-04 09:57:50   |   1233

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས2ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧྲན་ཏུང་དུ་སྡོད་པའི་འབྲེལ་གཏུག་ཁྲུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་ཧྲན་ཏུང་ཅི་ནན་གྲོང་ཁྱེར་ཧྲུན་ཐའེ་ཐང་ཆེན་དུ་སྤེལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཛད་སྒོར་ཞུགས་ནས་མཉམ་དུ་འབྲེལ་གཏུག་ཁྲུའུ་ཡི་སྒོ་བྱང་བཀལ། ཧྲན་ཏུང་ཞིང་ཆེན་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ཆིའུ་ཧྲིང་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་མཛད་སྒོར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་མཛད་སྒོར་གཙོ་སྐྱོང་གནང་།

1.jpg

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧྲན་ཏུང་དུ་སྡོད་པའི་འབྲེལ་གཏུག་ཁྲུའུ་བཙུགས་པ་ནི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་གསར་གཏོད་བྱེད་ཐབས་ཤིག་དང་། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་འཚོལ་ཞིབ་ཅིག་ཡིན་ལ། མཚོ་བྱང་ཁུལ་གྱིས་ཚོང་འགུགས་མ་འདྲེན་དང་། ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཏན་ཏིག་ཅིག་ཀྱང་ཡིན། འབྲེལ་གཏུག་ཁྲུའུ་བརྒྱུད་ཁ་གཏད་རོགས་སྐྱོར་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཧྲན་ཏུང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་དང་ཚོང་འགུགས་མ་འདྲེན། རིག་གནས་གནས་སྐོར། གསར་བརྗེ་ཉམས་ཞིབ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་བ་ཧྲན་ཏུང་དུ་བསྐྱལ་ནས་ཤེས་ལྡན་པ་དང་ཚོང་མགྲོན་དེ་བས་མང་བ་ཞིག་གིས་མཚོ་བྱང་ལ་དོ་ཁུར་དང་མཚོ་བྱང་དུ་བསྐྱོད་པ། མཚོ་བྱང་ལ་མ་འཇོག་བཅས་བྱ་རྒྱུའི་ཡིད་དབང་འགུགས་དགོས་ཟེར།

2.jpg

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་འབྲེལ་གཏུག་ཁྲུའུ་ཡི་ས་ཆ་འདེམས་པ་དང་སྒྲིག་གཞི་བཀོད་སྒྲིག བྱ་བའི་འགན་འཁྲི་སོགས་ཀྱི་གཞི་རྩའི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་ཞིང་འབྲེལ་གཏུག་ཁྲུའུ་ཡི་གཞུང་ལས་ཁང་དུ་བསྐྱོད་ནས་ཡུལ་དངོས་སུ་བརྟག་ཞིབ་མཛུབ་ཁྲིད་བྱས་པ་དང་། ལྟ་སྐོར་བྱེད་རིང་མཚོ་སྔོན་ཧྲན་ཏུང་ཚོང་ཚོགས་ཁེ་ལས་ཀྱི་འཐུས་མི་དང་ཡུལ་དངོས་སུ་བཞུགས་མོལ་གནང་། ཤ་བོ་སྐྱབས་ཀྱིས་ཚོགས་ཞུགས་ཁེ་ལས་པར་མཚོ་བྱང་ཁུལ་གྱི་གནས་ཚུལ་ངོ་སྤྲོད་གནང་སྟེ་བསྟན་དོན། ཉེ་བའི་ལོ་ཤས་རིང་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། རྒྱ་ཆེའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་དཀའ་སྤྱད་འབད་འཐབ་འོག་ཧྲན་ཏུང་གི་ཁེ་ལས་འབོར་ཆེན་ཞིག་མཚོ་བྱང་དུ་གཞི་ཚུགས་པ་དང་འབྲས་བུ་སྨིན་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོར་འཕེལ་རྒྱས་གསར་པ་དང་ཡར་རྒྱས་གསར་པ་བྱུང་ཡོད་ལ། ལྷག་བསམ་ཟོལ་མེད་ངང་ཁེ་ལས་པ་རྣམ་པ་མཚོ་བྱང་དུ་མ་འཇོག་ལས་སྤེལ་བྱེད་པར་གདན་འདྲེན་ཞུས་ཏེ་ནན་གྱིས་བསྟན་དོན། འབྲེལ་གཏུག་ཁྲུའུ་ཡི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཚོང་འགུགས་མ་འདྲེན་དང་། ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱ་རྒྱུར་ཤུགས་བསྣན་ནས་འབྲེལ་གཏུག་དང་ཞབས་ཞུའི་མཐུན་སྦྱོར་བྱ་བ་ཡག་པོ་བསྒྲུབས་ཏེ་ས་གནས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཡངས་པའི་གར་སྟེགས་བཏོད་དེ་ཕྱོགས་གཉིས་པོའི་མཉམ་ལས་བརྗེ་རེས་དེ་སྔར་ལས་ཆུ་ཚད་མཐོ་བ་དང་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ། རིམ་པ་དེ་བས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ཟེར། ཁེ་ལས་པ་རྣམས་ཀྱིས་མཚོ་བྱང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཁ་གཏད་རོགས་སྐྱོར་ལས་སྟེགས་ལ་བརྟེན་ནས་མཉམ་ལས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཞི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་ལ་ཁེ་ཕན་ཐོབ་པ་དང་མཉམ་ལས་མཉམ་རྒྱལ་ཡོང་བར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

མཚོ་བྱང་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་ཁོངས་མི་དང་། ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན། ཧྲན་ཏུང་ཞིང་ཆེན་གྱི་ཐེངས་ལྔ་པའི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མི། མཚོ་སྔོན་ཧྲན་ཏུང་ཚོང་ཚོགས་ཀྱི་འཐུས་མི། ཀྲུང་གོའི་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཀྱི་འཐུས་མི། ཅི་ནན་ས་གནས་ཀྱི་འབྲེལ་ཡོད་ཁེ་ལས་འཐུས་མི། འབྲེལ་གཏུག་ཁྲུའུ་ཡི་འབྲེལ་ཡོད་ལས་སྒྲུབ་པ་སོགས་མི་སྣ100ལྷག་བྱེད་སྒོར་ཞུགས།


མཉམ་སྤྱོད།