དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་ལུག་ཁྲི་རྟེན་གཞི“སྤུས་འདེགས་རིམ་འཕར”བྱུང་བ།

2024-06-13 15:55:10   |   1251

རྩོམ་སྒྲིག ཀླུ་མོ་མཚོ།    ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་བོད་ལུག་ཁྲི་ཕྱིར་གཏོང་རྟེན་གཞིའི་འཁོར་སྐྱོད་ཕན་ནུས་ལ་དམིགས་ནས། མཐོ་སྒང་གི་དམིགས་བསལ་ས་ཁམས་གནམ་གཤིས་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སོགས་རྒྱུ་རྐྱེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ཏེ། དངོས་སྤྱོད་ལག་རྩལ་གྲུབ་འབྲས་ཁག་གཅིག་གསར་སྤེལ་དང་ཕྱུགས་ལས་ཐོན་རྫས་སྤུས་ལེགས་ཁག་ཅིག་གསོ་སྐྱོང་། ཐུན་མོང་མ་ཡིན་པའི་བསྐྱར་དཔར་བྱེད་ཆོག་པའི་དཔེ་སྟོན་རྟེན་གཞི་ཁག་གཅིག་ཆགས་པ་བཅས་བྱས་ནས་མཐོ་སྒང་གི་ཕྱུགས་ལས་ཚན་རྩལ་ཆུ་ཚད་དང་འདེགས་སྐྱོར་ནུས་པ་མཐོ་རུ་བཏང་ནས་དེང་རབས་ཞིང་ཕྱུགས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།

མདའ་བཞི་རྫོང་གིས་ཐོན་སློབ་ཞིབ་གསུམ་མཉམ་ལས་རྟེན་གཞི་མཉམ་དུ་བཙུགས་པ། ཞིང་ཆེན་ཕྱི་ནང་གི་མཐོ་སློབ་དང་སློབ་གླིང་དང་འབྲེལ་མཐུད་བྱས་ཏེ“ཐོན་སློབ་ཞིབ་འཇུག”མཉམ་ལས་ལག་ལེན་རྟེན་གཞི་བཙུགས་ནས།  ཞིང་ཆེན་ཕྱི་ནང་གི་རིགས་གཅིག་མཁས་དབང་གདན་དྲངས་ཏེ་ཐུན་མོང་ཁྲོད་མདའ་བཞི་ཚད་ལྡན་ཅན་གྱི་གསོ་སྤེལ་བྱེད་སྟངས་ཤིག་འཚོལ་ཞིབ་བྱས། དེ་དང་ཆབས་ཅིག་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་སྤེལ་རེས་དང་ཚན་རིག་ལག་རྩལ་གསར་གཏོད་འགག་གནད་སྒྲོལ་བ། ཚན་རིག་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་དོན་འཁྱོལ་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ནས། རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ཁུངས་ཐུན་མོང་དང་ལས་སྟེགས་མཉམ་སྐྲུན། ཤེས་ལྡན་མི་སྣ་གསོ་སྐྱོང་། གྲུབ་འབྲས་མཉམ་སྤྱོད་བཅས་མངོན་འགྱུར་བྱས། “ཐོན་སློབ་ཞིབ་འཇུག”དངོས་སྦྱོང་རྟེན་གཞིའི་ཉལ་ཁང་དང་ཟ་ཁང་། གཞུང་ལས་ཁང་། ལུས་རྩལ་ར་བ་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་སྤུས་ལེགས་འདོན་སྤྲོད་བྱས་ཏེ་སློབ་སྦྱོང་གསར་གཏོད་ཀྱི་ནུས་པ་དང་ཚན་རིག་ཞིབ་འཇུག་གི་ནུས་པ་སྐུལ་སྤེལ་དུ་བཏང་།

དེ་དང་ཆབས་ཅིག་ཇུས་འགོད་བྱེད་ནུས་བཀོད་སྒྲིག་ཞིབ་ཚགས་ཅན་དུ་བཏང་བ། རྟེན་གཞིའི་འཆར་གཞི་ཡོད་པའི་བྱེད་ནུས་ཁུལ་གཙོ་བོར་འཇིམ་བརྐོས་དང་མཚོན་རྟགས་སོགས་ཇུས་འགོད་ཞིབ་ཚགས་བྱས་ནས་དེང་རབས་ཞིང་ལས་ཚན་རྩལ་གྱི་འདུ་ཤེས་གཞིར་བཟུང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཁུལ་དང་འགྲེམས་སྟོན་ཁུལ་བཀོད་སྒྲིག་བྱས། མདའ་བཞིའི་གནམ་གཤིས་དང་ཟུང་འབྲེལ་བྱས་ཏེ་རྟེན་གཞིའི་འདེབས་འཛུགས་ཁུལ་དུ་ཡུག་པོ་དང་གཟན་རྩྭ་ཚོད་ལྟ་བྱེད་པ་སོགས་རྟེན་གཞིའི་ཕྱི་ནང་གི་སྤྱི་པའི་ས་ཁོངས་དང་བགྲོད་ལམ་སྔོ་ལྗང་ཅན་དུ་འགྱུར་བ་ལེགས་སྒྲུབ་བྱས། ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤྱིལ་ཁང་ཐོག་གི་འོད་ཤུགས་གློག་འདོན་ལས་གྲྭ་ནང་འདྲེན་དང་ལག་བསྟར་བྱས་ཏེ་རྟེན་གཞིའི་ཞིང་ཕྱུགས་ལས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་ཡོད།

མདའ་བཞི་རྫོང་གིས་ཞབས་ཞུའི་དོ་དམ་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་བ། གླིང་ཁུལ་གྱི་དོ་དམ་ཞབས་ཞུའི་འགན་ལེན་ལམ་སྲོལ་བཙུགས་ནས་རྫོང་སྲིད་གཞུང་གིས་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ཏེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དུས་བཀག་བཀོད་གཏོང་བྱེད་པ། ལས་ཁུངས་ཁག་མཉམ་འགུལ་གཞོགས་འདེགས་བྱེད་པ་བཅས་བྱས་ཏེ་རྒྱུ་རྐྱེན་གཙོ་བོ་ཁག་འགན་ལེན་ལས་དོན་གཅིག་གྱུར་གྱིས་སྐུལ་འདེད་བཏང་། ནང་དུ་ཞུགས་རྒྱུའི་དོ་དམ་བྱེད་ཐབས་དང་ཚན་རིག་དང་མཐུན་པའི་གཟན་རྩྭ་གཟན་གསབ་ལག་རྩལ། བོད་ལུག་བདེ་ཐང་གསོ་སྤེལ་དོ་དམ་བྱེད་ཐབས། རྟེན་གཞིའི་ཚོང་འགུགས་མ་དངུལ་འདྲེན་ཐབས་སོགས་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་མཐའ་འཁྱོངས་བྱས་ནས་ཞིང་ལས་དང་ཞིང་ལས་སྣེ་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་གསར་གཏོད་དང་། ཁྱད་ལྡན་སྤུས་ཚད་མཐོ་བའི་བོད་ལུག་གསོ་སྤེལ་གྱི་ལྗང་མདོག་བགྲོད་ལམ་ཤར་གཏོང་བཅས་བྱས་ཏེ། རྟེན་གཞི་ལེགས་ཤིང་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཕན་འབྲས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ལ། གླིང་ཁུལ་གྱི་བོད་ལུག་གསོག་ཚད་ཆེ་རུ་བཏང་། གསོ་སྤེལ་ཁྱིམ་ཚང་ཡོངས་ཀྱི་ཆ་འཕྲིན་ཅན་གྱི་ཡིག་ཚགས་བཟོས་ནས་གཞི་གྲངས་ལ་བརྟེན་ནས་གསོ་སྤེལ་ཁྱིམ་ཚང་གི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ལ་དབྱེ་ཞིབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་དང་། གསོ་སྤེལ་དོ་དམ་ཆུ་ཚད་མཐོ་རུ་བཏང་། 

ཤེས་རྟོགས་བྱུང་བ་ལྟར་ན། མདའ་བཞི་རྫོང་གིས་དྲིལ་སྒྲོག་ཁྱབ་གདལ་གྱི་ཕན་འབྲས་དངོས་སུ་ཆེ་རུ་བཏང་བ་དང་། ཤེས་ལྡན་མི་སྣ་གཅིག་སྡུད་ནང་འདྲེན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་ཕན་འབྲས་བཏོད་པ་བཅས་བྱས་ཡོད། ཞིང་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་གཞི་རྟེན་དང་སྟེགས་བུ་བསྐྲུན་ནས་དེང་རབས་ཅན་གྱི་ཕྱུགས་ལས་ཀྱི་ལྟ་སྐོར་ཉམས་ལེན་དང་ཁྱད་ལྡན་བཟའ་བཏུང་། ཁྱད་ཐོན་ཉོ་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་འབྲེལ་ཐག་ཡོངས་ཀྱི་ཞབས་ཞུའི་རྣམ་གྲངས་ཆགས་པ་དང་ཐོན་ལས་མ་ལག་ཆ་ཚང་ཆགས་ཡོད། མདའ་བཞིའི་ནོར་ལུག“ཧྲན་ཏུང་དུ་ཐོན་པ་དང་ཧྲང་ཧེར་སླེབས་པ”སྔར་བས་གཏིང་ཟབ་ཏུ་བཏང་ནས་སྤུས་རྟགས་མཐོ་རུ་གཏོང་བ་དང་དྲིལ་སྒྲོག་འོས་སྦྱོར་བྱས་པ་བརྒྱུད“གསེར་དངུལ་ཐང་གི་ལུ་གུའི་ཤ”དང“མཚོ་སྔོན་པོའི་ལུ་གུའི་ཤ”ཡི་སྤུས་རྟགས་སྙན་གྲགས་ཆེ་རུ་བཏང་ཡོད་ལ། ཁ་གཏད་རོགས་སྐྱོར་ལས་སྟེགས་ལ་བརྟེན་ནས་མདའ་བཞིའི་ནོར་ལུག་ཕྱིར་གཏོང་ཚད་ཆེ་རུ་བཏང་བ་དང་། ད་ལོར་ཞིང་ཆེན་ཕྱི་ནང་དུ་ཐད་འཚོང་ཁང་དང་བཟའ་བཏུང་ཚོང་ཁང10ལྷག་བཙུགས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་ཡོད།


མཉམ་སྤྱོད།