དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-12 07:28:02   |   1894

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་སྒོ་དབྱེའི་ཁོར་ཡུག་བསྐྲུན་རྒྱུ་ནན་བཤད་གནང་།

  • ཉེ་ཆར། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་རྩིས་བཤེར་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། དེ་ནི2024ལོའི་ཟླ7ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན། 

  • 2024ལོའི་ལྔ་པའི་ཚེས་ལྔའི་གུང་གསེང་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་སྐོར་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར6.3ལས་བརྒལ་ཡོད། 

  •  2024ལོའི་ལྔ་པའི་ཚེས་ལྔའི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཕྱིར་ཚོང་བྱེད་ཚད་ན་ནིང་གི་དུས་མཚུངས་ལས9.8%འཕར་ཡོད་པ་རེད། 

1.jpg

  •  ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར2284.7ཟིན་པ་དང་། དེ་དུས་མཚུངས་ལས10.8%འཕར་ཡོད། 

  •  ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་གྲོ་བསྡུ་ཚད་བཅུ་ཆ་བརྒྱད་ཙམ་ཟིན་པ་དང་དབྱར་འདེབས་བཅུ་ཆ་བཞི་ཟིན་ཡོད་པ་རེད། 

  •  རང་རྒྱལ་གྱི་གྲ་སྒྲིག་དབྱིངས་སྐྱོད་འཕུར་སྐྱོད་པ་ཁག་བཞི་པ་འདེམས་སྒྲུག་ལས་དོན་ཉིན་ཤས་གོང་མཇུག་འགྲིལ་ནས་ཁྱོན་མི10བདམས་ཐོན་བྱུང་བའི་ནང་ཞང་ཀང་དང་ཨའོ་མོན་ས་ཁུལ་ནས་མི1བདམས་ཐོན་བྱུང་ཡོད་པ་རེད། 

  •  རང་རྒྱལ་རྒྱལ་སྲུང་པུས་ཧོ་ལན(荷兰)མཚོ་དམག་གི་གྲུ་ཐོག་ཐད་འཕུར་གནམ་གྲུའི་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་ལ་དགག་པ་བརྒྱབ་སྟེ། ཧོ་ལན་ཕྱོགས་ལ་མཚོ་ཐོག་དང་མཁའ་ཐོག་དམག་ཤུགས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ཁེ་དབང་ལ་བཙན་གནོད་དང་འཁྲུག་རྐྱེན་སློང་བའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན་པ་བསྟན། 

  •  ཚེས11ཉིན། མཱ་ལ་ཝེའི(马拉维)ཙུང་ཐུང་ཁྲ་ཁེ་ཝུའེ་ལ(查克维拉)ཡིས་མཱ་ལ་ཝེའི་ཙུང་ཐུང་གཞོན་པ་ཆི་ལི་མ(奇利马)བསྡད་པའི་དམག་མིའི་གནམ་གྲུ་ཐང་ལ་ལྷུང་བ་དང་དམག་མིའི་གནམ་གྲུའི་ཆག་རོ་རྙེད་པ། གནམ་གྲུའི་ཐོག་གི་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་བསྟན། 

 སྤྱི་ཚོགས། 

  •  ཚེས12ནས་ཚེས14ཉིན་བར། ཧྭ་བྱང་གི་ས་ཆ་མང་ཆེ་བ་དང་། ཧོང་ཧའེ། ཧྲའན་ཞིའི་དབུས་བྱང་རྒྱུད། ཅང་སུའུ་དང་ཨན་ཧུའེ་ཡི་བྱང་རྒྱུད། དེ་བཞིན་ཞིན་ཅང་ལྷོ་རྒྱུད་ཀྱི་གཤོངས་ས་སོགས་སུ་རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་བྱུང་རྒྱུ་རེད། 

  •  ཞིང་ཆེན་མང་པོ་ཞིག་གིས་ཚེས23ཉིན་ནས་བཟུང་མཐོ་རྒྱུགས་ཀྱི་སྦྱངས་འབྲས་ལ་འཚོལ་ཞིབ་བཤེར་བྱ་ཆོག་པ་དང་། མང་ཆེ་བ་ཚེས23ནས་ཚེས25ཉིན་བར་གཅིག་སྡུད་བྱས་ཡོད་པ་བསྟན། 

  •  2024ལོའི་ཉིན་བརྒྱ་ལ་བྱེ་བ་མང་པོའི་གདན་ཞུའི་ཆེད་དོན་བྱ་སྤྱོད་ཉིན་ཤས་གོང་སྤེལ་མགོ་ཚུགས་པ་དང་། གཟའ་འཁོར་དང་པོར་དྲ་སྦྲེལ་དང་། སྨན་བཅོས་འཕྲོད་བསྟེན། དངུལ་རྩ།ནུ ས་རྒྱུ་བཟོ་སྐྲུན་བཅས་དྲ་ཐོག་གདན་ཞུའི་ཆེད་དོན་ཚོགས་ར4བཏོན་ནས་ལས་གནས་ཁྲི25.9མཁོ་འདོན་བྱས་ཡོད་པ་རེད། 

  •  ཁྲིམས་འཛིན་པུ་ཡིས2024ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཏེ། རྩིས་གཞི་ཡིག་རྒྱུགས་ཚེས14ཉིན་ནས་བཟུང་དྲ་ཐོག་ནས་མིང་ཐོ་འགོད་རྒྱུ་ཁ་གསལ་བཏང་བ་རེད། 

2.jpg

  • ཟླ་བ་གཉིས་ལྷག་ཙམ་རིང་ལོགས་བཀར་ནད་ཡམས་ཞིབ་བཤེར་དང་བར་བརྒལ་འཚམ་པར་གྱུར་རྗེས། “ཧྥུའུ་པའོ”(福宝)ཚེས12ཉིན་ཝོ་ལུང་ཧྲེན་ཧྲུའུ་ཕིང(卧龙神树坪)རྟེན་གཞིར་སྤྱི་དམངས་དང་དངོས་སུ་ཐུག་འཕྲད་བྱ་རྒྱུ་ཡིན་པ་རེད། 

  •  ཚེས11ཉིན། དམངས་སྲིད་པུས་ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་ཀྱི་འབྲེལ་ཡོད་གནད་དོན་ལ་བརྟག་དཔྱད་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།  

3.jpg

  • རང་རྒྱལ་གྱིས་རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཚད་བརྒལ་གློག་རྡུལ་རྩིས་འཁོར་གྱི་འགག་རྩའི་ལྟེ་བའི་སྒྲིག་ཆས་དངོས་སུ་བཟོ་སྐྲུན་བྱུང་སྟེ། རང་རྒྱལ་གྱི་སླ་རུ་གཏོང་བའི་གྲང་བཟོ་ཁྱབ་ཁོངས་སུ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད། 

  •  ཟླ6པའི་ཚེས10ཉིན་བར། ཐ་ལི་མུའུ་བྱེ་ཐང་གཞུང་ལམ་གྱི་ཐཱན་མེད་དཔེ་སྟོན་ལས་གྲྭས་རིམ་རྩིས་བྱས་ན་ལྗང་མདོག་གློག་ཏུའུ་ཁྲི500ལས་བརྒལ་བ་ཐོན་སྐྱེད་བྱས་ཡོད་པ་རེད། 

 སྲིད་ཇུས།

  •  ཨན་ཧུའེ་ཡིས་ཡིག་ཆ་བཀྲམ་སྟེ། ཆ་རྐྱེན་དང་མཐུན་པའི་གཙོ་གནད་ལས་ཞུགས་ཚོགས་པས་རེ་ཞུ་བྱས་པའི་ལས་གཏོད་ཁག་ཐེག་དངུལ་བུན་ལ་དངུལ་བུན་གྱི་སྐྱེད་ཚད་མཐོ་ཤོས་ཀྱི་ཁྱབ་ཁོངས་ནང་ནོར་སྲིད་སྡེ་ཚན་གྱིས་དངུལ་བུན་གྱི་སྐྱེད་ཚད་དངོས་ཀྱི50%ཡི་ནོར་སྲིད་སྐྱེད་ཀ་སྤྲོད་རྒྱུ་དང་། མི་སྒེར་གྱི་གྲངས་ཚད་མཐོ་ཤོས་སྒོར་ཁྲི50སྤྲོད་རྒྱུ་རེད། 

  •  ཧོ་པེ་ཡིས་དམའ་ས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁེ་བེད་བདག་ཐོབ་ཀྱི་བྱ་དགའི་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཕུལ་བྱུང་བྱ་དགའ་བཅས་ཐོབ་པའི་དམངས་གཉེར་ཁེ་ལས་ལ་སྒོར་ཁྲི100དང་། སྒོར་ཁྲི50དང་། སྒོར་ཁྲི10བཅས་ཀྱི་བྱ་དགའ་སྤྲོད་རྒྱུ་རེད།

  •  ཡུན་ནན་གྱིས་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྲོན་དངུལ་ཚད1%བར་དམའ་རུ་གཏོང་བའི་སྲིད་ཇུས་ལོ་གཅིག་རིང་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་ཡིན་པའི་གཏན་འབེབས་བཏོན།

 དེ་རིང་གི་གནམ་གཤིས།

4.jpg

  •  ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཅང་ནན་གྱི་དབུས་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད། ཧྭ་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆར་བ་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཅང་ཞིའི་དབུས་རྒྱུད་དང་། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད་། ཧུའུ་ནན་གྱི་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲར་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།