དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག (ཁག12པ།)

2024-06-12 08:49:58   |   124

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


དོན་ཚན་ང་གཉིས་པ། དོན་ཚན་ལྔ་བཅུ་པ་དང་དོན་ཚན་ང་གཅིག་པའི་ནང་དུ་འཁོད་པའི་ནང་དོན་ལས་རིགས་གཅིག་ཡོད་པའི་ཚགས་དེབ་དང་། དཔེ་དེབ། སྒྲ་བརྙན་ཐོན་རྫས། གློག་རྡུལ་ཀློག་དེབ་བཅས་དང་། དེ་བཞིན་དྲ་རྒྱའི་ཡིག་ཆ་དང་། པར་རིས། སྒྲ་ཟློས། བརྙན་ཟློས་དཔྱད་ཡིག་སོགས་བཟོ་སྒྲིག་དང་། ལྐོག་འཚོང་། བརྒྱུད་བསྒྲགས་བཅས་བྱས་པ་ཡིན་ན། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ལྔ་བཅུ་པ་དང་དོན་ཚན་ང་གཅིག་པའི་ནང་དུ་འཁོད་པའི་ནང་དོན་ལས་རིགས་གཅིག་ཡོད་པའི་ཚགས་དེབ་དང་། དཔེ་དེབ། སྒྲ་བརྙན་ཐོན་རྫས། གློག་རྡུལ་ཀློག་དེབ་སོགས་རྒྱལ་མཚམས་ནས་རང་དགར་ཕར་འཁྱེར་ཚུར་འཁྱེར་དང་སྦྲག་སྐྱེལ་བྱས་པ་ཡིན་ན། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ལྔ་བཅུ་པ་དང་དོན་ཚན་ང་གཅིག་པའི་ནང་དུ་འཁོད་པའི་ནང་དོན་ལས་རིགས་གཅིག་ཡོད་པའི་ཚགས་དེབ་དང་། དཔེ་དེབ། སྒྲ་བརྙན་ཐོན་རྫས། གློག་རྡུལ་ཀློག་དེབ་བཅས་དང་། དེ་བཞིན་དྲ་རྒྱའི་ཡིག་ཆ་དང་། པར་རིས། སྒྲ་ཟློས། བརྙན་ཟློས་དཔྱད་ཡིག་སོགས་རང་དགར་ཀློག་པ་དང་། བཤར་ལྟ། ཉན་པ་བཅས་བྱས་པ་ཡིན་ན། ཉེས་ཚབས་ཆེ་རིགས་ལ་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་ང་གསུམ་པ། ཏང་ནང་དུ་གསང་བའི་ཚོགས་པ་སྒྲིག་འཛུགས་བྱེད་པའམ་ཏང་ཁ་ཕྲལ་གཏོང་བའི་བྱེད་སྒོ་གཞན་དག་སྒྲིག་འཛུགས་བྱས་རིགས་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གསང་བའི་ཚོགས་པར་ཞུགས་པའམ་ཏང་ཁ་ཕྲལ་གཏོང་བའི་བྱེད་སྒོ་གཞན་དག་ལ་ཞུགས་ན། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ང་བཞི་པ། ཏང་ནང་དུ་ཤོག་ཁག་སྒྲིག་པ་དང་། ངན་རུབ་སྒེར་གཉེར། ཚོགས་པ་ཁྱུ་སྒྲིག ཆབ་སྲིད་ཀྱི་བརྟེན་སྐྱོར། སྒེར་གྱི་སྟོབས་ཤུགས་གསོ་སྐྱོང་བྱེད་པ་སོགས་རྩ་འཛུགས་མ་ཡིན་པའི་བྱེད་སྒོ་སྤེལ་བ་དང་། ཡང་ན་ཁེ་ཕན་བརྗེ་རེས་བྱེད་པ་དང་རང་ཉིད་ཀྱི་ཟིལ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ནས་ཆབ་སྲིད་ཀྱི་མ་རྩ་རག་ཐབས་བྱེད་རིགས་ལ། ཐ་ཚིག་ནན་པོ་སྒྲོག་པའམ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ས་ཁུལ་དེ་ག་དང་། སྡེ་ཁག་དེ་ག སྡེ་ཚན་དེ་ག་བཅས་ཀྱི་ཆབ་སྲིད་སྐྱེ་ཁམས་ཇེ་སྡུག་ཏུ་སོང་རིགས་ལ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ང་ལྔ་པ། མགོ་བདེ་ཁེ་གཉེར་བྱེད་པ་དང་། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་དང་གྲོགས་པོ་སྒྲིག་པའམ་ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་གྱིས་བེད་སྤྱོད་བྱས་རིགས་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་བྱེད་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།


མཉམ་སྤྱོད།