དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་གསར་བ།

2024-06-12 14:26:23   |   1058

རྩོམ་སྒྲིག   དོན་འགྲུབ་མཚོ།   ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


བྷང་ག་ལའི་སྟག་ལས་གཞན། མདོ་དབུས་མཐོ་སྒང་གི་ཚན་ཞིབ་ཐེངས་གཉིས་པ་ཡིས་མདོ་དབུས་མཐོ་སྒང་གི་སྟོང་ཆར་ལུས་པ་དང་ཉམས་ཞན་ཡིན་པའི་གཙོ་གནད་ས་ཁུལ་མང་པོར་ཚན་རིག་རྟོག་ཞིབ་བྱས་པ་བརྒྱུད། སྲོག་ཆགས་ཀྱི་དངོས་རིགས་གསར་བ་དང་ཁྱད་ཆོས། མཐོ་སྒང་གི་ཐལ་མཐའི་ཁོར་ཡུག་ལ་འཕྲོད་བསྟུན་བྱེད་སྟངས། དངོས་རིགས་གྲུབ་པའི་ཆོས་ཉིད་སོགས་ཀྱི་ཐད་དུ་གསར་རྙེད་རབ་དང་རིམ་པ་བྱུང་ཡོད། 

སྐྱེ་དངོས་ཀྱི་དངོས་རིགས་གསར་བ་དང་ཟིན་ཐོ་གསར་བ་རྙེད་ཚུལ་ནི་གཤམ་ལྟར། ཚན་ཞིབ་བྱ་བ་སྤེལ་བ་དང་བསྟུན་ནས་སྲོག་ཆགས་ཀྱི་ཁོངས་གསར་བ་དང་རིགས་གསར་བ། ཟིན་ཐོ་གསར་བ་སོགས་རྒྱུན་ཆད་མེད་པར་གསར་རྙེད་བྱུང་ལ། དེ་དག་གི་ཁྲོད་དུ་གཅན་གཟན་གྱི་ཁོངས་གསར་བ2དང་རིགས་གསར་བ6 འབུ་སྲིན་གྱི་ཁོངས་གསར་བ1དང་རིགས་གསར་བ62 ཟིན་ཐོ་གསར་བ38 སྐམ་ཆུ་གཉིས་འཚོའི་སྲོག་ཆགས་དང་གོག་བགྲོད་སྲོག་ཆགས་ཀྱི་རིགས་གསར་བ39དང་གསར་དུ་ཟིན་ཐོར་བཀོད་པ4 བྱ་རིགས་གསར་དུ་ཟིན་ཐོར་བཀོད་པ་དང་རིགས་ཕལ་བ7  ཉ་རིགས་གསར་དུ་ཟིན་ཐོ་བཀོད་པ3བཅས་ཡོད།

7.jpg

ཚན་ཞིབ་ཐེངས་གཉིས་པའི་ཁྲོད་གསར་རྙེད་བྱུང་བའི་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་ཀྱི་རིགས་གསར་བ།

1.jpg

ཚན་ཞིབ་ཐེངས་གཉིས་པའི་ཁྲོད་གསར་རྙེད་བྱུང་བའི་གོག་བགྲོད་སྲོག་ཆགས་ཀྱི་རིགས་གསར་བ།

2.jpg

ཚན་ཞིབ་ཐེངས་གཉིས་པའི་ཁྲོད་གསར་རྙེད་བྱུང་བའི་གཅན་གཟན་གྱི་རིགས་གསར་བ།

3.jpg

ཚན་ཞིབ་ཐེངས་གཉིས་པའི་ཁྲོད་གསར་རྙེད་བྱུང་བའི་ཀྲུང་གོའི་ཟིན་ཐོ་གསར་བ། མཐིང་ཁྱེམ།

ལྷོ་ཁ་ས་ཁུལ་ནས་གསར་རྙེད་བྱུང་བའི་ཕག་རྔའི་བྱི་བ་ཡིས་ཁྱད་རྟགས་གསར་བ་ཞིག་སྟེ་སྒྲ་རླབས་གནས་ཐིག་གཏན་ཁེལ་ལ་ར་སྤྲོད་ལེགས་པོ་བྱས་ཤིང་།  ཕག་རྔའི་བྱི་བ་ནི་འཐབ་ཇུས་སྐྱེ་དངོས་ཐོན་ཁུངས་ཀྱི་མངོན་མེད་དངོས་རིགས་སུ་འགྱུར་སྲིད་ལ། དེས་སྒྲ་རླབས་གནས་ཐིག་གཏན་ཁེལ་རྐྱེན་སྲོལ་ལ་ཞིབ་འཇུག་དང་ཚད་བརྒལ་སྒྲ་རླབས་ཀྱི་རྟོག་འཇལ་གཏིང་ཚད་ཇེ་ཟབ་ཏུ་གཏོང་བའི་ཐད་རེ་བ་གསར་བ་འདོན་སྤྲོད་བྱས། 

4.jpg

རིག་ཚན་སྣ་མང་བསྣོལ་བའི་ལམ་ནས་ཕག་རྔའི་བྱི་བའི་སྒྲ་རླབས་གནས་ཐིག་གཏན་ཁེལ་མ་ལག་ལ་དབྱེ་ཞིབ་བྱེད་པ། 

ཆུ་ཚན་སྦྲུལ་མཐོ་སྒང་ལ་འཕྲོད་བསྟུན་བྱེད་པའི་རྐྱེན་སྲོལ། མདོ་དབུས་མཐོ་སྒང་གི་དམིགས་བསལ་དངོས་རིགས་རྩ་ཆེན་ཏེ་བོད་ལྗོངས་ཆུ་ཚན་སྦྲུལ་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས། རིམ་པ་བཞིན་མ་ལག་གི་རིམ་འགྱུར་དང་། ལུས་ཁམས་དང་སྐྱེ་ཁམས། ཆ་རྡུལ་རྒྱུད་རྒྱུ་སོགས་ཀྱི་ངོས་ཐད་ནས་དེ་ཉིད་མདོ་དབུས་མཐོ་སྒང་གི་དམིགས་བསལ་ཁོར་ཡུག་ལ་འཕྲོད་བསྟུན་བྱེད་པའི་རྐྱེན་སྲོལ་ལ་མ་ལག་དང་ལྡན་པའི་དབྱེ་ཞིབ་བྱས་ཤིང་། ཞིབ་འཇུག་གྲུབ་འབྲས་དེ་དྲོད་འགྱུར་གོག་བགྲོད་སྲོག་ཆགས་མཐོ་སྒང་གི་ཐལ་མཐའི་ཁོར་ཡུག་ལ་འཕྲོད་བསྟུན་བྱེད་སྟངས་ལ་རྒྱུས་ལོན་དང་དངོས་རིགས་དེ་དག་གི་སྲུང་སྐྱོབ་འཐབ་ཇུས་བཟོ་བའི་ཐད་དོན་སྙིང་གལ་ཆེན་ལྡན། 

5.jpg

མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་དངོས་རིགས་རྩ་ཆེན་ཏེ། བོད་ལྗོངས་ཆུ་ཚན་སྦྲུལ། 

མདོ་དབུས་མཐོ་སྒང་ཡར་འཕགས་པ་ཡིས་བྱི་ལ་དོམ་ལ་དངོས་རིགས་ཁ་གྱེས་བྱུང་དུ་བཅུག་ཡོད་པ་སྟེ། ཧི་མ་ལ་ཡའི་རི་རྒྱུད་དང་འཕྲད་བཅད་རི་རྒྱུད་དུ་འཚོ་བའི་བྱི་ལ་དོམ་ནི་ས་ཁམས་འགྱུར་ལྡོག་དང་ས་བབ་ཀྱི་འགོག་རྐྱེན་གྱི་དབང་གིས་ལོ་ངོ25ཡི་གོང་རོལ་ནས་བཟུང་ཀྲུང་ཧྭ་བྱི་ལ་དོམ་དང་ཧི་མ་ལ་ཡའི་བྱི་ལ་དོམ་གཉིས་སུ་གྱེས་མགོ་བརྩམས་ཡོད། 

6.jpg

འཕྲད་བཅད་རི་རྒྱུད་དུ་ཁྱབ་པའི་ཀྲུང་ཧྭ་བྱི་ལ་དོམ(གཡོན)དང་ཧི་མ་ལ་ཡ་རི་རྒྱུད་དུ་ཁྱབ་པའི་ཧི་མ་ལ་ཡའི་བྱི་ལ་དོམ(གཡས)


མཉམ་སྤྱོད།