སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། སོག་ཡིག་གནའ་དཔེ་ཡིག་ཚང་། བཤེར་འབེབས། རིན་ཆེན་ཚེ་རིང་།
ཡིག་ཚང་འདིའི་ཡོང་ཁུངས་ནི་ཐུར་ཁེའི་ཨེ་སི་ཐན་བྷོལ་སློབ་ཆེན(伊斯坦布尔大学)གྱི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏ་ཟིག་ཡི་གེ་ལག་བྲིས་མ《མཐོང་ཐོས་སྣ་ཚོགས》(ཨང་རྟགསF1423)ཞེས་པ་ཡིན། དུམ་བུ་འདི་ཐོག་མར་འགྲེམ་སྤེལ་བྱེད་མཁན་གྱི་རྩོམ་པ་པོ་ནིSüheyl Ünverཞེས་པ་ཡིན། ཁོང་ལ་ལག་བྲིས་མའི་པར་ཡོད་པ་ལས་ཡིག་ཐོག་ཏུ་ཕབ་པ་དང་ལོ་ཙཱ། བགྲོ་གླེང་སོགས་ཀྱི་ལས་ཀ་བྱས་མེད། དེའི་རྗེས་ནས་ཐུའུ་ནཱ་དང་བྷོ་སུང་རྣམ་གཉིས་ཀྱིས་ཡིག་ཚང་འདི་ལ་ཞིབ་འཇུག་བྱས་ཏེ་ཕྱི་ལ་བཏོན།
འགྲོ་མགོན་འཕགས་པའི་ཧོར་ཡིག་ནི་ལག་བྲིས་མའི་ཤོག་གྲངས61སྟེང་གི་ངོསaཡི་སྟེང་དུ་ཡོད། ཆེ་ཆུང་ལ21*23cmཡོད། དེའི་མཇུག་ཏུ་ཡུ་གུར་ཡི་གེའི་འགྱུར་མ་སྦྱར་ཡོད། འགྱུར་མ་ནི་ཟུར་གསུམ་དབྱིབས་ལྟར་བསྒྲིགས་ཡོད།
འགྲོ་མགོན་འཕགས་པའི་ཧོར་ཡིག་འདིའི་བྲིས་ཀྱི་ཁྱད་ཆོས་ནི་འགྲོ་མགོན་འཕགས་པའི་ཧོར་ཡིག་གཞན་དང་བསྡུར་ན་ཁྱད་པར་ཅུང་ཙམ་ལྡན། ཡིག་ཚང་འདིའི་ལོ་རབས་ཐད་དུ་ལུང་རིགས་གསལ་པོ་མེད་པས་བཤད་དཀའ་མོད། ཕྱོགས་གང་མང་ནས་བརྟག་ན་ཡོན་རྒྱལ་རབས་ཀྱི་དུས་མཇུག་དང་མིང་རྒྱལ་རབས་ཀྱི་དུས་མགོ་ཡིན་པ་རྟོགས་ཐུབ།