མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་གྱིས་རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་ཕྱིར་བཏོན།

2024-06-11 15:14:10   |   121

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།   གངས་ལྗོངས་མེ་ལོང་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི2024ལོ་ནས2026ལོའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་པར་འགྲེམ་བྱས། འགུལ་སྐྱོད་ཇུས་གཞིས་མཐོ་སྒང་གི་ཁྱད་ལྡན་རྒན་གསོའི་ཞབས་ཞུའི་མཚོ་སྔོན་གྱི་པར་གཞི་གཙིགས་སུ་བཟུང་ནས། མ་འོངས་པའི་ལོ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་བྱ་བའི་སྤྱི་ཁོག་གི་རེ་བ་དང་ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒན་གསོ་ཞབས་ཞུའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཆེད། མི་གྲངས་རྒན་འགྱུར་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་སྲིད་ཇུས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས།

འགུལ་སྐྱོད་ཇུས་གཞིས་རྒས་ན་འཚོ་རྟེན་ཡོད་པ་དང་རྒས་ན་སྨན་བཅོས་བྱེད་ཐུབ་པ། རྒས་ན་འཇོན་ཐང་མངོན་པ། རྒས་ན་བསླབ་རྒྱུ་ཡོད་པ། རྒས་ན་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། རྒན་གསོ་ཞབས་ཞུའི་ཁྱབ་ཁོངས་ཀྱི་འགུལ་སྐྱོད་ཆེན་པོ་དགུ་ལག་བསྟར་བྱེད་རྒྱུ་གཏན་ཁེལ་གསལ་བོ་བྱས། འགུལ་སྐྱོད་ཆེན་པོ་དགུ་པོ་ནི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཡོངས་སུ་ཁེབས་པར་བྱེད་པའི་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་བ། ལས་ཁུངས་ཀྱི་རྒན་གསོའི་ཞབས་ཞུའི་སྤུས་འདེགས་རྒྱ་སྐྱེད་འགུལ་སྐྱོད་ཏན་ཏིག་གིས་སྤེལ་བ། རོང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུའི་ཐད་ཀྱི་ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བའི་འགུལ་སྐྱོད་སྤེལ་བ། རྒན་གསོ་ཞབས་ཞུའི་དཔུང་སྡེའི་གྲངས་འཕར་སྤུས་འདེགས་འགུལ་སྐྱོད་སྤེལ་བ། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་འཕེལ་རྒྱས་ནུས་སྤེལ་འགུལ་སྐྱོད་སྤེལ་བ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ནུས་པ་མཐོར་འདེགས་འགུལ་སྐྱོད་སྤེལ་བ། རྒན་པའི་དཔལ་འབྱོར་བདེ་ཐང་འཕེལ་རྒྱས་ཀྱི་འགུལ་སྐྱོད་སྤེལ་བ། ལོ་ལོན་གྱི་མཛའ་མཐུན་ཁོར་ཡུག་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་བ་བཅས་ཡིན། ཁྱིམ་ཚང་གི་རྒན་གསོ་ཞབས་ཞུའི་ཁྲོད་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྱིམ་ཚང་གི་ཁོངས་མིས་རང་སྟོགས་སྒོས་བདག་སྐྱོང་འོས་འགན་ལག་བསྟར་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་པ། ཁྱིམ་ཚང་གི་གཉོར་སྐྱོང་བ་རྒན་གསོ་བདག་སྐྱོང་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁྱབ་ཁོངས་སུ་བཞག་སྟེ། ལོ་ལོན་རྒན་པར་བདག་སྐྱོང་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་པ་དང་། རྒན་གསོ་དང་རྒན་སྐྱོང་། རྒན་བཀུར་གྱི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་བ་དང་། རྒན་བཀུར་དཔེ་སྟོན་ཁྱིམ་ཚང་དང་རྒན་པར་ཞབས་འདེགས་ཞུ་བའི་སྔོན་ཐོན་མི་སྒེར། རྒན་པར་རོགས་སྐྱོར་བྱེད་པའི་ཕུལ་བྱུང་རྩ་འཛུགས་དྲིལ་སྒྲོག་བྱེད་ཚད་ཇེ་ཆེར་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་རྒྱུ་རེད།


མཉམ་སྤྱོད།