དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་རྒྱུན་ལྕགས་རྟ་བསྐོར་ན་དགེ་མཚན་གང་དག་ཡོད།

2024-06-12 08:58:30   |   1286

རྩོམ་སྒྲིག   དོན་འགྲུབ་མཚོ།   ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


640.jpg

ལྕགས་རྟ་བསྐོར་བ་ནི་བདེ་ཐང་གི་སྒོ་ཕྱིར་སྐྱོད་སྟངས་ཤིག་ཡིན་པར་མ་ཟད། ལྕགས་རྟ་བསྐོར་ནས་སྒོ་ཕྱིར་བསྐྱོད་ན་འགྲུལ་བཞུད་ཁྲོད་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ། ད་སྐབས་ནི་ལྕགས་རྟ་བསྐོར་བར་ཆེས་འཚམ་པའི་དུས་ཚིགས་ཡིན་པས། གྲོགས་པོ་འགའ་དང་མཉམ་དུ་ལྕགས་རྟ་བསྐོར་ནས་སྒོ་ཕྱིར་བསྐྱོད་ན་ཤིན་ཏུ་སྐྱིད་ངེས། འོ་ན་ལྕགས་རྟ་བསྐོར་བར་དགེ་མཚན་གང་དག་ཡོད་དམ་ཞེ་ན། 

1 སྙིང་དང་ཁྲག་གི་བྱེད་ནུས་ཇེ་ལེགས་སུ་གཏོང་བར་ཕན། 

དུས་ཡུན་རིང་བོར་ཆོས་ཉིད་དང་ལྡན་པའི་སྒོ་ནས་ལྕགས་རྟ་བསྐོར་རྒྱུ་རྒྱུན་འཁྱོངས་བྱས་ན། མིའི་སྙིང་ཤ་འཁུམ་ཤུགས་ཇེ་ཆེར་གྱུར་ནས་སྙིང་གི་བྱེད་ནུས་ཇེ་ལེགས་སུ་གཏོང་ཐུབ་ལ། དུས་མཚུངས་སུ་མཐའ་འཁོར་གྱི་ཁྲག་རྩའི་འཁོར་རྒྱུག་ཕྲ་མོར་སྐུལ་འདེད་གཏོང་ཐུབ། དེ་བས། ལྕགས་རྟ་བསྐོར་བ་ནི་སྙིང་ནད་སྔོན་འགོག་བྱེད་པའི་འགུལ་སྐྱོད་ལེགས་ཤོས་ཤིག་ཡིན། 

2 གློ་བའི་བྱེད་ནུས་ཇེ་ལེགས་སུ་གཏོང་བར་ཕན། 

ལྕགས་རྟ་བསྐོར་བའི་འགུལ་སྐྱོད་ཀྱིས་གློ་བའི་ཤ་གནད་ཀྱི་འཁུམ་ཤུགས་དང་གློ་དབུགས་རྒྱུ་ཚད་ཇེ་མང་དུ་གཏོང་ཐུབ་པས། དུས་ཡུན་རིང་བོར་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན་དབུགས་ཐག་མངོན་གསལ་གྱིས་ཇེ་རིང་དུ་གཏོང་ཐུབ་ལ། དུས་མཚུངས་སུ་ལྕགས་རྟ་བསྐོར་ན་ངེས་པར་སྒོ་ཕྱི་ནས་བསྐོར་དགོས་པས། མཁའ་དབུགས་སྤུས་ཚད་ཅུང་ལེགས་པའི་ཁོར་ཡུག་གིས་གློ་དབུགས་རྒྱུ་ཚད་ཇེ་ལེགས་སུ་གཏོང་བར་རམ་འདེགས་བྱེད་ཐུབ་པར་མ་ཟད། གློ་བའི་དབུགས་འབྱིན་རྔུབ་ནུས་པ་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་ཐུབ། 

3 ཀླད་པ་རྒས་པ་སྔོན་འགོག་བྱེད་པར་ཕན། 

དེང་རབས་འགུལ་སྐྱོད་རིག་པའི་ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། ལྕགས་རྟ་སྐོར་བ་ནི་མི་ལུས་ཀྱི་གཞོགས་གཉིས་བཀོད་འདོམ་འགུལ་སྐྱོད་ལ་གཏོགས་པས། རྐང་པ་གཉིས་ཀྱིས་རེས་མོས་སྒོས་ལྕགས་རྟ་བསྐོར་ན་གཡས་གཡོན་གཞོགས་གཉིས་ཀྱི་ཀླད་པའི་བྱེད་ནུས་གསར་སྤེལ་བྱེད་པར་ཕན་པ་དང་། དེས་ཀླད་པ་རྒས་པ་དང་ཀླད་པའི་གཞོགས་ཕྱེད་བེད་མེད་དུ་འགྲོ་བ་སྔོན་འགོག་བྱ་ཐུབ། 

4 རྐང་ལག་གི་མཐུན་སྦྱོར་ཇེ་ལེགས་སུ་འགྲོ་བར་ཕན།

མི་རྣམས་ཀྱིས་ལྕགས་རྟ་སྐོར་སྐབས་རྐང་པ་གཉིས་ཀྱིས་རེས་མོས་སྒོས་རྐང་སྟེགས་གནོན་དགོས་པ་དང་ལག་པས་ར་ཅོ་འཛིན་དགོས་པས། ཚད་ངེས་ཅན་ནས་རྐང་ལག་བཞིའི་མཐུན་སྦྱོར་རང་བཞིན་ཇེ་ལེགས་སུ་གཏོང་ཐུབ་ལ། དུས་མཚུངས་སུ་དཔྱི་དང་པུས་མོ། ལོང་ཚིགས། སྒལ་བ། དཔུང་པ། རྐེད་པ། ཐེར་ཁུགས། རྐུབ་སོགས་ཀྱི་ཤ་གནད་དང་རུས་ཚིགས། རྒྱུས་པ་བཅས་ལ་སྦྱོར་བརྡར་ནུས་ལྡན་བྱ་ཐུབ་ཅིང་། དེ་དག་གིས་ལུས་ཧྲིལ་བོའི་ཤ་གནད་ཀྱི་མཐུན་སྦྱོར་རང་བཞིན་ལ་སྐུལ་འདེད་བྱ་ཐུབ། 

5 སེམས་ཁམས་བདེ་ཐང་ལ་སྐུལ་འདེད་བྱེད་པར་ཕན། 

དུས་རྒྱུན་ལྕགས་རྟ་བསྐོར་ན་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད། སེམས་ཁྲལ་དང་སྐྱོ་བ་བསངས་ཏེ། སྤྲོ་སྣང་དང་ཧུར་བརྩོན་ཡར་བསྐྱེད་ཀྱི་སེམས་ཁམས་བཟང་བོ་གསོ་སྐྱོང་བྱེད་པར་ཕན། 


མཉམ་སྤྱོད།