དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-06 07:19:47   |   253

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ5པར། ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས་113.9ཡིན་པ་དང་། ཟླ་བ་གསུམ་ལ་བསྟུད་མར་འཕར་ནས། ཉེ་བའི་ལོ་དྲུག་གི་ཟིན་ཐོ་གསར་པ་བཏོད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རང་རྒྱལ་གྱིས་ནུས་རྒྱུ་གསར་པའི་ལེ་ལག་ཚང་བའི་གློག་དྲའི་ལས་གྲྭ་37སྐྲུན་འགོ་ཚུགས་ཡོད།

  • ད་ལོའི་ཟླ1པོ་ནས4པའི་བར། རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱིས་ཁེ་སྤོགས་སྒོར་དུང་ཕྱུར་4112མངོན་འགྱུར་བྱུང་བ་དང་། དུས་མཚུངས་ལས་20.8%འཕར་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རྒྱལ་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་ཁེ་ལས་ཁྲི་12ལས་བརྒལ་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི་23.2ཞིབ་གཅོད་མཇུག་རྫོགས་ཡོད།

  • ཚེས5ཉིན་བར། ཀྲུང་གོའི་བར་སྣང་ས་ཚིགས་སུ་ཉིན་731བསྟུད་མར་འཇིག་རྟེན་འཕུར་སྐྱོད་པས་འཁོར་ལམ་ཐོག་ལས་རེས་བྱེད་ཀྱི་ཡོད།

  • མིག་སྔར། ཁྲང་ཨི་ཨང་རྟགས་དྲུག་པའི(嫦娥六号)ཡར་འཕགས་འཕྲུལ་ཆས་དེ། སྔོན་གྱི་གཏན་ཁེལ་བྱས་པའི་ཟླ་བ་སྐོར་བའི་འཁོར་ལམ་དུ་སླེབས་ནས། ཟླ་བ་སྐོར་བའི་འཁོར་ལམ་དུ་འཕུར་སྐྱོད་བྱེད་བཞིན་ཡོད།

01.jpg

  • ཨ་རི་ཕྱོགས་ཀྱིས་ཐའེ་ཝན་མཚོ་འགག་དང་འབྲེལ་བ་ཡོད་པའི་དུས་བབ་ཀྱི་གཏམ་བརྗོད་ལ་དམིགས་ནས། རང་རྒྱལ་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ལ་བྱེད་ཐབས་གང་རུང་གི་ཐོག་ནས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ཕྱོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།

  • ས་གནས་དེ་གའི་དུས་ཚོད་ཚེས4ཉིན། སི་ལོ་ཝེ་ཉི་ཡའི(斯洛文尼亚)རྒྱལ་དམངས་གྲོས་ཚོགས་ཀྱིས་ཕ་ལེ་སི་ཐན(巴勒斯坦)རྒྱལ་ཁབ་ཁས་ལེན་བྱེད་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

02.jpg

  • 2024ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་གནམ་གཤིས་ས་རིས་ཁྱབ་བསྒྲགས་བྱས་པ་དང་། མཐོ་རྒྱུགས་ཀྱི་རིང་དུ་ཅང་ནན་དང་ཧྭ་ནན་དུ་ཆར་ཆུ་ཅུང་མང་བ་དང་། ཧྭ་བྱང་དང་ཧོང་ཧོའེ(黄淮)ཡི་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད་མཐོན་པོ་སྔོན་འགོག་བྱ་དགོས།

  • ཉེ་ཆར། སློབ་གསོ་པུ་ཡིས་སློབ་གསོ་པུ་དང་དེ་བཞིན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོའི་2024ལོའི་མཐོ་རྒྱུགས་ཀྱི་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་3ཉིན་གྱི་ཆུ་ཚོད་8ནས་ཚེས5ཉིན་གྱི་ཆུ་ཚོད་12བར། ཀོང་ཞི་དང་ཀོང་ཏུང་། ཡུན་ནན། ཧེ་ལུང་ཅང་སོགས་ཞིང་ཆེན་གྱི་ཆུ་བོ་འབྲིང་ཆུང་37ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་རྒྱུ་དང་། དེའི་ནང་ཆུ་བོ་གཉིས་ལ་སྔོན་བྱུང་མ་མྱོང་བའི་ཆུ་ལོག་ཡོང་རྒྱུ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཁག་དང་པོའི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་གྱི་གསལ་ཐོ་ཁག་33ཁྱབ་བསྒྲགས་བྱས་པའི་ནང་། བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་སོགས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ལས་རིགས་དང་དེ་བཞིན་འབྲས་དང་འོ་མའི་ཐོན་རྫས་སོགས་གཙོ་གནད་བཟའ་བཅའི་རིགས་ཚུད་ཡོད།

  • ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་སུན་ཧྲུའུ་ཐའོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོ་སྤྱི་བསྒྲགས་ཀྱི་ལམ་ནས་ཁྲིམས་བཅད་བྱས་པ་དང་། སུན་ཧྲུའུ་ཐའོ་ལ་ཚེ་བཙོན་གྱི་ཉེས་ཆད་བཅད།

  • ཚེས5ཉིན་བར། འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་མུའུ་ཉི་ཧེ(慕尼黑)ས་ཚིགས་ཀྱི་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་3ཐོབ་ནས་གནས་སྐབས་གསེར་གྱི་རྟགས་མ་བླངས་པ་ཆེས་མང་པོ་ཡིན།

  • ཚེས5ཉིན། རང་རྒྱལ་གྱིས་བཟོས་པའི་ཚོང་སྤྱོད་གནམ་གྲུ་གཉིས་ལ་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐྱེ་དངོས་མཁའ་འགྲུལ་གྱི་འབར་སྣུམ་བསྣན་ནས་འཕུར་སྐྱོད་ལས་འགན་ཐོག་མ་ལེགས་འགྲུབ་བྱུང་།

03.jpg

  • ཚེས5ཉིན། རང་རྒྱལ་གྱི་ཁེ་ལས་ཀྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཀྲའོ་ཝ(兆瓦)18ཀྱི་མཚོ་ཐོག་རླུང་གློག་འཕྲུལ་ཆས་དཔྱང་སྒྲིག་ལེགས་འགྲུབ་བྱུང་།

04.jpg

  • ཀོང་ཞི་ནས་སེའུ་མེ་ཏོག(樱花)གི་སྐྱེ་དངོས་རིགས་གསར་པ་སྟེ། ཆོན་ཀྲོའུ་སེའུ་མེ་ཏོག་རྙེད་པ་རེད།

སྲིད་ཇུས།

  • དམངས་སྲིད་པུ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། དྲ་སྦྲེལ་ཡོངས་བསྒྲགས་ཐོག་ཞལ་འདེབས་བསྡུ་བའི་ཞབས་ཞུའི་ལས་སྟེགས་ཀྱིས་དགེ་སྒྲུབ་རྩ་འཛུགས་ལ་གྲོན་དངུལ་བསྡུ་བའམ་ཡང་ན་རྣམ་པ་འགྱུར་བའི་གྲོན་དངུལ་བསྡུ་མི་ཆོག་ཅེས་བསྟན།

  • ཀྲུང་གོ་དྲ་སྦྲེལ་མཐུན་ཚོགས་ཀྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པའི་ནང་འཛད་སྤྱོད་པའི་འཛད་སྤྱོད་ཆ་འཕྲིན་ཟིན་ཐོ་འགོད་སྐབས། དྲ་རྒྱའི་རོལ་རྩེད་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་ཉིན་180ལས་མི་ཉུང་བའི་ཟིན་ཐོ་ཉར་ཚགས་བྱེད་དགོས་ཞེས་བསྟན།

  • ཧོ་ནན་ཀྲེང་ཀྲོའུ་ཡིས་ཁྱིམ་ཚང་གི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐོག་མར་སྤྱོད་པའམ་ཡང་ན་རང་སྡོད་སྡོད་ཁང་ཐོག་མ་ཉོས་པར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཆེས་མང་ན་སྒོར་ཁྲི་120ཡིན་པ་གསལ་བོར་བཏོན།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད་དང་ཤར་རྒྱུད། ཀན་སུའུ། ཧྥུའུ་ཅན་གྱི་ཤར་ལྷོའི་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ཀོང་ཞིའི་ལྷོ་རྒྱུད་དང་། ཀོང་ཏུང་གི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།