དེ་རིང་ནི2024ལོའི་ཟླ12པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-11 07:33:33   |   411

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྐོར་གྱི་རྒྱས་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྒྱུ་རེད། 

  •  2024ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ནང་དུ་གནས་སྐོར་བྱེད་མཁན་ཁྱོན་མི་ཐེངས་དུང་ཕྱུར1.1ཟིན་པ་དེ་དུས་མཚུངས་ལས6.3%འཕར་ཡོད་པ་རེད། 

  • ད་ལོ་རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཆུ་འདྲེན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར528ཟིན་པ་དང་། ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར4ལས་བརྒལ་ནས་ལོ་ཏོག་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། 

  •  རང་རྒྱལ་གྱི་ངར་ལྕགས་ལས་རིགས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་དེ། 2014ལོ་ནས2023ལོ་བར་གཙོ་གནད་སྡོམ་རྩིས་བྱས་ན་ངར་ལྕགས་ཁེ་ལས་ཀྱི་ཆ་སྙོམས་ངར་ལྕགས་ཏུན་གྱི་ཕྱོགས་བསྡུས་ནུས་རྒྱུ་ཟད་གྲོན5.87%བྱས་ཡོད། 

1.jpg

  •  ཨེ་ཤེ་ཡའི་སྒོར་མདོང་དབྱིབས་ཀྱི་གཡེང་དབྱིབས་ཀྱི་སྣུམ་གསོག་སྒྲིག་ཆས་ཐོག་མ་དེ“ཧའེ་ཁུའེ་དང་པོ”(海葵一号)མཚོ་ཐོག་ཏུ་སྒྲིག་སྦྱོར་བྱས་ཤིང་། རང་རྒྱལ་གྱི་ཆུ་གཏིང་ཟབ་སྣུམ་ཞིང་གསར་སྤེལ་ཐེངས་གཉིས་པའི་རྣམ་གྲངས་དང་པོ་དེ་ལོ་འདིའི་ནང་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུར་རྨང་གཞི་བཏིང་ཡོད་པ་རེད། 

2.jpg

  • འཛམ་གླིང་གི་བརྒལ་ཚད་ཆེ་ཤོས་ཀྱི་གསེག་འཐེན་ཟམ་པ་སྟེ་ཅང་སུའུ་ཁྲང་ཐའེ་འབྲི་ཆུའི་ཟམ་ཆེན(江苏常泰长江大桥)ཚེས9ཉིན་བདེ་བླག་ངང་ཟམ་པ་དཀྱིལ་ནས་མཐུད་སྦྲེལ་བྱས་པ་དང་། སྔོན་དཔག་བྱས་ན་སང་ལོའི་ཟླ4པའི་ཟླ་མཇུག་སྔོན་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་རྒྱུ་ཡིན་པ་རེད།  

  •  བཟོ་ལས་ཆ་འཕྲིན་པུའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ཟླ་བཞི་པའི་བར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི3.8ཟིན་པ་དང་། དུས་མཚུངས་ལས11.6%འཕར་ཡོད། 

  •  འཛམ་གླིང་གསེར་མཐུན་ཚོགས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ཟླ4པར་ཀྲུང་གོའི་ཁྲོམ་རའི་གསེར་ཉོ་ཚོང་རྣམ་པའི་སྒོ་དབྱེའི་རྣམ་པའི་སྟོན་གྲངས་ཐེབས་རྩ(གསེརETF)ཏུན17ནང་འདྲེན་བྱས་ནས་ཟླ་རེའི་ཟིན་ཐོ་གསར་པ་བཏོད་ཡོད། 

3.jpg

  •  ཉིན་ཤས་རིང་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ་ཆེད། དབྱིན་ཇི་དང་། ལྷོ་ཨ་ཧྥེ་རི་ཁ། འཇར་མན་སོགས་རྒྱལ་ཁབ་མང་པོ་ཞིག་གིས་འབྲུག་གྲུ་འགྲན་བསྡུར་སོགས་ཀྲུང་གོའི་སྲོལ་རྒྱུན་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་པ་རེད། 

  •  ཚེས9ཉིན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་རྒྱལ་དམངས་གྲོས་ཚོགས་མེད་པ་བཟོ་བ་དང་འབྲེལ་གྲོས་ཚོགས་ཀྱི་འདེམས་བསྐོ་གསར་པ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 

 སྤྱི་ཚོགས། 

4.jpg

  •  ཚེས11ནས་ཚེས14ཉིན་བར། པེ་ཅིན་དང་ཐེན་ཅིན། ཧོ་ནན། ཧྲན་ཏུང་སོགས་ས་ཁུལ་དུ་རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་མཐོ་བ་དང་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས39-42℃ཟིན་གྱི་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས། 

  •  ཆུ་བེད་པུས་ཆུ་ལོག་གནས་ཚུལ་བརྡ་ཁྱབ་བཏང་སྟེ། ཚེས11ནས་ཚེས15ཉིན་བར་ཆར་ཆུ་འབབ་པའི་ཤུགས་རྐྱེན་ཐེབས་ནས་ཅང་ཞི་དང་། ཀྲེ་ཅེང་། ཧྥུ་ཅན་སོགས་ཞིང་ཆེན་དྲུག་གི་ཆུ་བོ་འབྲིང་ཆུང་ཁག་གཅིག་ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་སྲིད་པ་རེད། 

  • ཧོ་ནན་སུའེ་ཐང་རྒྱལ་རབས་ཀྱི་ལུའོ་དབྱང་གྲོང་དང་ཨན་ཧུའེ་ཐེན་ཀྲུའུ་རི་བོ་སོགས་མཛེས་ལྗོངས་ཁུལ་མང་པོ་ཞིག་གིས2024ལོའི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མར་སྤ་སེ་མི་དགོས་པའི་གཟིགས་སྐྱོང་བྱེད་སྒོ་སྤེལ་ཡོད། 

5.jpg

  •  ཚེས9ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི“གྲོང་ཚོBA”ལག་རྩལ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དེ་ཀུའེ་ཀྲོའུ་ཐའེ་ཅང་རྫོང་ཐའེ་ཕན་གྲོང་ཚོར(贵州台江县台盘村)མགོ་ཚུགས་པ་རེད། 

6.jpg

  •  རང་རྒྱལ་གྱི་ཆེད་ལས་ཟོག་འདྲེན་ལྟེ་བའི་གནམ་ཐང་ཐོག་མ་སྟེ་ཨེ་ཀྲོའུ་ཧྭ་ཧུའུ(鄂州花湖)རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་སྤྱིའི་ཟོག་འདྲེན་འདོན་འཇུག་བྱེད་ཚད་ཏུན་ཁྲི10ལས་བརྒལ་ནས་མཁའ་འགྲུལ་ཟོག་འདྲེན་དྲ་རྒྱ་ཨེ་ཤེ་ཡར་ཁྱབ་ཡོད་པ་དང་ཡོ་རོབ་དང་ཨ་རི་ལ་སྣུར་སྲིང་བྱས་ཡོད། 

  •  ཀོང་ཀྲོའུ་ཡིས་སྔོན་ཐོན་ངང་གྲོང་ཁྱེར་ཆེ་གྲས་གཞན་དག་དབར་གྱི་མྱུར་བགྲོད་སྡུད་དཔྱང་འཕྱོ་བགྲོད་ལམ་བཀོད་སྒྲིག་དང་ཚོད་ལྟའི་ལམ་ཐིག་འཛུགས་སྐྲུན་འཆར་འགོད་བྱེད་བཞིན་ཡོད་པ་དང་། པེ་ཅིང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མྱུར་བགྲོད་སྡུད་དཔྱང་འཕྱོ་དང་ཧྲང་ཧའེ(ཧྲེན)ཀོང་ཀྲོའུ་ཡི་མྱུར་བགྲོད་སྡུད་དཔྱང་འཕྱོ་བགྲོད་ལམ་གཉིས་བཀོད་སྒྲིག་བྱས་ཡོད།

  •  རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཚོ་བོད་མཐོ་སྒང་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་པོའི་ཐིག་གི་ལོ་གསུམ་བསྟུད་མར་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ཐོག་མར་ཐོབ་པ་དེས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་ཞིབ་འཇུག་སོགས་ལ་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད། 

7.gif

  •  ཉེ་ཆར་ཟི་ལིང་མཉམ་འབྲེལ་ལས་སྒྲུབ་འགན་ལེན་ལྟེ་གནས་ཀྱི་པུ་ཞིག་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4700ལྷག་ཙམ་ཡོད་པའི་མཐོ་སྒང་དབུས་ཁུལ་དུ་སྒར་སྡོད་འགན་ལེན་རྟེན་གཞི་གསར་པ་བཙུགས་ནས་མཐོ་སྒང་གི་སྦྱོང་བརྡར་བཅའ་སྡོད་དཔུང་སྡེར་ཟས་གོས་སྡོད་སྤྱོད་སོགས་ཕྱོགས་བསྡུས་ཞབས་ཞུ་མཁོ་འདོན་བྱས་པ་རེད། 

སྲིད་ཇུས།

  •  རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《ཀུན་ཕན་འགན་བཅོལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམ་བྱས་ནས། ཞིང་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་འགན་ལེན་ཆུ་ཚད་གཙོ་གནད་ཐོག་མཐོ་རུ་གཏོང་རྒྱུ་རེད། 

  •  ཧོ་པེ་ཡིས་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཚད1%ཆུང་དུ་གཏོང་བའི་སྲིད་ཇུས་སང་ལོའི་ཟླ་མཇུག་བར་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། 

  •  ཧྲའན་ཞིས་ལག་བསྟར་ཇུས་གཞི་པར་འགྲེམ་བྱས་ཏེ། མིས་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། 2026ལོར་སླེབས་སྐབས་མིས་བཟོས་རིག་ནུས(གྲངས་གཞི་ཆེ་བ)ཐོན་ལས་སྦྲེལ་ཐག་གི་གཞི་ཁྱོན་སྒོར་དུང་ཕྱུར་སྟོང་ལས་བརྒལ་རྒྱུ་བཏོན་ཡོད། 

 དེ་རིང་གི་གནམ་གཤིས། 

8.jpg

  •  ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་དང་བྱང་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆར་པ་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཧུའུ་ནན་གྱི་ཤར་ལྷོའི་རྒྱུད་དང་། ཅང་ཞིའི་དབུས་བྱང་རྒྱུད། ཀྲེ་ཅང་གི་ལྷོ་ནུབ་རྒྱུད་། ཧྥུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།