མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ06ཚེས14ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཅི་ཞིག་ལ་མཐོ་སྒང་གི་བརླན་ས་ཟེར།

2024-06-07 09:59:11   |   73

 རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།        


2022ལོའི་ཟླ11པར། 《བརླན་སའི་སྤྱི་ཆིངས》ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཐོག《ཝུའུ་ཧན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་དང་། བསྒྲགས་གཏམ་གྱིས་མཐོ་སྒང་གི་བརླན་ས་སོགས་ཉམས་ཞན་ཆེ་བའི་སྐྱེ་ཁམས་མ་ལག་ལ་དམིགས་བཀར་སྲུང་སྐྱོབ་དང་དོ་དམ་འོས་འཚམ་བྱེད་པའི་འབོད་སྐུལ་བཏང་ཡོད།

图片1.png

པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།

 མཐོ་སྒང་གི་བརླན་ས་ནི་མཐོ་སྒང་ས་ཆ་ན་ཡོད་པའི་བརླན་ས་ཡིན་ཞིང་། དེའི་ནང་གི“མཐོ་སྒང”ཞེས་པ་ནི་མཚོ་འཕགས་སྨི1000གི་ཡན་དང་ལྟོས་བཅས་མཐོ་ཚད་སྨི500ཡི་ཡན་ཡིན་པའི་ས་ཁུལ་ལ་གོ་བ་ཡིན། རང་རྒྱལ་དུ་མཐོ་སྒང་ཆེན་པོ་བཞི་ཡོད་ཅིང་། དེ་དག་ནི་མདོ་དབུས་མཐོ་སྒང་དང་ཡུན་ཀུའེ་མཐོ་སྒང་། ནང་སོག་མཐོ་སྒང་། ས་སེར་མཐོ་སྒང་བཅས་ཡིན། “བརླན་ས”ཞེས་པ་ནི་སྐྱེ་ཁམས་བྱེད་ནུས་མངོན་གསལ་ཡོད་པའི་རང་བྱུང་ངམ་ཡང་ན་མིས་བཟོས་པ། ལོ་འཁོར་མོའམ་ཡང་ན་དུས་ཚིགས་རང་བཞིན་གྱི་ཆུ་འཁྱིལ་ས་རྒྱུད་དང་ཆུ་ཁོངས་ལ་གོ་ཞིང་། དེའི་ནང་དུ་མཚོ་ཆུ་མར་འགྲིབ་དུས་ཆུའི་གཏིང་ཚད་སྨི6ལས་མེད་པའི་མཚོ་ཁོངས་ཚུད་ན་ཡང་། ཆུ་ཞིང་དང་གསོ་ཚགས་ལ་སྤྱོད་པའི་མིས་བཟོས་ཆུ་ཁོངས་དང་གྲམ་ཁའི་རིགས་མི་གཏོགས། 《བརླན་སའི་སྤྱི་ཆིངས》ལྟར་ན། བརླན་ས་ལ་མཚོ་འགྲམ་བརླན་ས་དང་མཚེའུ་བརླན་ས། ཆུ་བོའི་བརླན་ས། ན་འདམ་བརླན་ས། མིས་བཟོས་བརླན་ས་བཅས་རིགས་ལྔ་རུ་དབྱེ་ཡོད།

2.png

པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།

དེར་བརྟེན། མཐོ་སྒང་གི་བརླན་ས་ཞེས་པ་ནི་གཙོ་བོ་མདོ་དབུས་མཐོ་སྒང་དང་ཡུན་ཀུའེ་མཐོ་སྒང་། ནང་སོག་མཐོ་སྒང་བཅས་སུ་ཡོད་པའི་མཚེའུ་བརླན་ས་དང་ཆུ་བོའི་བརླན་ས། ན་འདམ་བརླན་ས། མིས་བཟོས་བརླན་ས་བཅས་ལ་གོ་བ་དང་། དེའི་ཁྱབ་ཁོངས་ནི་གཙོ་བོ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཞིན་ཅང་། ནང་སོག སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ་བཅས་ཡིན། མཐོ་སྒང་གི་བརླན་ས་ཡིས་རང་རྒྱལ་གྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི་ནང་དུ་བསྡུར་ཚད་ཆེན་པོ་ཟིན་ཡོད་ཅིང་། དེ་ནི་རང་རྒྱལ་གྱི“ཁུལ་གསུམ་དང་རྒྱུད་བཞི”ཡི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་ནང་གི“མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཁུལ”དང“རྨ་ཆུའི་གཙོ་གནད་སྐྱེ་ཁམས་ཁུལ” “བྱང་ཕྱོགས་བྱེ་འགོག་མུ་རྒྱུད”བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱས་ཏེ་དེ་ཉིད་ཀྱི་སྐྱེ་ཁམས་བྱེད་ནུས་འདོན་སྤེལ་བྱེད་པ་ནི་དུས་རབས་གསར་བར་རང་རྒྱལ་གྱི་བརླན་ས་སྲུང་སྐྱོབ་ཀྱི་འཐབ་ཇུས་དམིགས་འབེན་དང་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་མངོན་འགྱུར་བྱེད་པའི་རེ་འདོད་ཆེན་པོ་ཡིན།

3.png

པར་རིས་མི་དམངས་དྲ་བ་ལས་དྲངས།

མཐོ་སྒང་གི་བརླན་ས་ཡིས་ཆུ་ཁུངས་གསོ་འཁྱོངས་དང་ནམ་ཟླ་སྙོམ་སྒྲིག ཐཱན་གསོག་ཐཱན་བརྟན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཅིང་། དེ་ཉིད་ཁྱབ་གནས་ཀྱི་ས་གཤིས་གྲུབ་ཚུལ་དམིགས་བསལ་ཡིན་པ་དང་ནམ་ཟླའི་ཁྱད་ཆོས་ཀྱིས་མཐོ་སྒང་གི་བརླན་སར་ཉམས་ཞན་རང་བཞིན་ཡོད་ལ་འཕྲལ་མར་སྲུང་སྐྱོབ་ཀྱང་བྱ་དགོས་པར་བྱས་ཡོད། རྒྱུན་ལྡན་གྱི་བརླན་ས་དང་བསྡུར་ན། མཐོ་སྒང་གི་བརླན་སའི་ཁྱབ་གནས་ཀྱི་མཚོ་འཕགས་ཅུང་མཐོ་བ་དང་དྲོད་ཚད་ཅུང་དམའ་བའི་དབང་གིས། སྔོ་རིགས་ཀྱི་སྐྱེ་ཚད་ཅུང་དལ་བ་ཡིན། དེའི་ཐོག་ལ་མཐོ་སྒང་གི་ས་ཆ་མང་ཤོས་ཀྱི་དབྱང་རླུང་དཀོན་སྟབས། སྐྱེ་ཁམས་སླར་གསོ་དང་ཉམས་གསོ་བྱེད་པ་ཡང་ཧ་ཅང་དཀའ། དེར་བརྟེན། མཐོ་སྒང་གི་བརླན་ས་ལ་གཏོར་སྐྱོན་ཐེབས་ཚེ། རྒྱུན་ལྡན་གྱི་བརླན་ས་དང་བསྡུར་ན། དེ་ཉིད་དུས་ཡུན་ཐུང་ངུའི་ནང་ལ་སླར་གསོ་འབྱུང་དཀའ་བ་ཡིན།

4.png

པར་རིས་མི་དམངས་དྲ་བ་ལས་དྲངས།

མཐོ་སྒང་གི་བརླན་ས་ལ་རིགས་མང་ཞིང་ཁྱབ་རྒྱ་ཆེ་བ་དང་། ཁོངས་གནས་དམིགས་བསལ་ཡིན་ཞིང་གནས་ཡུལ་གལ་ཆེ་བའི་དབང་གིས། བརླན་སའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཕུན་སུམ་ཚོགས་པ་གསོ་སྐྱོང་བྱས་ཡོད། མཐོ་སྒང་གི་བརླན་སའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྱད་ཆོས་ནི་དཀོན་ཞིང་རྩ་ཆེ་བ་དང་རིགས་སྣ་ཕུན་སུམ་ཚོགས་པ། ཐོན་ཁུངས་ཀྱི་གསོག་ཉར་བྱེད་ཚད་དང་དངོས་རིགས་མང་བ་དེ་ཡིན། ཁྱད་ཡོད་དངོས་རིགས་མང་ཤོས་ནི་མཐོ་སྒང་གི་བརླན་ས་དང་ཀླུང་ཐང་གི་བརླན་ས་གཉིས་བསྡུར་བའི་ཁྱད་ཆོས་མངོན་གསལ་ཡིན་པའི་མི་ཚད། ཁྱད་ཡོད་དངོས་རིགས་དེ་དག་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཡང་ཡིན།

6.png

པར་རིས་མི་དམངས་དྲ་བ་ལས་དྲངས།

 ཡང་དག་པའི་སྒོ་ནས་མཐོ་སྒང་གི་བརླན་ས་ལ་སྲུང་སྐྱོབ་ཉམས་གསོ་བྱས་ན། སྟོངས་ཉེའི་དངོས་རིགས་རྩ་ཆེན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་སླར་གསོ། མཐོ་སྒང་གི་སྐྱེ་ཁམས་མ་ལག་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ལ་དོན་སྙིང་ཆེན་པོ་ཡོད།


མཉམ་སྤྱོད།