དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

«བོད་ཀྱི་དམངས་ཁྲོད་རྩོམ་རིག་ཀུན་བཏུས»དཔེ་ཚོགས་འགྲེམ་སྤེལ་བྱས།

2024-06-04 10:10:01   |   2756

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་བོད་ཡིག་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


«བོད་ཀྱི་དམངས་ཁྲོད་རྩོམ་རིག་ཀུན་བཏུས»དཔེ་ཚོགས་ཀྱི་མཇུག་མཐའི་ཁག2023ལོའི་ལོ་མཇུག་ཏུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ཐེངས་འདིའི་དཔེ་ཚོགས་ནི“རྒྱལ་ཁབ་མི་རིགས་ཡི་གེ་པར་སྐྲུན་མ་དངུལ་རོགས་སྐྱོར་ལས་གཞི”ཞིག་ཡིན། དེར«གཏམ་དཔེ་ཀུན་བཏུས»དང«དམངས་གླུ་ཀུན་བཏུས» «བསྟོད་བཤད་ཀུན་བཏུས» «བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀུན་བཏུས»པོད་དང་པོ་དང«བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀུན་བཏུས»པོད་གཉིས་པ། «བོད་ཀྱི་ལོ་ཆུང་བྱིས་པའི་གླུ་གཞས་ཀུན་བཏུས»བཅས་ཁྱོན་བསྡོམས་པོད་དྲུག་གིས་གྲུབ་ཡོད།

图片1.png

 «བོད་ཀྱི་དམངས་ཁྲོད་རྩོམ་རིག་ཀུན་བཏུས»ནི་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་ལས་འཁྱུར་ངལ་གསོ་ལས་བྱེད་པ། རྩོམ་སྒྲིག་ཁང་གི་དེ་སྔའི་ཀྲུའུ་རེན། མཚོ་སྔོན་གྱི་བོད་ཀྱི་མཁས་པ་གྲགས་ཅན་བཀའ་མ་མཁའ་འབུམ་ལགས་ཀྱིས་གཙོ་སྒྲིག་བྱས་པ་ཡིན། 

图片2.png

གསར་དུ་པར་བའི«བོད་ཀྱི་དམངས་ཁྲོད་རྩོམ་རིག་ཀུན་བཏུས»དཔེ་ཚོགས།

图片3.png

«བོད་ཀྱི་དམངས་ཁྲོད་རྩོམ་རིག་ཀུན་བཏུས»དཔེ་ཚོགས་ཀྱི་དེབ་ཆ་ཚང་།


མཉམ་སྤྱོད།