དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་ལོ་ཆུང་གཞོན་ནུའི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་།

2024-06-05 14:52:56   |   139

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་ནི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་གནད་ཡིན་པ་དང་། ལོ་ཆུང་གཞོན་ནུའི་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་སློབ་གསོ་སྤེལ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་འཛུགས་སྐྲུན་པ་དང་བློ་གཏད་ཐུབ་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི“རྨང་གཞིའི་བཟོ་སྐྲུན”ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“མི་རིགས་མཐུན་སྒྲིལ+”རྣམ་པ་བརྒྱུད་མི་རིགས་ཁག་གི་ལོ་ཆུང་གཞོན་ནུའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་ནུས་ལྡན་དུ་སྤེལ་ནས“ཁ་འབྲལ་ཐབས་མེད་པ་གསུམ”དང“ཐུན་མོང་བཞི”། “ངོས་འཛིན་ལྔ”བཅས་ཀྱི་བསམ་བློའི་འདུ་ཤེས་ཟམ་མི་ཆད་པར་ཇེ་ཆེར་བཏང་ཞིང་། མདོ་ལ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།

“མི་རིགས་མཐུན་སྒྲིལ+དྲིལ་སྒྲོག་སྣེ་ཁྲིད”ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཟམ་མ་ཆད་པར་སྲ་བརྟན་དུ་བཏང་བ། མི་རིགས་མཐུན་སྒྲིལ་སློབ་ཁང་དུ་བསྐྱོད་པ། མདོ་ལ་རྫོང་སློབ་གྲྭ་ཆུང་འབྲིང་ཁག་གིས་སློབ་ཁང་སློབ་ཁྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ལེགས་པར་སྤྱོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་སློབ་ཁྲིད་སློབ་ཚན་ལེགས་པར་འཚོགས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་བརྗོད་དོན་དེ་རིག་ཚན་ཁག་གི་སློབ་ཁྲིད་ཁྲོད་ཁྱབ་པར་བྱས་ལ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། རྡོག་རྩ་གཅིག་གིས་ཀྲུང་གོའི་འདུན་མར་བརྩོན”ཞེས་པ་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་བྱས། མི་རིགས་མཐུན་སྒྲིལ་གྱི་ཡུལ་དངོས་སུ་སློབ་སྦྱོང་ཞིབ་འཇུག་བྱས་པ། ལོ་ཆུང་གཞོན་ནུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་ཁང་གསར་བ་ཧུར་ཐག་ཏུ་གཏོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་གི་ཉམས་ལེན་གསར་བ་རྒྱ་ཆེར་སྤེལ་བ། སློབ་གསེང་བྱེད་སྒོ་དང་སྤྱི་ཚོགས་ལག་ལེན་ལས་སྟེགས་མཁོ་འདོན་བྱེད་པ། རྫོང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཆེད་དུ། རྫོང་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་གི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་ལྡེབས་རིས་དངLEDགློག་རྡུལ་འཆར་ཡོལ། བསྡུས་གཟུགས་ལྗོངས་རྣམ། གློག་རྡུལ་ཁྱམས་རིང་། དངོས་རྫས་འགྲེམ་སྟོན། ལག་བཟོས་ཉམས་ལེན། སེ་འབྲུའི་སྡོང་བོའི་གཙོ་དོན་ལྗོངས་རྣམ་སོགས་སྨྱན་མང་གཟུགས་དང་དངོས་རྫས་ཟུང་དུ་འབྲེལ་བ། བཅིངས་འགྲོལ་སྔ་ཕྱི་ཕན་ཚུན་བསྡུར་བ། མི་རིགས་ཁག་མཐུན་སྒྲིལ་འབད་བརྩོན་སྒོས་གཅིག་ཏུ་འདྲེས་པ། མདོ་ལ་རྫོང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་བ་སོགས་ལ་བརྟེན་ནས། རྒྱ་ཆེའི་ལོ་ཆུང་གཞོན་ནུ་རྣམས་ལ“ཁ་འབྲལ་ཐབས་མེད་པ་གསུམ”དང“ངོས་འཛིན་ལྔ”ཡི་བསམ་བློའི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱས། མིག་སྔའི་བར། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ས་གནས་ས་ཐོག་གི་བརྗོད་དོན་གཙོ་བོའི་སློབ་སྦྱོང་ཞིབ་འཇུག་བྱེད་སྒོ་ཐེངས40ལྷག་ཙམ་སྤེལ་བ་དང་མི3000ཟིན།“

མི་རིགས་མཐུན་སྒྲིལ+སློབ་རའི་རིག་གནས”ལ་བརྟེན་ནས་རིག་གནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་པ། སློབ་རའི་རིག་གནས་བྱེད་སྒོ་སྤེལ་བ། བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོ་དང་། སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན། ལུས་རྩལ་འགྲན་ཚོགས། སློབ་ཚན་ཞབས་ཞུའི་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་རང་རེའི་རྫོང་གི་སློབ་རའི་རིག་གནས་འཛུགས་སྐྱོང་གི་དར་སྲོལ་གསར་བ་དང་། དུས་རབས་གསར་བའི་ལོ་ཆུང་གཞོན་ནུ་དང་བྱིས་པའི་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར། དེ་བཞིན་མདོ་ལའི་སློབ་གསོ་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་བཅས་མངོན་ཡོད། མི་རིགས་མི་འདྲ་བའི་ཕྲུ་གུ་ཚོར་ཧུར་ཐག་ངང་མཉམ་ཞུགས་བྱས་པའི་ཁྲོད་ལེགས་འགྲུབ་དང་མཉམ་ལས་ཀྱི་སྤྲོ་སྣང་ཉམས་སུ་མྱོང་དུ་བཅུག་པ་དང་། ལོ་ཆུང་གཞོན་ནུའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། རྒྱ་ཆེའི་ལོ་ཆུང་གཞོན་ནུ་ལ་ཆུང་དུས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། སེ་འབྲུ་ལྟར་དམ་པོར་སྦྲེལ་ནས་ཐུན་མོང་ཐོག་ཡར་རྒྱས་དང་ཐུན་མོང་ཐོག་འཚར་ལོངས་འབྱུང་བར་ཁྲིད་སྟོན་ཧུར་ཐག་བྱས། སློབ་རའི་ཚོགས་སྡེའི་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་བ། སློབ་གྲྭ་ཁག་གིས་མི་རིགས་རིག་གནས་སྣེ་ཁྲིད་དུ་བྱས་ཤིང་སློབ་གྲྭའི་ལོ་རྒྱུས་ཁང་དང་དམངས་སྲོལ་བརྗོད་དོན་གཙོ་བོའི་རིག་གནས་གྱང་ཇུས་འགོད་ཞིབ་ཚགས་བྱས་ཏེ། མི་རིགས་ཀྱི་གཞི་རྒྱུ་དང་སློབ་གཉེར་ཁྱད་ཆོས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ཁྲོད་འདྲེས་པར་བྱས་ཤིང་། “སློབ་གསེང་ཆེན་མོ”དང་སྤྲོ་སྣང་ཚན་ཆུང་གི་བྱེད་སྒོ་འཕྲོ་འགྱེད་གནས་སུ་བྱས་ཏེ་གཙག་དྲུབ་དང་རྩེད་རིག སྐོར་བྲོ། དབྱུག་འཛེགས། འཇུ་རེས་སོགས་མི་རིགས་སྒྱུ་རྩལ་དང་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་ཧུར་ཐག་ཏུ་སྤེལ་ནས། མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་དང་སྤྱི་ཚོགས་དར་རྒྱས་ཆེན་པོའི་རིག་གནས་ཀྱི་རྣམ་པ་ཇེ་ཟབ་ཏུ་བཏང་བ་དང་། རྒྱ་ཆེའི་དགེ་སློབ་ཀྱི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ལ། “རྣམ་པ་ལྡན་པ་དང་ཚོར་བ་ཡོད་པ། ཕན་ནུས་ལྡན་པ”བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོ་གཏིང་ཇེ་ཟབ་སྒོས་དོན་དུ་འཁྱོལ་བར་སྐུལ་འདེད་བཏང་། སློབ་རའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་ལོ་ན་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་བྱེད་ཐབས་གསར་གཏོད་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་བཤད་འགྲན་བསྡུར་དང་། ཤེས་བྱའི་འགྲན་བསྡུར། ཡིག་གཟུགས་རི་མོའི་འགྲེམས་སྟོན། རིག་གནས་ལུས་རྩལ་འཁྲབ་སྟོན། གཟུགས་འདས་རྩལ་ནུས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ། མདོ་ལ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི“རླབས་ཆེན་མེས་རྒྱལ་ལ་བསྟོད་བསྔགས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི”བརྗོད་དོན་གཏམ་བཤད་འགྲན་བསྡུར་གཉེར། དེ་དང་ཆབས་ཅིག་དཔེ་ཀློག་མཉམ་སྤྱོད་དང་རྒྱལ་དར་འོག་གི་གཏམ་བཤད། སྙན་ངག་གྱེར་འདོན་སོགས་ཀྱི་བརྗོད་དོན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་སེ་འབྲུ་ལྟར་དམ་པོར་འཁྱུད་བའི་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་བའི་མཐུན་སྒྲིལ་གྱི་གཞས་གདངས་མཉམ་དུ་བརྩམས།

“མི་རིགས་མཐུན་སྒྲིལ+སློབ་ཕྱིའི་ལག་ལེན”ཟུང་དུ་འབྲེལ་བའི་ཐོག་ནས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་སྤེལ་རེས་བྱེད་པའི“གར་སྟེགས་ཆེན་པོ”བསྐྲུན་ཡོད། “མི་རིགས་མཐུན་སྒྲིལ+རང་བྱུང་སློབ་གྲྭ”ཡི་ལག་ལེན་བྱེད་སྒོ་སྤེལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མདོ་ལའི་ཁུལ་གྱི་རང་བྱུང་སློབ་གྲྭ18ལ་བརྟེན་ནས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྟེན་གཞིའི་ལྟ་སྐོར+ཡུལ་དངོས་སློབ་ཁྲིད+རྣམ་པའི་སློབ་གསོ+ལྟ་སྦྱོང་འགྲེལ་བཤད+ཉམས་ལེན་གཏིང་ཟབ་བཅས་ཀྱི“ཕྱོགས་ལྔའི”ཞིབ་སློབ་རྣམ་པ་བརྒྱུད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། དེ་བཞིན་སྒོ་ཕྱིའི་སློབ་ཁྲིད་དང་། ཞིབ་འཇུག་སློབ་སྦྱོང་ལག་ལེན། འདེབས་འཛུགས་ཉམས་ལེན། ཁོར་ཡུག་སྲུང་སྐྱོང་ཞབས་ཞུ་སོགས་ཁྱད་ལྡན་སློབ་གསོའི་ལག་ལེན་བྱེད་སྒོར་བརྟེན་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དང་། ཡང་དག་གི་ཕུགས་བསམ་དད་མོས་དང་མི་ཚེ་ལྟ་བ། རིན་ཐང་ལྟ་བ་བརྟན་པོར་བཙུགས། མཚོ་བྱང་མཐོ་འབྲིང་གསུམ་པའི་སློབ་མ་སྒྲིག་འཛུགས་བྱས་ནས་གཡེར་སྡོང་གླིང་ག་རུ“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བསྐྲུན་པ་དང་། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་བསྐྲུན”ཞེས་པའི་བརྗོད་དོན་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ75འཁོར་བ་བསུ་བའི་ཁྲང་ཡའོ་སྙན་ངག་གྱེར་འདོན་འགྲན་བསྡུར་བྱས་ཤིང་། “གཏམ་བཤད་པ་ཆུང་ཆུང་ཚོས”རེས་མོས་བཞིན་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གཏམ་རྒྱུད་བཤད་དེ། སློབ་མ་དག་གི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཁོ་ཚོ་ལ་ཁྲང་ཡའོ་སྙན་ངག་གི་མཛེས་པ་ཚོར་དུ་བཅུག་ཅིང་། གཏིང་ཟབ་སྒོས་ཀྲུང་ཧྭ་རིག་གནས་ཀྱི་རྒྱ་ཆེ་བའི་ནང་རྫོང་ལ་ཉམས་སུ་མྱངས། རྫོང་རིག་གནས་ཁང་གིས་བཙུན་མོ་གཞོང་གྲོང་རྡལ་བཅའ་སྡོད་མི་རིགས་སློབ་ཆུང་དང་མཉམ་དུ“མངོན་མིན་རིག་གནས་སློབ་གྲྭར་བསྐྱོད་པ་དང་། སྲོལ་རྒྱུན་གཙག་དྲུབ་ཀྱིས་བློ་རྒྱ་བསྐྱེད་པའི”ལག་ལེན་བྱེད་སྒོ་སྤེལ་བ་དང་། རྨ་ཙོང་གཙག་དྲུབ་དང་མདོ་ལའི་གཙག་དྲུབ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་སློབ་མ་ཚོར་སྲོལ་རྒྱུན་གཙག་དྲུབ་ཀྱི་ལག་རྩལ་ཁྱད་ཆོས་དང་སྲོལ་རྒྱུན་མཛེས་རྩལ་གྱིས་མི་རིགས་གྱོན་ཆས་དབྱེ་འབྱེད་བྱས་པས། ཁོ་ཚོས་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་སྤྲོ་སེམས་རབ་ཏུ་བསླངས་ཏེ་རང་རྟོག་གིས་གཟུགས་འདས་རིག་གནས་ཀྱི་དར་སྤེལ་མཁན་དུ་གྱུར་ལ། རིག་གནས་ཀྱི་མེ་ལྕེ་དུས་རབས་གསར་བར་རྒྱུན་མཐུད་བྱུང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི“མྱུ་གུ་གསོ་བའི”བྱ་སྤྱོད་སྤེལ། རྫོང་ཡོངས་ཀྱི་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་ཕུལ་བྱུང་སློབ་མ65འདེམས་སྒྲུག་ཞིབ་ཚགས་བྱས་ནས་མདོ་ལ་རྫོང་གི“སེ་འབྲུ་མེ་ཏོག་བཞད། འདུན་སྙེག་ཁྱིམ་ཚང་གཅིག”ཅེས་པའི་ཀྲུང་གོ་ཝུའུ་ཁོང་ཁ་གཏད་མཚོ་སྐྱོར་གྱི་ཞིབ་འཇུག་སྒར་བཙུགས་ཏེ་མཚོ་སྔོན་ཟི་ལིང་དང་། ཀན་སུའུ་ཏུན་ཧོང་། ཧྲའན་ཤིས་ཤིས་ཨན་སོགས་སུ་བསྐྱོད་དེ་རིག་གནས་ཉམས་ལེན་དང་། ཚན་རིག་རྟོག་ཞིབ། དངོས་ཀྱིས་ཉམས་ལེན། ཐུན་མོང་འཚོ་བ་སོགས་རྣམ་པའི་ཞིབ་སློབ་བྱེད་སྒོ་སྤེལ་བ་བརྒྱུད། མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་ཏང་ལ་དགའ་བ་དང་། རྒྱལ་ཁབ་ལ་དགའ་བ། མི་དམངས་ལ་དགའ་བ། ཕ་ཡུལ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་དགའ་བའི་བརྩེ་དུང་ཆགས་ནས་བྱིས་པ་ཚོའི་སེམས་པ་སྔར་བས་ཕུན་སུམ་ཚོགས་པོ་དང་། མི་གཤིས་འཐུས་མ་ཤོར་བ། བསམ་བློ་སྔར་བས་རྒྱགས་པོ་བྱུང་།


མཉམ་སྤྱོད།