དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་གཏོང་ལ་གྲུབ་འབྲས་མངོན་གསལ་བླངས་པ།

2024-06-12 16:53:51   |   920

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བཅོས་སྒྱུར་གྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། བཅོས་སྒྱུར་གྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་བཅོས་སྒྱུར་གྱི་གཙོ་གནད་གནད་ལ་འཁེལ་བ། བཅོས་སྒྱུར་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ཐད་དཀའ་གནད་མང་པོར་བརྒལ་རྒྱུ་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་བཟང་པོ་མངོན་ཞིང་། སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་བ་དང་འཕེལ་ཕྱོགས་སྔར་ལས་ཆེན་པོ་ལྡན་ཡོད།

འཆར་འགོད་ཀྱིས་སྣེ་ཁྲིད་བྱས་ནས་བཅོས་སྒྱུར་གྱི“མདུན་སྐྱོད་ལམ་བུ”གཏན་འཁེལ་བྱས་པ། རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ནང་འདྲེས་ནས་ཞིང་ཆེན་དང་ཁུལ་གྱི་བཅོས་སྒྱུར་ལས་དོན་གྱི་བླང་བྱ་དང་བསྟུན་ནས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ། བཅོས་སྒྱུར་གྱི་གཙོ་གནད་ལས་འགན་ཁ་གསལ་བཟོ་བ། བཅོས་སྒྱུར་གྱི་འགན་འཁྲི་དམ་དུ་གཏོང་བ་བཅས་བྱས་ཏེ་བཅོས་སྒྱུར་གྱི་ལས་འགན་ཁག་གི་ས་བཅད་ཁ་གསལ་དང་མཚམས་ཚིགས་གནད་ལ་འཁེལ་བ། འགན་འཁྲི་རྩད་གཅོད་ཐུབ་པ་བཅས་འགན་ལེན་བྱེད་དགོས། “རྩིས་ཁྲ+རྩིས་ཐོའི”བཀོད་གཏོང་ལམ་སྲོལ་བཙུགས་ནས་དུས་ཚིགས་ལྟར་རྩིས་བརྒྱབ་ནས་རྩིས་བཤེར་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་ཁག་གི་གནས་ཚུལ་གསལ་པོ་དང་བྱ་ཐབས་ཡང་དག ལས་ཀ་ཞིབ་པ། འགན་འཁྲི་དོན་འཁྱོལ་བཅས་ཡོང་བ་འགན་ལེན་བྱས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། 2023ལོར་ཞིང་ཆེན་དང་ཁུལ་རིམ་པའི་བཅོས་སྒྱུར་ལས་འགན24དང་ལེན་བྱས་པ་དང་། རང་བདག་གིས་ལག་བསྟར་བྱས་པའི་བཅོས་སྒྱུར་གསར་གཏོད་ལས་འགན41ཚང་མ་ལེགས་འགྲུབ་བྱུང་ཡོད། ལས་འགན་གྱི་མཚམས་ཚིགས་ལེགས་འགྲུབ་བྱུང་ཚད100%ཡིན། བཅོས་སྒྱུར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་འགག་གནད་མང་པོར་ཐོལ་བརྒལ་བྱུང་བས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་སྒྱུར་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

གཙོ་གནད་ཀྱིས་སྣེ་དྲངས་ནས་བཅོས་སྒྱུར་གྱི“འཁྱགས་རོམ་གཏོར་བ”ལ་སྣེ་ཁྲིད་བྱས་པ། རྫོང་རིམ་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་བཅོས་སྒྱུར་གྱི་བྱེད་པོའི་འགན་འཁྲི་དང་སྣེ་ཁྲིད་སྐུལ་འདེད་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྫོང་རིམ་པའི་མགོ་ཁྲིད17གྱིས་འགག་སྒྲོལ་དང་སྣེ་འདྲེན། སྐུལ་འདེད་བཅས་ཀྱི་ནུས་པ་ལྡན་པའི་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་ཁག19ལ་སྣེ་ཁྲིད་སྐུལ་སྤེལ་བཏང་བ་དང་། རྫོང་རིམ་པའི་ཏང་སྲིད་མགོ་ཁྲིད་ཀྱིས་ལས་བགོས་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཁྱོན་ཡོངས་ནས་བཙུགས་ཏེ། བཅོས་སྒྱུར་གྱི“ལས་འགན་ཞིབ་ཐོ་ཅན་དང་བྱེད་ཐབས་མཚམས་ཚིགས་ཅན། འགན་འཁྲི་ཞིབ་ཕྲ་ཅན”མངོན་འགྱུར་ཡོང་བ་བྱས་ཡོད། ལོ་གཅིག་རིང་རྫོང་ཡོངས་ཀྱི་གནད་དོན་གལ་ཆེན་དང་འགལ་བ་གཙོ་བོར་དམིགས་ཏེ་གདུང་བཞིའི་ངོ་བོ་ལྡན་པའི་ཁྱབ་ཁོངས་ཁག་གི་གཙོ་གནད་བཅོས་སྒྱུར་དོན་ཚན་རྒྱུན་ཆད་མེད་པར་འཁྱགས་གཏོར་མདུན་སྐྱོད་བྱས་ནས་འགག་རྩར་ཐོལ་བརྒལ་བྱུང་ཡོད། གསར་གཏོད་བྱས་པའི“མི་ལྔ་གཅིག་གྱུར”གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལམ་སྲོལ་དང་བཅོས་སྒྱུར་གྱི་ཉམས་མྱོང་དེ་ཞིང་ཆེན་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི《མཚོ་སྔོན་བཅོས་སྒྱུར་དཔེ་མཚོན་གྱོད་དཔེའི》ནང་བདམས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བགྲོད་ལམ་གསར་བ་ཞིག་ཏུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་པ་དང་། མཐོ་རིམ་ནས་སྤེལ་བའི“གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་ལོ”ཡི་བྱེད་སྒོ་དེ་རྩྭ་ཐང་གོ་རིམ་མེད་པར་འཁོར་རྒྱུག་དང་སྤྱི་པའི་ཕྱུགས་ལམ་བཙན་བཟུང་བྱེད་པ་སོགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཆེན་པོ་དྲུག་སྤེལ་ནས། རྫོང་ཕྱི་རོལ་གྱི་གོ་རིམ་མེད་པར་འཁོར་རྒྱུག་བྱས་པའི་རྩྭ་ཐང་མུའུ་ཁྲི7.8ཚང་མ་ཚད་ལྡན་ངང་དག་ཐེར་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི5ལེགས་བཅོས་བྱས་པས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པ་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་ཡོད།

ཚོད་ལྟ་འཚོལ་ཞིབ་བྱས་ནས་བྱེད་ཐབས་ཀྱི“སྒུལ་ཤུགས་འཕར”བ་གསར་གཏོད་བྱས་པ། ཚོད་ལྟའི་ལས་དོན་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྣེ་ཁྲིད་རང་བཞིན་ལྡན་པའི་བཅོས་སྒྱུར་གསར་གཏོད་ལས་དོན་རབ་དང་རིམ་པ་རང་བདག་འཚོལ་ཞིབ་བྱས་ནས། ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་སའི་ཉམས་མྱོང་དང་བྱེད་སྟངས་ཁག་གཅིག་ཆགས་པ་དང་། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསྐྱར་དཔར་དང་ཁྱབ་གདལ་གཏོང་ཆོག་པའི་དཔེ་མཚོན་ཉམས་མྱོང་མཁོ་འདོན་བྱས་ཡོད། རོང་འབྲོག་པའི“ཡོང་འབབ་གཉིས”ཀྱི་བརྒལ་དཀའ་བའི“རུས་པ་མཁྲེགས་པོ”ལ་དམིགས་ནས་མུ་མཐུད་འགག་སྒྲོལ་བྱས་ཏེ་གཅིག་གྱུར་ཚད་གཞི་ཉོ་སྒྲུབ་དང་གཅིག་གྱུར་ལས་སྣོན་བཤས་འཇོག གཅིག་གྱུར་སྦྲེལ་མཐུད་ཕྱིར་འཚོང་བཅས་ཀྱི“འཛད་སྤྱོད་རོགས་སྐྱོར”གྱི་རྣམ་པ་གསར་པ་བཏོད་ནས་ཕྱིར་འཚོང་དངུལ་གྲངས་སྒོར་དུང་ཕྱུར1.7ལེགས་འགྲུབ་བྱུང་བ་དང་། རྫོང་ཡོངས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་ལོ་གོང་མ་ལས་ཆ་སྙོམས20.5%འཕར་ཡོད། གྲོང་གསེབ་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་གནས་སྐོར་ཐོན་ལས་གསར་གཏོད་བྱེད་པར་དམིགས་ནས་།“ཁུལ་གཅིག་ས་གནས་གཉིས་ཁང་གསུམ་ཅན་བཞི་ས་ཚིགས་མང་བའི”གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གསར་རྩོམ་བྱས་པའི་གཏམ་བརྗོད་ཟློས་གར《གསེར་དངུལ་ཐང》དེ་གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་གི་མིང་བྱང་གསར་པར་གྱུར་ཡོད། ཀྲུང་གོའི་མ་རྡུལ་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་སྒར་ས་དེ་རྒྱལ་ཡོངས་རྨ་ཆུའི་འབབ་རྒྱུད་ཞིབ་འཇུག་དང་སློབ་སྦྱོང་མནའ་འབྲེལ་གྱི་ཁོངས་མིའི་སྡེ་ཚན་དང་། ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་སློབ་མའི་ཞིབ་འཇུག་ལག་ལེན་སློབ་གསོའི་སྒར་ས། མཚོ་སྔོན་ཞིང་ཆེན་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་བཅས་སུ་བདམས་པ་དང་། ཚོད་ལྟའི་འཁོར་སྐྱོད་རིང་གི་སློབ་སྦྱོང་ཡོང་འབབ་སྒོར་ཁྲི644ཟིན་པ་དང་གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི2200ཙམ་ལ་སྐུལ་ཁྲིད་བྱས་ནས་རྒྱལ་ཁབ་རིག་གནས་ཐོན་ལས་དང་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་མིང་ཐོའི་ནང་བདམས་ཐོན་བྱུང་བ་དང་། གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་ཐོན་ལས་རྒྱུན་ཆད་མེད་པར་ཆགས་བཞིན་ཡོད།


མཉམ་སྤྱོད།