དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ ཁག13པ། ༽

2024-06-13 09:57:44   |   122

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


དོན་ཚན་ང་དྲུག་པ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རང་གིས་གཙོ་འགན་འཁུར་བའི་ས་ཆའམ་ལས་བགོས་འགན་གཉེར་སྡེ་ཁག་ཏུ་རང་འདོད་ལྟར་སྒྲུབ་པ་དང་། རི་མགོ་རིང་ལུགས་སྤེལ་ནས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལག་བསྟར་མི་བྱེད་པ་དང་། ཐ་ན་ཏང་ཀྲུང་དབྱང་ལ་རྒྱབ་བསྟན་ནས་བྱེད་ཚུལ་གཞན་ཞིག་བགྱིས་པ་ལ། ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཐད་རྣམ་འགྱུར་སྟོན་པ་ལས་དོན་འཁྱོལ་མི་བྱེད་པ་དང་། ཡང་ན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ་བློ་ཐག་ཆོད་པོ་མིན་པ་དང་། འཐེན་སྐུམ་དང་བབ་བསྟུན་བྱས་ནས་ཆབ་སྲིད་ཐད་ཤུགས་རྐྱེན་ངན་པའམ་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་མི་བསམ་པར་སྡེ་ཁག་གམ་ས་གནས་སྲུང་སྐྱོབ་རིང་ལུགས་སྤེལ་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་ང་བདུན་པ། ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སྲིད་འབྲས་ཀྱི་ལྟ་བ་འཆོལ་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་འགལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་རྒྱབ་འགལ་བྱས་ནས། ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་ལ་གྱོང་གུན་ཆེ་ཙམ་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ། དམངས་ངལ་རྒྱུ་ཟད་ཀྱི་“སྣང་བརྙན་ལས་གྲྭ་”དང་“སྲིད་འབྲས་ལས་གྲྭ་”སྤེལ་རིགས་ལ། ཆད་པ་ལྕི་མོ་གཅོད་པའམ་ཆད་པ་ཇེ་ལྕི་རུ་གཏོང་རྒྱུ།

དོན་ཚན་ང་བརྒྱད་པ། ཏང་ལ་བློ་མི་དཀར་བ་དང་གཞུང་མི་དྲང་བ། ཁ་ཞེ་མི་མཐུན་པ། ངོ་བཀུར་ལྐོག་འགལ། གོང་ལ་མགོ་སྐོར་དང་འོག་ལ་སྦ་གསང་བྱེད་པ། ངོ་གཉིས་མ་འཁྲབ་པས། ཆབ་སྲིད་ཐད་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ང་དགུ་པ། ཆབ་སྲིད་ཀྱི་དཀྲོག་གཏམ་བཟོ་བ་དང་། འགྲེམ་པ། ཁྱབ་བསྒྲགས་བཅས་བྱས་ནས། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་གཏོར་བརླག་བཟོས་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

ཆབ་སྲིད་ཀྱི་སྤྱོད་ཚུལ་ངན་པ་དང་། མིང་གསང་ནས་སྙོན་འཛུགས་ཞུ་གཏུག་བྱེད་པ། བསམ་བཞིན་དུ་ནག་མེད་ཉེས་འགེལ་བྱེད་པའམ་ཡང་ན་དཀྲོག་གཏམ་གཞན་དག་བཟོས་ནས། གནོད་སྐྱོན་བཟོས་པའམ་ཤུགས་རྐྱེན་ངན་པ་བཟོས་པར། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་རྒྱུ།

དོན་ཚན་དྲུག་ཅུ་པ། ཏང་ཀྲུང་དབྱང་གིས་ཐག་གཅོད་དགོས་པའི་སྲིད་ཇུས་གལ་ཆེན་གྱི་གནད་དོན་རིགས་རང་དགར་ཐག་གཅོད་པ་དང་། ཕྱི་ཕྱོགས་སུ་འདོད་ཚུལ་བསྒྲགས་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།


མཉམ་སྤྱོད།