དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སོ་དྲུག་པ་འཚོག་པའི་བརྡ་སྦྱོར།

2024-06-12 15:11:15   |   435

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པ། བཤེར་འབེབས། རིན་ཆེན་ཚེ་རིང་།


2~3.jpg

གཙོ་གཉེར་ཚན་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རིག་ལུས་གནས་སྐོར་རླུང་བརྙན་ཅུ།

གཞོགས་འདེགས་ཚན་པ། མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས།

རོགས་སྐྱོར་ཚན་པ། བཀྲ་ཤིས་བེེཌཱུརྱ་བོད་ཀྲུང་སྨན་ཁང་དང་། གཅན་ཚ་རྫོང་ཚོང་དོན་སྐུལ་སྤེལ་མཐུན་ཚོགས། མཚོ་སྔོན་ཕུན་འབྱོར་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར།

བྱེད་སྒོའི་དུས་ཚོད། 2024ལོའི་ཟླ6པའི་ཚེས15ཉིན་ནས་ཚེས16ཉིན་བར་(ལུགས་རྙིང་གི་ཟླ5པའི་ཚེས10ནས11བར།)གྱི་སྔ་དྲོའི་ཆུ་ཚོད10:00བར་ཡིན།

བྱེད་སྒོ་སྤེལ་ཡུལ། ཟི་ལིང་ལྷོ་རི་སྤྱི་གླིང་གི་མཚོ་སྔོན་གངས་ལྗོངས་དམངས་སྲོལ་རྟེན་མཛོད་ཁང་གླིང་ཀ

བྱེད་སྒོའི་ནང་དོན།

གཅིག  ཡུལ་ཤུལ་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན།(ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད10:00ནས་ཆུ་ཚོད12:00བར)

གཉིས། བོད་ཡིག་ཡིག་གཟུགས་འགྲེམས་སྟོན།(ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད10:00ནས་ཚེས16ཉིན་གྱི་ཆུ་ཚོད16:00བར)

གསུམ། མདའ་འཕེན་འགྲན་བསྡུར།(ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད09:00ནས་ཆུ་ཚོད12:30བར)

བཞི། ཞིང་ཕྱུགས་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་འགྲེམས་སྟོན།(ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད10:00ནས་ཚེས16ཉིན་གྱི་ཆུ་ཚོད16:00བར)

ལྔ། ཞིང་ཕྱུགས་དང་གཟུགས་འདས་ཤུལ་བཞག་ཐོན་རྫས་འགྲེམས་སྟོན།(ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད10:00དང་ཚེས16ཉིན་གྱི་ཆུ་ཚོད16:00སྟེང་།)

དྲུག ཟི་ལིང་ས་ཁུལ་གྱི་རིག་རྩལ་འཁྲབ་སྟོན།(ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད9:30ནས་ཆུ་ཚོད11:30བར)


མཉམ་སྤྱོད།