དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-13 07:45:15   |   1044

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ6ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་གྲོས་ཚོགས་འཚོགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་བྱེད་སྒོའི་མགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ཞུ་ཚིག་ཕུལ། 

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡའོ་ཆི་ཀྲི(姚期智)འཕྲིན་ལན་བཏབ་ནས་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་བ་དང་འབྲེལ་རེ་བ་ནན་པོ་ཡང་བཏོན།

  •  རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ5པར་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས0.3%འཕར་ཡོད། 

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྡོམ་འབོར་སྒོར་དུང་ཕྱུར3000ཡི་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་དངུལ་བུན་བསྐྱར་དུ་བཏང་། 

  •  ནོར་སྲིད་པུས་སྤྱི་བསྒྲགས་བྱས་ཏེ། ཚེས19ཉིན2024ལོའི་ལོ20ཡི་དུས་ཡུན་རིང་བོ་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་མུ་མཐུད་འགྲེམ་སྤེལ་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད། 

  •  ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས་ཟླ5པའི་བར་རང་རྒྱལ་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར1871ཟིན་པ་དེ་དུས་མཚུངས་ལས327%འཕར་ཡོད་པ་རེད། 

  •  ཚེས12ཉིན་གྱི་ཆུ་ཚོད14པར་ཆུ་བེད་པུས་ཧོ་པེ་དང་། ཧྲན་ཤི། ཅང་སུའུ། ཨན་ཧུའེ། ཧྲན་ཏུང་། ཧོ་ནན། ཧྲའན་ཞི། ཀན་སུའུ་ཞིང་ཆེན་བཅས་ལ་དམིགས་ནས་ཐན་པ་འགོག་སྲུང་རིམ་པIVཡི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས།

2.jpg

  •  ཚེས12ཉིན། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པས་རང་བདག་ཞིབ་བཟོ་བྱས་པའིHH-100མཁའ་འགྲུལ་ཚོང་སྤྱོད་མི་མེད་སྐྱེལ་འདྲེན་མ་ལག་ར་སྤྲོད་འཕྲུལ་ཆས་ཧྲའན་ཞི་ཞི་ཨན་དུ་འཕུར་སྐྱོད་ཚོད་ལྟ་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད། 

3.png

  • ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་གཤོངས་སའི་གཏིང་རིམ་གྱི་རྡོ་གཡམ་རླངས་རྩད་ཞིབ་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད། འཚོལ་ཞིབ་ཁྲོན་པ་དེ་ས་འོག་སྨི6666དང་ད་བར་ལོ་དུང་ཕྱུར5.4ཡི་ཧན་ཝུའུ་རྒྱུད(寒武系)ཀྱི་ས་རིམ་ཚད་ལེན་ཚོད་ལྟ་བྱས་ནས་ཐོན་མཐོའི་བཟོ་ལས་རླུང་རྒྱུན་ཐོབ་ཡོད་པ་རེད། 

  • ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་གློག་སྒུལ་རླངས་འཁོར་ལ་གནས་སྐབས་ཁ་གསབ་ལ་ངོ་རྒོལ་བྱེད་པའི་དཔྱ་ཁྲལ་བསྡུ་རྩིས་ཡོད་པས། ཚོང་དོན་པུས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ནོར་འཁྲུལ་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱེད་དགོས་པར་སྐུལ་ལྕག་བྱས་པ་དང་། དགོས་ངེས་ཀྱི་བྱེད་ཐབས་མཐའ་གཅིག་ཏུ་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་ཡིན་པ་བསྟན། 

སྤྱི་ཚོགས། 

4.jpg

  •  ཚེས13ནས་ཚེས15ཉིན་བར་པེ་ཅིན་དང་། ཐེན་ཅིན། ཧོ་པེ་སོགས་ས་ཁུལ་དུ་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད་པ་དང་། དེའི་ནང་ཧོ་པེའི་དབུས་ལྷོ་དང་། ཧྲན་ཏུང་གི་ནུབ་བྱང་རྒྱུད། ཧོ་ནན་གྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད40℃-42℃ཡན་ལ་སླེབས་རྒྱུ་རེད།

  • ཉེ་ཆར་པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དང་པེ་ཅིང་སྐད་ཡིག་སློབ་ཆེན་གྱིས་ཞུང་ཨན་སློབ་ཁུལ་བསྐྲུན་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། 

  •  ཚེས12ཉིན་བར་ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་དུས་ཐེངས་དང་པོའི་ལས་གྲྭས་པེ་ཅིང་ལ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར100ཟིན་པ་དང་། ཐད་ཀར་ཕན་པ་ཐོབ་པའི་མི་འབོར་ཁྲི1600ལས་བརྒལ་ཡོད་པ་རེད། 

  •  ཚེས12ཉིན་ཧྲེན་པེ(沈白)མྱུར་བགྲོད་ལྕགས་ལམ་གྱི་དཀའ་གནད་ཆེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་ཅན་ཕིང་ཕུག་ལམ(建平隧道)བདེ་བླག་ངང་ཤར་གཏོང་ཐུབ་པ་རེད། 

5.png

  •  ཉེ་ཆར་རང་རྒྱལ་གྱི་མིས་བཟོས་སྲུང་སྐྱོབ་གསོ་སྤེལ་བྱེད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཧོ་ཡན་ཨོའུ(河燕鸥)ཡུན་ནན་དུ་བདེ་བླག་ངང་རང་བྱུང་ཁམས་ཆེན་མོའི་པང་དུ་བཏང་། 

  •  ཧྲན་ཞི་ཐའེ་ཡོན(山西太原)ཉེན་རྟོག་ཕྱོགས་ཀྱིས“དྲ་རྒྱའི་ཆུ་དམག”ཚོགས་པ་ཞིག་མེད་པ་བཟོས་ནས་ཉེས་གསོག་དོགས་ཅན8འཛིན་བཟུང་བྱས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་གྲངས་སྒོར་ཁྲི་སྟོང་ཕྲག་ལྷག་ཟིན་ཡོད་པ་རེད། 

640.gif

  •  ཀྲེ་ཅང་ཧང་ཀྲོའུ(浙江杭州)ཡི་ཐོག་རྩེག་དགུ་བའི་ཁྱིམ་ཚང་ཞིག་ཏུ་གློ་བུར་དུ་མེ་སྐྱོན་བྱུང་ནས་སྐྱེས་པ་ཞིག་ཉིན་ཁྱམས་སུ་ལུས་ཤིང་། ཁྱིམ་མཚེས་ཚོས་ཐོག་ཁང་འོག་ཏུ་ཉལ་གདན་བཏིང་ནས་སྐྱེས་པ་དེ་བསྐྱབས་པ་རེད། 

 སྲིད་ཇུས།

  •  ཐེན་ཅིན་གྱིས་འཛུགས་སྐྲུན་རྣམ་གྲངས་ལྟར་ལས་རྨས་འགན་བཅོལ་ནང་ཞུགས་མཁན་གྱི་མི་སྤྱོད་ཚན་པས་འཛུགས་སྐྲུན་རྣམ་གྲངས་ལས་མགོ་མ་ཚུགས་གོང་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུན་ཧྲིལ་པོར་གཞིགས་ནས་ལས་རྨས་འགན་བཅོལ་གྲོན་དངུལ་འདང་ངེས་འཇལ་དགོས་པ་ཁ་གསལ་བཏོན།

  •  ཧྥུའུ་ཅན་གྱིས2024ལོའི་སློབ་གྲྭ་འབྲིང་ཆུང་དཀྱུས་མའི་བུ་བཅོལ་ཁང་གི་སློབ་མ་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་ཏེ། བུ་བཅོལ་ཁང་གིས་རྣམ་པ་གང་རུང་གི་ཐོག་ནས་བྱིས་པར་རྒྱུགས་ལེན་པའམ་ཡང་ན་རྣམ་པ་བསྒྱུར་བའི་སྒོ་ནས་རྒྱུགས་ལེན་མི་ཆོག་པ་ཁ་གསལ་བཏོན།

  •  ཨན་ཧུའེ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ཕྲུ་གུ་བཙའ་ནས་སྨན་ཁང་དུ་སྡོད་པའི་བཅད་གྲངས་ཁ་གསབ་ཚད་གཞི་མཐོ་རུ་བཏང་་སྟེ། བདེ་བར་བཙའ་བ་སྒོར1600དང་གཤག་བཙའ་ལ་སྒོར2400ཟིན་རྒྱུ་རེད།

 དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། འབྲི་ཆུ་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད། ཧྭ་ལྷོའི་དབུས་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆར་བ་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཀོང་ཞིའི་བྱང་རྒྱུད་དང་། ཅང་ཞིའི་དབུས་རྒྱུད། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།