དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་ནུབ་མཚོ་གྲོང་རྡལ་དུ་སློབ་མགོ་ཚུགས།

2024-06-05 10:12:14   |   1613

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་ཚུགས་ཤིང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝུའུ་ཅན་ཅུན་མགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་སྐུལ་སློང་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུན་ཞུག་ཙུང་གིས་སློབ་མགོ་ཚུགས་པའི་མཛད་སྒོར་གཙོ་སྐྱོང་གནང་།

图片2.png

 སློབ་མགོ་ཚུགས་པའི་མཛད་སྒོའི་སྟེང་སུན་ཞུག་ཙུང་གིས་གསོ་སྦྱོང་འཛིན་གྲྭའི་སློབ་མར་མཚོ་བྱང་གི་ས་ཁམས་ཀྱི་གནས་ཚུལ་མདོར་བསྡུས་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཁྱད་ཆོས། མཚོ་བྱང་གིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད། ཁྱིམ་ཞེན་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་གཏོང་བ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་སྐྱེད་སྲིང་ཐད་ཀྱི་འབད་བརྩོན་དང་གྲུབ་འབྲས་མཚམས་སྦྱོར་བྱས་ཤིང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གསོ་སྦྱོང་འཛིན་གྲྭའི་སློབ་མས་ཐེངས་འདིའི་གསོ་སྦྱོང་བརྒྱུད་སྦྱངས་པར་ཕན་འབྲས་ཐོབ་པ་དང་། སྦྱངས་པ་སྤྱོད་གོ་ཆོད་དགོས་པའི་བླང་བྱ་བཏོན།

图片3.png

 ཝུའུ་ཅན་ཅུན་གྱིས་རིམ་ཁག་བཟོ་ཚོགས་ལས་བྱེད་པས་གཙོ་གནད་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཆེན་གྱི་བཟོ་བའི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ། ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བཟོ་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གསོག་དགོས་ལ། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དུ་བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་དང་བཟོ་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། སྦྱང་འབྲས་སྤྱོད་གོ་ཆོད་པ་དང་བཟོ་ཚོགས་ཀྱི་ནུས་པ་ལག་ལེན་བྱེད་ཐུབ་པ། ཏང་གཤིས་སྦྱོང་བརྡར་དང་གསར་བརྗེའི་སྙིང་སྟོབས་ཀྱི་ཉམས་སད་ཐེག་པ་བརྒྱུད་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ། ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་བཏང་སྟེ་མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་སློབ་སྲོལ་བཟང་བོར་བརྟེན་ནས་འགན་འཁྲི་འཁུར་ཕོད་པ་དང་འཇོན་ཐང་སློབ་སྦྱོང་བྱས་ཏེ་གསོ་སྦྱོང་གི་ཕན་འབྲས་དངོས་འགན་ལེན་བྱེད་དགོས་པར་བསྟན།

图片5.png

 རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་སོ་སོའི་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་རིམ་པའི་ཐོན་ལས་བཟོ་ཚོགས།  ཞིང་ཆེན་སྤྱི་ཁྱབ་ཐད་གཏོགས་བཟོ་ཚོགས་ཀྱི་ལས་སྒོའི་རྐང་འཛིན་པ་སོགས་མི100ལྷག་དུས་ཡུན་ཉིན་ལྔའི་གསོ་སྦྱོང་ནང་ཞུགས་རྒྱུ་རེད།


མཉམ་སྤྱོད།