དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་སློབ་གྲྭ་གསར་པ་འདི་གཉིས་ཀྱིས་ད་ལོར་སློབ་མ་བསྡུ་རྒྱུ་རེད།

2024-06-13 08:40:02   |   311

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས11ཉིན་མི་དམངས་དྲ་བས་སྤེལ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་སྙན་ཞུ་ཕུལ་བའི་མཚོ་སྔོན་དངོས་ལུགས་དང་བཟོ་སྐྲུན་རིག་པའི་སློབ་གླིང་གསར་འཛུགས་དང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གསར་འཛུགས་གཉིས་ལ་སློབ་གསོ་པུ་ཡིས་དངོས་སུ་ཆོག་མཆན་ཐོབ།  2024ལོར་སློབ་གྲྭ་དེ་གཉིས་ཀྱིས་སློབ་མ་ཐོག་མར་བསྡུ་རྒྱུ་རེད་ལ། དེ་ལས་མཚོ་སྔོན་དངོས་ལུགས་བཟོ་སྐྲུན་རིག་པའི་སློབ་གླིང་གིས་ཐོག་མར་རླུང་ཁམས་ཆེན་པོའི་རིག་ཚན་སོགས་དངོས་གཞི་དཀྱུས་མའི་ཆེད་ལས་རིག་ཚན13བཀོད་སྒྲིག་བརྒྱབ་ཡོད་པ་དང་།  མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་ལམ་དང་ཟམ་པའི་ཨར་སྐྲུན་ལ་སོགས་ལས་རིགས་ཀྱི་དངོས་གཞི་ཆེད་ལས6བཀོད་སྒྲིག་བརྒྱབ་ནས་ད་ལོའི་སློབ་བསྡུའི་འཆར་གཞིའི་ནང་བཞག་སྟེ།  2024ལོའི་མཐོ་རྒྱུགས་ཁྲོད་ནས་སློབ་མ་བསྡུ་རྒྱུ་རེད།

图片1.png

སློབ་གྲྭ་དེ་གཉིས་གསར་དུ་བཙུགས་པ་ལ་ཆོག་མཆན་ཐོབ་པ་དེས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་འབོར་ཇེ་མཐོ་དང་། མཚོ་སྔོན་གྱི་སློབ་བུས་མཐོ་རིམ་སློབ་གསོ་མྱོང་བའི་གོ་སྐབས་ཇེ་མང་དང་། མཐོ་རིམ་སློབ་གསོའི་བཀོད་པ་དང་གྲུབ་སྟངས་ལེགས་བསྒྱུར་བཅས་ཡོང་ཐུབ་པར་མ་ཟད།   ལས་རིགས་སློབ་གསོ“འབྲི་རིམ་ནས་མཐོ་རིམ། དངོས་གཞིའི་བར”གྱི་འབྲེལ་ཐག་མུ་བཞིན་བསྐྱོང་བའི་འཇོན་མི་སྐྱེད་སྲིང་མ་ལག་ཆགས་ཐུབ་པ་མཚོན། 

ཤེས་གསལ་ལྟར་ན། མཚོ་སྔོན་དངོས་ལུགས་བཟོ་སྐྲུན་རིག་པའི་སློབ་གླིང་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དཀྱུས་མའི་གཞུང་གཉེར་སློབ་གྲྭ་ཞིག་ཡིན། 2019ལོར་སློབ་གྲྭ་བསྐྲུན་མགོ་བརྩམས་ཤིང་། 2024ལོར་སློབ་གསོ་པུ་ཡིས་ཆོག་མཆན་ཐོབ།
སློབ་གྲྭ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་བྱང་དུ་ཡོད་ཅིང་། 2023ལོའི་ཟླ9པར་འཛུགས་སྐྲུན་ལེགས་པར་གྲུབ་ནས་བཀོལ་སྤྱོད་བྱེད་མགོ་བརྩམས། སློབ་གྲྭས“བཟོ་སྐྲུན་གཙོ་བྱས་ནས་དངོས་ལུགས་དང་བཟོ་སྐྲུན། དཔལ་འབྱོར་ལ་སོགས་རིག་ཚན་དུ་མ་མཉམ་དུ་སྤེལ་བའི”ཆེད་ལས་རིག་ཚན་གྱི་ཁ་ཕྱོགས་གཏན་འཁེལ་དང་། “བཟོ་སྐྲུན་རིག་ཚན་སྟོབས་ཆེ་ཞིང་། དངོས་ལུགས་རིག་ཚན་སྤུས་ལེགས་པ། ཚོང་ལས་རིག་ཚན་རྣམ་པར་དག་པ་ཞིག་བསྒྲུབ”པའི་རིག་ཚན་དར་སྤེལ་གྱི་རིགས་ལམ་ལ་བརྩི་སྲུང་བྱས་ཏེ།  སྐྱེ་ཁམས་དང་ཁོར་ཡུག་ཚན་རིག་སློབ་གླིང་དང་། རྩིས་འཁོར་དང་ཆ་འཕྲིན་ཚན་རིག་སློབ་གླིང་། བཟོ་སྐྲུན་རིག་པའི་སློབ་གླིང་།  ཚོང་ལས་རིག་པའི་སློབ་གླིང་།  མར་ཁེ་སི་རིང་ལུགས་རིག་པའི་སློབ་གླིང་།  སྤྱི་ཁོག་སློབ་གསོ་ལྟེ་གནས་བཅས་བཙུགས་ཡོད། དེ་བཞིན་དུ་ཞིབ་འཇུག་ལས་ཁུངས4བཙུགས་ཏེ།  དངོས་གཞིའི་ཆེད་ལས13ཐོག་མར་བཀོད་སྒྲིག་བྱས་པ་རིམ་པ་དང་པོའི་རིག་ཚན9ལ་ཁྱབ་ཡོད།  དེ་ལས་ཞིང་ཆེན་རིམ་པའི་རིག་ཚན་གཙོ་བོ4དང་།  ཞིང་ཆེན་རིམ་པའི་རིག་ཚན་རྩེ་གྲ1བཅས་ཡོད།  མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཚན་རིག་དང་། རྒྱུ་ཆ་གསར་པ་དང་ནུས་ཁུངས་གསར་པ་གསར་སྤེལ་ལ་སོགས་རིག་ཚན་སྐོར་ཞིག་གཙོ་གནད་དུ་བཟུང་ནས“སྐྱེ་ཁམས+”“གནམ་གཤིས+”“ནུས་ཁུངས་གཙང་མ+”“མིས་བཟོས་རིག་ནུས+”བཅས་ཀྱི་ཁྱད་ཆོས་གཟེངས་སུ་བཏོད།  2023ལོར་བཙུགས་པའི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་སྤྲད་པའི་ལས་ཁུངས་གསར་སྣོན་དང་ཆེད་ལས་རབ་འབྱམས་པའི་ཡོན་གནས་སྤྲོད་ས4གསར་དུ་བཙུགས། 2024ལོར་རབ་འབྱམས་ཞིབ་འཇུག་སློབ་མ150མཉམ་འབྲེལ་སྐྱེད་སྲིང་བྱ་བར་ཆོག་མཆན་ཐོབ།  

མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ནི་སློབ་གསོ་པུ་ཡིས2024ལོའི་ཟླ5པར་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་དངོས་གཞིའི་གཞུང་གཉེར་སློབ་ཆེན་ཞིག་ཡིན།  སློབ་གྲྭ་དེ་ནི1976ལོར་བཙུགས་པའི་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་ཤུལ་དུ་བཙུགས་ཡོད།

སློབ་གྲྭ་དེར་རྒྱལ་ཁབ་རིམ་པའི་སྤུས་ལེགས་ཆེད་ལས1དང་། རྒྱལ་ཁབ་ཀྱི་རྐང་འཛིན་ཆེད་ལས6། རྒྱལ་ཁབ་ཀྱི་དེང་རབས་སློབ་མའི་ལམ་ལུགས་ཚོད་ལྟ་བྱེད་པའི་ཆེད་ལས1། ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས14བཅས་དང་།  རྒྱལ་ཁབ་ཀྱི་དྲ་ལམ་སྤུས་ལེགས་སློབ་ཁྲིད1། རྒྱལ་ཁབ་ལས་རིགས་སློབ་གསོ་རྟོག་བཟོ་འདྲ་བཤུས་དཔེ་སྟོན་དངོས་སྦྱོང་རྟེན་གཞི1།  རྒྱལ་ཁབ་རིམ་པའི་དངོས་སྦྱོང་རྟེན་གཞི6། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་དངོས་སྦྱོང་རྟེན་གཞི13།  རྒྱལ་ཁབ་རིམ་པའི་ལག་རྩལ་མཐོ་ཤོས་ཀྱི་འཇོན་མི་ཟབ་སྦྱོང་རྟེན་གཞི3།  ཧྭ་ཝའེ་སྡེ་ཤོག“5G+གྲངས་ཀ་ཅན་གྱི་འཇོན་མི་ཐོན་སློབ་མཉམ་སྤེལ་རྟེན་གཞི”1།   “མཚོ་སྔོན་ཞིང་ཆེན་མཚོ་བོད་མཐོ་སྒང་གཞུང་ལམ་འཛུགས་སྐྲུན་དང་སྲུང་སྐྱོང་གཙོ་གནད་ཉམས་ཞིབ་ཁང་། ”“མཚོ་སྔོན་ཞིང་ཆེན་ལྗང་མདོག་འགྲིམ་འགྲུལ་གནོད་འགོག་གནོད་སེལ་དང་གྲངས་ཀ་ཅན་གྱི་ལག་རྩལ་གཙོ་གནད་ཉམས་ཞིབ་ཁང་།”“མཚོ་སྔོན་ཞིང་ཆེན་མཐོ་སྒང་རླངས་འཁོར་གློག་སྒུལ་ཅན་འགྱུར་དང་རིག་ནུས་ཅན་འགྱུར་གྱི་ལག་རྩལ་གཙོ་གནད་ཉམས་ཞིབ་ཁང་།”བཅས་ཞིང་ཆེན་རིམ་པའི་གཙོ་གནད་ཉམས་ཞིབ་ཁང3བཅས་ཡོད་དོ། །


མཉམ་སྤྱོད།