དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཛམ་གླིང་ཁོར་ཡུག་ཉིན་མོ།

2024-06-05 10:06:22   |   147

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


新建 Microsoft PowerPoint 演示文稿.jpg

འཛམ་གླིང་ཁོར་ཡུག་ཉིན་མོ(世界环境日)ནི་ལོ་རེའི་ཟླ6པའི་ཚེས5ཉིན་ཡིན། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ཁོར་ཡུག་ལ་ངོས་འཛིན་ཡང་དག་དང་སྲུང་སྐྱོབ་བྱེད་པར་སྐུལ་མ་གཏོང་བའི་ལག་ཆ་གཙོ་བོ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་ཁོར་ཡུག་འདུ་ཤེས་དང་ཁོར་ཡུག་གནད་དོན་ལ་དོ་སྣང་བྱེད་ཚད་མཐོར་འདེགས་གཏོང་བ་དང་དེར་བསྟུན་གྱི་བྱ་འགུལ་སྤེལ་བའི་སྨྱན་སྦྱོར་གཙོ་བོའི་གྲས་ཤིག་ཀྱང་ཡིན། 1973ལོ་ནས་བཟུང་ལོ་རེར་ཐེངས་རེར་སྤེལ་བཞིན་ཡོད།

 ཟླ6པའི་ཚེས5ཉིན་ནི་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་ཁོར་ཡུག་ཉིན་མོ་ཡིན། 2024ལོའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་བརྗོད་བྱ་གཙོ་བོ་ནི། “མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ”ཞེས་པ་དེ་རེད།


མཉམ་སྤྱོད།