དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་བདེ་འཇགས་འབྲུབ་འགོག་རྨང་གཞི་བརྟན་པོར་བསྐྲུན།

2024-06-04 15:11:51   |   2374

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་ཐན་འགོག་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འབྲུབ་ཆུ་ཆེན་པོ་སྔོན་འགོག་དང་། ཆུ་ལོག་ཆེན་པོ་འགོག་པ། ཉེན་ཁ་ཆེན་པོ་མྱུར་སེལ། གནོད་འཚེ་ཆེན་པོ་མྱུར་སྐྱོབ་བཅས་ལ་གཞི་ཚུགས་ཏེ་འཕྲལ་སྡོམ་འགན་ལེན་གྲ་སྒྲིག་སྔ་སྣུར་དུ་ཡག་པོ་བྱས་ནས་གནོད་འགོག་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ལ། འབྲུབ་འགོག་ཐན་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པོར་བསྒྲུབས།

“སྔོན་འགོག”སྔོན་ལ་བྱས་ཏེ་འབྲུབ་འགོག་ཐན་འགོག་གི“མིག་མངས་དང་པོ”ལེགས་པོར་བཏབ། རྫོང་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་གི་འཕྲལ་སྡོམ་ཇུས་གཞི་དང་དེ་བཞིན་ཡུལ་གྲོང7དང་སྲིད་འཛིན་སྡེ་བ45ཡི་ཆུ་ལོག་གནོད་འཚེ་སྔོན་འགོག་གི་ཇུས་གཞིར་བཟོ་བཅོས་བརྒྱབ། རྫོང་ཁོངས་སུ་ཐོ་འགོད་བྱས་པའི་ས་གཤིས་གནོད་འཚེའི་བྱུར་རྐྱེན་གནས73ལ“མ་ལུས་ཡོངས་ཁྱབ”ཀྱི་སྐོར་ཞིབ་གྲལ་བཤེར་བྱས་ཤིང་། རིགས་དབྱེ་ནས་གྲལ་བཤེར་རྩིས་ཁྲ་བཟོས་པ་དང་ས་གཤིས་གནོད་འཚེའི་བྱུར་རྐྱེན་གནས16ཏུ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་སྒྲིག་ཆས123སྒྲིག་སྦྱོར་བྱས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་དུས་གཅིག་ཏུ་ཆུ་ཚོད24ཡི་ཉེན་ཟོན་སྔོན་བརྡའི་ལྟ་ཞིབ་ཚད་ལེན་བྱས་ནས་ཉེན་ཟོན་ཆ་འཕྲིན་བསྡུ་ལེན་བྱས་ཚེ་ཆུ་ཚོད་ཕྱེད་ཀའི་ནང་ཐག་གཅོད་དང་གོང་ཞུ་བྱེད་ཐུབ་ཀྱི་ཡོད་པ་རེད། ཆུ་ལོག་གནོད་འཚེའི་ཉེན་ཟོན་ཉེན་བརྡའི་ལས་སྟེགས་དང་། ཆར་འབབ་ཚད་ལེན་ས་ཚིགས32 བརྙན་ལམ་ཆུ་དཔྱད་ས་ཚིགས4 ཉེན་ཟོན་སྒྲིག་ཆས82བཅས་ལ་ཕྱོགས་ཡོངས་ནས་ཉམས་གསོ་བྱས་ཤིང་། གནམ་གཤིས་ངན་པ་དང་ཉེན་ཁ་ཚབས་ཆེན་ཞིབ་འཇུག་བརྡར་གཅོད་ཀྱི་ཉེན་ཟོན་ཉེན་བརྡའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་ཉེན་ཟོན་ཆ་འཕྲིན་དེ་སྡེ་བ་དང་། ཁྱིམ་ཚང་། མི་བཅས་སུ་འབྱོར་རྒྱུའི་འགན་ལེན་བྱས་ཡོད། འཕྲལ་སྡོམ་སྡེ་ཚན་དང་གནམ་གཤིས་སྡེ་ཚན་དབར་སྒྲོམ་གཞིའི་མཉམ་ལས་གྲོས་མཐུན་བཞག་ནས་གནམ་གཤིས་འགྱུར་ལྡོག་གི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་གནམ་གཤིས་ཀྱི་གྲངས་ཐང་སྔོན་གཏོང་གྲུབ་འབྲས་དང་དུས་ཐོག་ཆར་བབས་ཆ་འཕྲིན་བརྒྱུད་གློག་ཞགས་རྒྱག་པ་དང་། ཐོག་རྒྱག་རླུང་ཆེན། དྲག་ཆར་འབབ་པ་སོགས་ཀྱི་ཉེན་ཟོན་དྲན་སྐུལ་ཆ་འཕྲིན་སྔ་སྣུར་དུ་ཁྱབ་བསྒྲགས་བྱེད་ཐུབ།

“གྲ་སྒྲིག”གཙོ་བོར་བཟུང་ནས་འབྲུབ་འགོག་ཐན་འགོག་གི“རང་འགུལ་དམག་འཐབ”ལེགས་པོར་བརྒྱབ། མ་དངུལ་སྒོར་ཁྲི50གཅིག་གྱུར་འཆར་འགོད་སྒོས་དམག་མི་རྐྱང་པའི་རོགས་སྐྱོབ་སྒྲིག་ཆས50དང་འཕྲལ་སྡོམ་རོགས་སྐྱོབ་རླངས་འཁོར1ཉོ་སྒྲུབ་བྱས་ཤིང་། ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་རྣམ་གྲངས་འཆར་འགོད་དང་ལག་བསྟར་ནན་ཏན་བྱས་པ། སྒོར་ཁྲི70ལ་ཉེ་བའི་འཕྲལ་སྡོམ་དངོས་ཟོག་ཉོ་སྒྲུབ་བྱས་པས་རྫོང་རིམ་པའི་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་གི་རིགས་དང་གྲངས་འབོར་སྔར་བས་ཇེ་མང་དུ་བཏང་ཡོད། དེ་དང་ཆབས་ཅིག མཁར་དམར་དང་མུ་རི་སོགས་ཡུལ་གྲོང6ཏུ་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ས་ཚིགས་བཙུགས་ནས་རྫོང་རིམ་པའི་འཕྲལ་སྡོམ་དངོས་ཟོག་མཛོད་ནས་རས་གུར་དང་། དམག་སྤྱོད་མལ་ཁྲི། སྲིང་བལ་གྱི་ལྭ་རིང་སོགས2600གཏོང་སྤྲོད་བྱས། མེ་ཟོན་དང་སྤྱི་བདེ། ཆུ་བེད་ལས་གྲྭ་སོགས་ལས་རིགས་ཀྱི་ཆེད་ལས་མི་སྣས་ཆེད་ལས་འབྲུབ་འགོག་ཉེན་སེལ་དཔུང་ཁག12བཙུགས་པ་དང་ཡུལ་གྲོང་ཁག་གི་རྐང་འཛིན་དམངས་དམག180ཡིས་ཕྱོགས་བསྡུས་ཉེན་སེལ་དཔུང་ཁག7བཙུགས་ཏེ་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་།

“དངོས་ཡོད”ལ་བརྟེན་ནས་འབྲུབ་འགོག་ཐན་འགོག་གི་སྤྱིའི་ཆུ་ཚད་མཐོ་རུ་བཏང་། ཡུལ་གྲོང་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་དམིགས་ཡུལ་ལྡན་པའི་སྒོ་ནས་འཕྲལ་སྡོམ་སྔོན་ཇུས་སྦྱོང་བརྡར་དང་འབྲུབ་འགོག་ཉེན་སྐྱོབ་གེགས་སེལ་གྱི་ཤེས་བྱ་གསོ་སྦྱོང་བྱས་ཏེ་ས་ཁོངས་ལས་བརྒལ་བ་དང་། སྡེ་ཚན་མང་པོ། རིགས་སྣ་ཚོགས་བཅས་ཀྱི་དང་ལེན་མཉམ་འགུལ་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བའི་མཛུབ་ཁྲིད་བྱས། “4·14”དང“5.12”གནོད་འགོག་གེགས་སེལ་དྲིལ་སྒྲོག་གཟའ་འཁོར་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དྲིལ་སྒྲོག་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ་དང་། “བྱང་བུ་གཉིས་དང་རེའུ་མིག་གཅིག”སྤྲད་དེ་ཆུ་ལོག་དང་ས་གཤིས་སོགས་ལས་འཛོལ་སྣ་ཚོགས་སྔོན་འགོག་གི་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་། དེ་དང་ཆབས་ཅིག གནོད་འགོག་གེགས་སེལ་གྱི་ཤེས་བྱ་སྡེ་བ་ཁག་གི་དྲ་མིག་ཁྱིམ་ཚང་དུ་བསྐྱོད་པའི་དྲིལ་སྒྲོག་ཁྱབ་ཁོངས་ནང་བཅུག་ནས་ཐབས་ལམ་མང་བོ་དང་། རྣམ་པ་མང་བ། ཕྱོགས་ཡོངས་བཅས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་ནས་རོང་འབྲོག་མང་ཚོགས་ཀྱི་གནོད་འགོག་གེགས་སེལ་དང་། འཕྲལ་སྡོམ་ཉེན་གཡོལ། རང་སྐྱོབ་གཞན་སྐྱོབ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་། ཡུལ་གྲོང་ཁག་དང་སྡེ་བ(སྡེ་ཁུལ)ཁག་གི་གནོད་འཚེའི་ཆ་འཕྲིན་པ་དང་འབྲེལ་ཡོད་ཚན་པ་ཁག་གི་ལས་སྒོའི་རྐང་འཛིན་པ་མི60ལྷག་ཙམ་སྒྲིག་འཛུགས་བྱས་ནས་གནོད་འགོག་གེགས་སེལ་གྱི་ཆེད་དོན་ཤེས་བྱའི་འཆད་ཁྲིད་སྤེལ་ཏེ་རྫོང་ཡོངས་ཀྱི་གནོད་འཚེའི་གནས་ཚུལ་ཆ་འཕྲིན་པའི་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་བཏང་།


མཉམ་སྤྱོད།