དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“བྱེད་ཐབས་གསུམ”གྱིས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

2024-06-04 15:33:55   |   957

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དམངས་འཚོ་ལས་དོན་ཕྱོགས་གཅིག་ནས་སྤྱི་ཁོག་གི་ཁྱོན་ཡོངས་དང་འབྲེལ་ཞིང་། ཕྱོགས་གཅིག་ནས་ཁྱིམ་ཚང་ཁྲི་སྟོང་གི་གློག་སྒྲོན་དང་འབྲེལ་ཡོད། ད་ལོ་ནས་བཟུང་མདའ་བཞི་རྫོང་གིས་དམངས་འཚོ་འགན་ལེན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས། རྫོང་ཧྲིལ་པོའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་རོང་འབྲོག་ཁུལ་གྱི་ས་ཁོངས་ཅན་གྱི་རྒན་གསོའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་རྒྱ་ཆེར་བཏང་སྟེ། རྒན་གསོའི་ཞབས་ཞུའི་སྤུས་ཚད་དང་མང་ཚོགས་ཀྱི་བདེ་སྐྱིད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

“འཛུགས་སྐྲུན”གྱི་བྱེད་ཐབས་སྤྱད་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་གོང་དུ་སྤེལ་བ། རྒན་གསོའི་སྒྲིག་གཞི་དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་གཉེར་སྐྱོང་གི་ཁ་གསབ་རོགས་དངུལ་དེ་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་མ་ཟད། འགན་སྲུང་འདང་ངེས་ཀྱང་བྱ་དགོས། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱིས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཁོར་སྐྱོད་དོན་འཁྱོལ་བྱེད་པའི་འགྲོ་གྲོན་སྒོར་ཁྲི158.7ཟིན་པ་དེའི་ནང་རྫོང་ཡོངས་ཀྱི་སྡེ་ཁུལ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་འཁོར་སྐྱོད་བྱེད་པའི་འགྲོ་གྲོན་སྒོར་ཁྲི24དང་། ཡུལ་ཚོ་དང་གྲོང་རྡལ་རིམ་པའི་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཀྱི་འགྲོ་གྲོན་སྒོར་ཁྲི18དང་། གྲོང་གསེབ་རོགས་རེས་བདེ་སྐྱིད་ཁང་གི་འགྲོ་གྲོན་སྒོར་ཁྲི28དང་། དམངས་ཕན་བསྒར་འཇུག་རྣམ་པའི་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཀྱི་འགྲོ་གྲོན་སྒོར་ཁྲི7དང་། ནུབ་མཚོ་གྲོང་རྡལ་ས་ཁོངས་རྣམ་པའི་རྒན་གསོའི་ཞབས་ཞུའི་ལྟེ་གནས་སྒོར་ཁྲི25.7དང་། གྲོང་གསེབ་ཀྱི་རྒན་རྒོན་གྱི་ཟ་མར་རོགས་སྐྱོར་བྱེད་ས་སྒོར་ཁྲི56བཅས་ལ་རྒྱབ་སྐྱོར་བྱས་ནས། རྒན་གསོའི“ཆེད་ལས་ཅན་གྱི་རྒན་གསོའི”དགོས་མཁོ་སྐོང་རྒྱུར་ཤུགས་ཆེན་བྱས་ཡོད།

“སྤུས་ཚད”ཀྱི་བྱེད་ཐབས་སྤྱད་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ། རྒན་གསོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་ནས་རྫོང་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་བཀོད་སྒྲིག་ལེགས་སྒྱུར་བྱས་པ་དང་། ནོར་སྲིད་སྡེ་ཚན་གྱིས་གཞི་རྩའི་རྒན་གསོའི་ཞབས་ཞུའི་ནོར་སྲིད་གཏོང་སྒོའི་འགན་འཁྲི་ལག་བསྟར་བྱས་ཏེ། རྒན་གསོའི་ཞབས་ཞུའི་མ་དངུལ་གྱི་ཕན་འབྲས་ལ་ས་གནས་ས་ཐོག་ཏུ་རྗེས་སྙེག་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བྱ་ཐབས་ཐོག་ནས་འགན་འཁྲི་འཁུར་མཁན་ལས་ཁུངས་ལ་མ་དངུལ་ལྟ་སྐུལ་དོ་དམ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་ཏུ་བཅུག་ནས། ནོར་སྲིད་མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་ཡོང་བ་དང་ཕན་འབྲས་མཐོ་བ་འགན་ལེན་བྱས། “ཕྱོགས་མང་མཉམ་སྐྲུན”གྱི་བྱེད་ཐབས་སྤྱད་དེ་འགན་ལེན་བྱ་ཡུལ་ལ“ཟས་ཐུན་གཅིག་ལམ་ལུགས”ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་ཚོགས་སྤྱིར་ཕན་པ་ཐོབ་པ་བྱས། མིག་སྔར་མདའ་བཞི་རྫོང་དུ་བསྐྲུན་ཟིན་པའི་བདེ་སྐྱིད་ཁང་དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས། ས་ཁོངས་རྣམ་པའི་རྒན་གསོའི་ཞབས་ཞུའི་ལྟེ་གནས་སོགས་སྒྲིག་གཞི14འཁོར་སྐྱོད་རྒྱུན་གཏན་ཡིན་པ་རེད།

“འགན་སྲུང”གི་བྱེད་ཐབས་སྤྱད་ནས་ཁེ་དབང་སྲུང་སྐྱོང་བྱེད་ཚད་མགྱོགས་སུ་ཕྱིན་པ།  རྫོང་ཧྲིལ་པོའི་ལམ་ལུགས་ཀྱིས་རོང་འབྲོག་ཁུལ་གྱི་ས་ཁོངས་ཅན་གྱི་རྒན་གསོའི་སྒྱུར་བཅོས་ཚོད་ལྟ་ལ་སྐུལ་འདེད་གཏོང་བ་དང་བདེ་སྐྱིད་ཟ་ཁང14འཛུགས་སྐྲུན་བྱ་རྒྱུ་ཇུས་འགོད་བྱས་ཏེ། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བསྒྲུབ་རྒྱུ་ཁས་ལེན་བྱས་པའི་དམངས་འཚོ་དོན་དངོས9ནང་བཀོད་ཡོད། ནོར་སྲིད་ཀྱི་དོན་དངོས་ལ་གཞིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་སྤྱི་ཚོགས་རྒན་གསོའི་འགན་བཅོལ་དང་ལོ་ན་མཐོ་བའི་ཁ་གསབ་སོགས་རྒན་པའི་ཕན་བདེའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒན་གསོའི་ཐོབ་ཐང་སྤྲོད་རྒྱུ་དེ་དམངས་འཚོའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེའི་ནང་དུ་བརྩིས་ནས། རིམ་རྩིས་བྱས་ན། ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ་དང་སྡོད་དམངས་རྒན་གསོའི་མ་དངུལ་སྒོར་ཁྲི821.08བཏང་སྟེ་རྫོང་ཡོངས་ཀྱི་མི11149ལ་ཕན་པ་བསྐྲུན་ཡོད།


མཉམ་སྤྱོད།