དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-05 07:24:12   |   2439

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཞིན་པའོ་མུའུ(辛鲍姆)ལ་རྟེན་འབྲེལ་གློག་འཕྲིན་བཏང་།

  • ཞི་ཅིན་ཕིང་གིས་འཁྱགས་གླིང(冰岛)གི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐུའོ་མ་སི་ཏུའོ་ཏིར(托马斯多蒂尔)ལ་རྟེན་འབྲེལ་གློག་འཕྲིན་བཏང་།

01.jpg

  • ཁྲང་ཨི་ཨང་རྟགས་དྲུག་པས(嫦娥六号)འཛམ་གླིང་ཐོག་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་སུ་དཔེ་དབྱིབས་འཚོལ་བ་དང་འཕུར་བ་ལེགས་འགྲུབ་བྱུང་བ་དང་། སྐར་ལྔའི་དར་དམར་ཟླ་བའི་རྒྱབ་ཕྱོགས་སུ་ཡར་བསྒྲེངས་ཐུབ་བྱུང་།

02.jpg

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུ་ཡིས་ཁྲང་ཨི་ཨང་རྟགས་དྲུག་པའི་ཐང་འབབ་འཕྲུལ་ཆས་ཟླ་བའི་གོ་ལའི་རྒྱབ་ངོས་སུ་འབབ་པའི་རྣམ་པ་བརྙན་བླངས་པའི་མུ་འབྲེལ་བརྙན་རིས་ཁྱབ་བསྒྲགས་བྱས།

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱེད་འགོ་བཙུགས་ཏེ། སྤྱི་ཚོགས་འགན་བཅོལ་གྱི་འགན་བཅོལ་རིགས་ཁག་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བ་དང་ཐོབ་ཐང་ལོངས་སྤྱོད་བྱེད་པའི་གཞི་རྩའི་གནས་ཚུལ་སོགས་ཕྱོགས་དྲུག་གི་ནང་དོན་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་བཞིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་རྒྱལ་གྱི་སྐོར་དང་པོའི་མཉམ་འབྲེལ་སྒྲིག་གཞི་ཁག་9གཏན་འཁེལ་བྱས་ནས། པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་བདུན་དུ་རིག་ནུས་དྲ་སྦྲེལ་རླངས་འཁོར་འཇུག་འཐུས་དང་ལམ་དུ་ཤར་གཏོང་ཚོད་ལྟ་བྱ་རྒྱུ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་ནས། གྲོང་ཁྱེར་སྨན་ཁང་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ལ་རོགས་སྐྱོར་བྱེད་པ་དང་། རྫོང་དང་གྲོང་གསེབ་ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་ནས་གྲོང་ཁྱེར་གྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་།

  • ཡོ་རོབ་མནའ་འབྲེལ་གྱི་དཔོན་པོས་ཡོ་རོབ་ཕྱོགས་ཀྱིས་ཨ་རི་དང་མཉམ་དུ་ཀྲུང་གོར་སྒོ་ཁྲལ་བསྡུ་མི་སྲིད་ཅེས་བཤད་པ་དང་། རང་རྒྱལ་ཕྱི་འབྲེལ་པུས་སྲུང་སྐྱོང་རིང་ལུགས་ལ་མདུན་ལམ་མེད། སྒོ་དབྱེ་མཉམ་ལས་བྱེད་པ་ཡང་དག་ལམ་ཡིན་ཅེས་ལན་བཏབ།

  • ཁོ་རེ་ཡ་ཡིས་ཧན་ཁྲའོ(韩朝)ཡི་《9·19དམག་དོན་གྲོས་མཐུན》གྱི་ནུས་པ་ཚང་མ་མཚམས་བཞག་པ་དང་། ཁོ་རེ་ཡ་དམག་དཔུང་གིས་ཧན་ཁྲའོ་དམག་དོན་གྱི་དབྱེ་མཚམས་དང་ནུབ་བྱང་གླིང་ཕྲན་རྒྱུད་ཀྱི་དམག་དོན་བྱེད་སྒོ་ཡོད་ཚད་སླར་གསོ་བྱས།

  • འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། གནམ་གཤིས་ངན་པ་ཐོན་དུ་འཇུག་པའི་ཨེར་ཉི་ནུའོ་སྣང་ཚུལ(厄尔尼诺现象)དེ་ཉམས་ཞན་དུ་འགྲོ་རྒྱུ་དང་། ལ་ཉི་ན་སྣང་ཚུལ(拉尼娜现象)ཡང་བསྐྱར་བྱུང་རྒྱུ་དང་ཡང་ན་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་རྒྱུ་རེད།

སྤྱི་ཚོགས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ལྔ་པའི་ཚེས་ལྔའི་དུས་ཆེན་གོང་གི་ཙུང་ཙི(粽子)བཟའ་བཅའི་བདེ་འཇགས་ལ་ཆེད་དོན་འཐེན་བཤེར་བྱས་པའི་མཇུག་འབྲས་ལ་བལྟས་ན་བདེ་འཇགས་ཀྱི་གནས་ཚུལ་ཡག་པོ་ཡོད་པ་མངོན་ཡོད།

  • སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས4པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི་1.68གསར་དུ་ལས་གྲྭ་བཙུགས་ནས་སྒྱུར་བཀོད་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རྒྱང་སྒྲིབ(近视)འགོག་བཅོས་ཕྱོགས་སྟོན་གསར་པ་ཁྱབ་བསྒྲགས་བྱས་ནས། རྒྱང་སྒྲིབ་ཀྱི་འཕེལ་རིམ་མྱུར་ཚད་ཚོད་འཛིན་དང་ཉེ་མཐོང་གྲངས་འབོར་འཕར་ཚད་མགྱོགས་དྲགས་པ་མི་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

  • ཟླ6ཚེས15ཉིན་ནས་བཟུང་། པེ་ཅིང་ནས་ཞང་ཀང་། ཧྲང་ཧའེ་ནས་ཞང་ཀང་བར་དུ་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་གཏོང་རྒྱུ་དང་། འབྲེལ་ཡོད་མེ་འཁོར་པ་སེ་དེ་རིང་ཆུ་ཚོད་12སྟེང་ནས་བཙོང་མགོ་རྩོམ་རྒྱུ་རེད།

03.jpg

  • ཨེ་ཤེ་ཡའི་འཕྲུལ་མཛོད་ཆེ་ཤོས་དེ་ཧྲང་ཧའེ་ཡི་དབྱང་ཧྲན་དུ་སྐྲུན་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་2026ལོའི་ལོ་སྟོད་དུ་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱ་རྒྱུ་དང་། སྐབས་དེ་དུས་ཞེང་ཆེ་བའི་འཕྲུལ་འཁོར་9དུས་གཅིག་ཏུ་ཉམས་གསོ་བྱེད་ཐུབ་རྒྱུ་རེད།

  • ཧྲན་ཏུང་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ཐོན་ཁུངས་ཨུ་ལྷན་གྱི་དེ་སྔའི་པུ་ཀྲང་གཞོན་པ་རིམ་པའི་ལས་བྱེད་པ་ལུའོ་ཡུས་ལིན་གྱིས་ལྐོག་རྔན་བླངས་པ་དང་ནང་ཁུལ་གནས་ཚུལ་ཉོ་ཚོང་གི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཉེ་དུས། སྒྲིག་གཞིའམ་ཡང་ན་མི་སྒེར་གྱིས་དམངས་སྲིད་པུའི་རྒན་པའི་ལས་དོན་སི་ཡིན་ཁུལ་བྱས་ནས་དེའི་མིང་ཐོག་ནས་སྒྲིག་ཁོངས་ཕྱིའི་ལས་དོན་མི་སྣ་གདན་ཞུ་བྱེད་བཞིན་པ་དང་། དམངས་སྲིད་པུའི་རྒན་པའི་ལས་དོན་སི་ཡིས་སྤྱི་དམངས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བཏང་།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྐྱེ་དངོས་ལ་ལད་ཟློས་བྱེད་པའི་རྩ་གསུམ་སྒྲོམ་གཞི་ལྡན་པའི་གློག་རྡུལ་སྐྱི་ལྤགས་ཐོག་དང་པོ་ཞིབ་བཟོ་བྱས་པ་དེར་བཟོ་ལས་འཕྲུལ་མི་དང་། སྐྱེ་དངོས་སྨན་བཅོས། མི་དང་འཕྲུལ་ཆས་སྤེལ་རེས་སོགས་ཕྱོགས་མང་པོའི་ཐད་བེད་སྤྱོད་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད།

04.jpg

  • གནའ་རྫས་རྟོག་ཞིབ་མི་སྣས་ཅན་ཁུག་ལྕགས་རི་རིང་པོའི(箭扣长城)དོགས་ཟོན་སྟེགས་བུ་ཨང་120པ་ནས་མིང་རྒྱལ་རབས་ཀྱི་ཝན་ལི་ལོའི་ཟངས་སྒོར་སྔོག་འདོན་བྱས་ཤིང་། དེ་ནི་ལྕགས་རི་རིང་པོའི་ཐོག་ཐེངས་དང་པོར་བྱུང་བའི་མཐའ་མཚམས་སྲུང་བའི་དཔོན་དམག་གི་སྒོར་མོ་རེད།

  • ཀོང་ཀྲོའུ་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་སྡེ་ཚན་གྱིས་སྐུར་སྐྱེལ་ཐབས་ལམ་སྤྱད་དེ་ཚོང་ཟོག་དཀྱུས་མ་ལྐོག་ཚོང་བརྒྱབ་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཐ་མག་(雪茄)དང་། ཕྱི་རྒྱལ་ཨ་རག བྱུག་རྫས་སོགས་ཚོང་ཟོག་ལྐོག་འདྲེན་བྱེད་པ་སྔོག་བཤེར་བྱས་ཤིང་། གྱོད་འབྲེལ་རིན་ཐང་སྒོར་ཁྲི་4000ཙམ་ཟིན་ཡོད།

སྲིད་ཇུས།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་གསུམ་གྱིས་རླངས་འཁོར་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་ནུས་རྒྱུ་གྲོན་ཆུང་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་རྫས་ཀྱི་ལག་རྩལ་བླང་བྱ་ལེགས་སྒྲིག་བྱས་ཤིང་། གཏན་འབེབས་གསར་པ་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • པེ་ཅིང་གིས་སློབ་ལོ་རན་པའི་བུད་མེད་ཀྱི“འབྲས་སྐྲན་གཉིས”ཀྱི་རིན་མེད་བརྟག་དཔྱད་ལས་དོན་ལེགས་སུ་བཏང་ནས་ཞབས་ཞུ་ཁྱབ་པའི་མི་ཚོགས་དེ་སྔའི་ཐེམ་ཐོའི་མི་འབོར་ནས་རྒྱུན་སྡོད་མི་འབོར་དུ་ལེགས་སྒྲིག་བྱ་རྒྱུ།

  • ཀྲེ་ཅང་གིས་ལག་བསྟར་བསམ་འཆར་བཏོན་ནས་ས་གནས་ཁག་གིས་འགྲིམ་འགྲུལ་ལྟེ་གནས་དང་ཚོང་ར་གཙོ་གནད་སོགས་སུ་ཕྱི་དངུལ་བརྗེ་རེས་སྒྲིག་གཞི་འཛུགས་རྒྱུར་སྐུལ་ལྕག་བཏང་བ་མ་ཟད། བོགས་དངུལ་ངེས་ཅན་ཞིག་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ནང་སོག་གི་དབུས་རྒྱུད། ཅང་ཞིའི་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ཡུན་ནན་གྱི་ཤར་ལྷོ་རྒྱུད་དང་། ཀོང་ཏུང་གི་ཤར་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།