མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཐོ་རྒྱུགས་སྤྲོད་མཁན་ལ་ཁ་ཕྱོགས་ནས་དམག་མི་བསྡུ་བའི་བརྡ་སྦྱོར།

2024-06-11 15:53:22   |   402

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

图片2.png

གཅིག རྒྱུགས་སྤྲོད་པའི་ཆ་རྐྱེན། ཁ་ཕྱོགས་གཏན་འཁེལ་གྱི་དམག་མི་གསོ་སྐྱོང་གི་རྒྱུགས་སྤྲོད་སློབ་མ་ནི་ངེས་པར་དུ2024ལོའི་མཐོ་རྒྱུགས་ནང་ཞུགས་པའི་མཐོ་རིམ་འབྲིང་རིམ་སློབ་གསོའི་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡིན་དགོས་ཤིང་། ལོ20ལས་བརྒལ་མི་ཆོག(2004ལོའི་ཟླ8པའི་ཚེས31ཉིན་གྱི་རྗེས་ནས་སྐྱེས་པ།)པ་དང་།  གཉེན་སྒྲིག་བྱས་མེད་པ། དང་བླངས་ཞབས་ཞུ་ལོ5ལོན་དགོས་པ་དང་། ཆབ་སྲིད་དང་ལུས་པོའི་ཆ་རྐྱེན་ནི་འོས་འགན་དམག་མི་བསྡུ་ལེན་གྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

གཉིས། སློབ་བསྡུའི་འཆར་གཞི།

2024ལོར། མཚོ་སྔོན་ཞིང་ཆེན་གྱིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་དམག་མི90བསྡུ་རྒྱུ་ཡིན་ཞིང་། ཚང་མ་སྐྱེས་པ་ཡིན་དགོས།

གསུམ། སློབ་བསྡུ་བྱེད་ཐབས།

དམག་དཔོན་གསོ་སྐྱོང་གི་སློབ་མ་བསྡུ་བའི་ལས་དོན་དེ་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་གྱི་ནང་འཇུག་རྒྱུ་དང་། སྔོན་ལ་ཆོག་མཆན་སྤྲད་ནས་བསྡུ་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། 

(གཅིག)རེ་འདུན་རེའུ་མིག་སྐོང་བ། ཁ་ཕྱོགས་གཏན་འཁེལ་གྱི་དམག་མི་གསོ་སྐྱོང་གི་རེ་འདུན་རེའུ་མིག་སྐོང་བ་དེ་ཞིང་ཆེན་ནང་ཁུལ་གྱི་སྤྱི་བདེ་སློབ་གླིང་གི་ཐེངས་གྲངས་རེ་འདུན་ལེ་ཚན་ནང་འགོད་རྒྱུ་དང་། རེའུ་མིག་སྐོང་བའི་དུས་ཚོད་ནི་ཟླ6པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ6པའི་ཚེས30ཉིན་གྱི་ཆུ་ཚོད22བར་རེད། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་མཐོ་རིམ་ལས་རིགས(ཆེད་སྦྱོང་ཚན་ཁག)ཐེངས་གྲངས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་སུ་སླེབས་པའི་རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བའི(www.qhjyks.com)སྟེང་རེ་འདུན་རེའུ་མིག་བསྐང་དགོས།

(གཉིས།)ཁ་ཕྱོགས་གཏན་འཁེལ། ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གིས་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱེད་པའི་མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་ཆེད་ལས་ཀྱི་རྒྱུགས་སྤྲོད་སློབ་མའི་ནང་། རྒྱུགས་སྤྲོད་སློབ་མའི་རེ་འདུན་རེའུ་མིག་བཀོད་པ་དང་ཆེད་སྦྱོང་ཚན་ཁག་གི་རྒྱུགས་འབྲས་མཐོ་བ་ནས་དམའ་བའི་གོ་རིམ་ལྟར། སློབ་བསྡུ་འཆར་གཞིའི་གྲངས་འབོར་གྱི་ལྡབ4ལས་མི་ཉུང་བ་གཞིར་བཟུང་ནས་ལུས་ཕུང་བརྟག་དཔྱད་དང་ཆབ་སྲིད་དཔྱད་ཞིབ་ནང་ཞུགས་མཁན་གཏན་འཁེལ་བྱས་ནས། མཐོ་རིམ་སློབ་གྲྭའི་རེ་འདུན་དང་པོའི་སློབ་མའི་གྲངས་འབོར་མི་འདང་ཚེ་རེ་འདུན་གཉིས་པའི་སློབ་མ་བསྡུ་རྒྱུ་རེད།

(གསུམ།)ལུས་ཕུང་བརྟག་དཔྱད། གྲོང་ཁྱེར་དང་ཁུལ་སོ་སོའི་དམག་བསྡུ་གཞུང་དོན་ཁང་གིས་གཅིག་གྱུར་སྒྲིག་འཛུགས་བྱས་ནས་ཟླ7པའི་ཚེས12ཉིན་གྱི་སྔོན་ལ་མཇུག་སྒྲིལ་རྒྱུ་དང་། ཞིབ་ཕྲའི་དུས་ཚོད་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་དམག་བསྡུ་གཞུང་དོན་ཁང་གིས་གཏན་འཁེལ་བྱེད་རྒྱུ་མ་ཟད་རྒྱུགས་སྤྲོད་སློབ་མར་བརྡ་ཐོ་གཏོང་བའི་འགན་འཁུར་རྒྱུ་རེད།

(བཞི།)ཆབ་སྲིད་དཔྱད་ཞིབ། གྲོང་ཁྱེར་དང་ཁུལ་སོ་སོའི་དམག་བསྡུ་གཞུང་དོན་ཁང་གིས་རྫོང་རིམ་པའི་དམག་བསྡུ་གཞུང་དོན་ཁང་ལ་ཁྲིད་སྟོན་བྱས་ནས། འོས་འགན་དམག་བསྡུའི་ཆབ་སྲིད་དཔྱད་ཞིབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་། དཔྱད་ཞིབ་མཚམས་འཇོག་པའི་དུས་ཚོད་ནི་ཟླ7པའི་ཚེས12ཉིན་རེད། ཟླ7པའི་ཚེས1ཉིན་ནས་བཟུང་རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བ་ནས་རང་ཉིད་ཀྱིས་ཕབ་ལེན་དང་ཡང་ན་རང་ས་གནས་ཀྱི་རྫོང་རིམ་པའི་དམག་བསྡུ་གཞུང་དོན་ཁང་ནས《དམག་བསྡུ་སྤྱི་དམངས་ཀྱི་ཆབ་སྲིད་དཔྱད་ཞིབ་རེའུ་མིག》(ཟུར་ཡིག2པར་གསལ)བླངས་ནས་མི་སྒེར་གྱི་ཆ་འཕྲིན་འབྲི་དགོས་པ་དང་། ཟླ7པའི་ཚེས3ཉིན་གྱི་ཆུ་ཚོད18གོང་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་རྫོང་རིམ་པའི་དམག་བསྡུ་གཞུང་དོན་ཁང་ལ་སྤྲོད་དགོས་པ་དང་། དེའི་རྗེས་རྫོང་རིམ་པའི་དམག་བསྡུ་གཞུང་དོན་ཁང་གིས་ཆབ་སྲིད་དཔྱད་ཞིབ་ཀྱི་རྗེས་མཐུད་ལས་དོན་ལེགས་སྒྲུབ་བྱེད་དགོས།

(ལྔ།)ཡིག་ཚགས་སྐྱེལ་ནས་བསྡུ་ལེན་བྱ་རྒྱུ། ཞིང་ཆེན་སློབ་གསོ་སློབ་བསྡུ་ཡིག་རྒྱུགས་ཁང་གིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་འཆར་གཞི་དང་། ལུས་ཕུང་བརྟག་དཔྱད། ཆབ་སྲིད་དཔྱད་ཞིབ་བཅས་ཀྱི་ཚད་ལོན་རྒྱུགས་སྤྲོད་སློབ་མའི་རེ་འདུན་རེའུ་མིག་དང་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱེད་པའི་མཐོ་སློབ་ཀྱི་ཡིག་ཚགས་ལེགས་སྒྲིག་བསྡུར་ཚད་ཀྱི་བླང་བྱ་གཞིར་བཟུང་ནས། མཉམ་གཅིག་ཏུ་རེ་འདུན་ཡིག་ཚགས་དུ་མར་བསྐང་ཆོག་པ་དང་། ཡིག་ཚགས་སྐྱེལ་བའི་བསྡུར་ཚད100%ཡིན་པ་དང་། དེ་དག་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱེད་པའི་མཐོ་རིམ་སློབ་གྲྭས་བསྡུ་རྒྱུ་རེད། རྒྱུགས་སྤྲོད་སློབ་མའི་བསྡུ་ལེན་གྲངས་འབོར་མི་འདང་ཚེ་ཞིང་ཆེན་ནང་ཁུལ་གྱི་ལུས་པོ་བརྟག་དཔྱད་དང་ཆབ་སྲིད་དཔྱད་ཞིབ་ཚད་ལོན་ཡོད་པའི་རྒྱུགས་སྤྲོད་སློབ་མའི་ཁྲོད་ཡང་བསྐྱར་རེ་འདུན་བསྐང་ནས་བསྡུ་ལེན་བྱ་རྒྱུ་རེད།

བཞི། མཉམ་འབྲེལ་གསོ་སྐྱོང་།

ཁ་ཕྱོགས་གཏན་འཁེལ་གྱིས་དམག་མི་གསོ་སྐྱོང་དེས་ལོ3ལ་སློབ་སྦྱོང་བྱེད་དགོས་པ་དང་། སློབ་གྲྭ་ནས་མཐར་ཕྱིན་རྗེས་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ཐོབ་ཡོད། སློབ་ལོ་སྔོན་མ་སྟེ་ལོ2.5ལ་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་མཐོ་རིམ་སློབ་གྲྭས་འགན་འཁུར་རྒྱུ་དང་། རྗེས་མའི་ལོ0.5ཡི་ནང་དམག་ལ་ཞུགས་ནས་དངོས་སྦྱོང་སྒྲིག་འཛུགས་བྱ་རྒྱུ། དེའི་ནང་དམག་ལ་ཞུགས་ནས་སྦྱོང་བརྡར་དང་ལས་གནས་མ་ཞུགས་གོང་གི་སྦྱོང་བརྡར་ཚུད་ཡོད་པ་དང་། དེ་བསྡུ་ལེན་དཔུང་སྡེ་ཡིས་འགན་འཁུར་དགོས།
བློ་འདྲི་ཁ་པར། ཞིང་ཆེན་དམག་བསྡུ་གཞུང་ལས་ཁང་། 0971—6391205

ཐེར་འདོན་ཁ་པར། སློབ་གསོ་ཐིན་དུ་བཅའ་སྡོད་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་དོ་དམ་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་། 0971-6312917

ཞིང་ཆེན་དམག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། 0971—6391616

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམག་བསྡུ་གཞུང་ལས་ཁང་།

2024ལོའི་ཟླ6པའི་ཚེས8ཉིན།

2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཁ་ཕྱོགས་གཏན་འཁེལ་གྱི་དམག་དཔོན་གསོ་སྐྱོང་སློབ་བསྡུའི་འཆར་གཞི།

གྲོང་ཁྱེར་དང་ཁུལ་དང་རྫོང(གྲོང་ཁྱེར། ཆུས)སོ་སོའི་དམག་བསྡུ་གཞུང་དོན་ཁང་གི་བློ་འདྲི་ཁ་པར།


མཉམ་སྤྱོད།