དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-14 07:39:13   |   1328


སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བ་སྟེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་ཚུགས་མཛད་སྒོའི་སྟེང་གི་གཙོ་དོན་གསུང་བཤད》ཅེས་པའི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱ་རྒྱུ་རེད། 

  •  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཏང་སྲིད་མགོ་ཁྲིད་ཚན་པ་འཛུགས་སྐྱོང་གི་འཆར་འགོད་རྩ་གནད(2024ལོ་ནས་2028ལོ་བར)》པར་འགྲེམ་བྱས་པ་རེད། 

  •  ཟླ7པའི་ཚེས1ཉིན་ནས་བཟུང་། གྲོང་ཁྱེར60རུ་སྔོན་ལ་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་བཀོལ་སྤྱོད་ཚོད་ལྟ་བྱ་རྒྱུ་དང་ལོ་མཇུག་སྔོན་ལ་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད། 

  •  དམངས་སྲིད་པུ་སོགས་སྡེ་ཚན་གྱིས་ཉེ་ཆར་བསམ་འཆར་བཏོན་ཏེ། 2025ལོར་སླེབས་སྐབས་རྫོང་རེར་ཉུང་མཐར་ཡང་དཀའ་ངལ་ཧ་ཅང་ཆེ་བའི་མི་སྣའི་གསོ་སྐྱོང་ཞབས་ཞུའི་སྒྲིག་གཞི་གཅིག་རེ་ཡོད་དགོས་པ་གཏན་འབེབས་བྱས། 

  •  ཉེ་ཆར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་རེས་སྐོར་གསུམ་པའི་ཁག་གཉིས་པའི་ལྟ་ཞིབ་བཅའ་སྡོད་དུས་མཚམས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། མིག་སྔའི་བར་ཐེར་འདོན་ནུས་ལྡན་ཁྱོན32000ལྷག་ཙམ་བདག་སྤྲོད་བྱས་པ་དང་ཏང་སྲིད་མགོ་ཁྲིད་ལས་བྱེད་པ200ལྷག་ཙམ་ལ་འགན་འཁྲི་བདའ་འདེད་བཏང་། 

  •  སྡོད་ཁང་དང་གྲོང་གསེབ་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར142དང་གྲོང་རྡལ་གྲགས་ཅན312ཡོད་པ་དང་། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་བྱ་ཡུལ་གྱི་གྲངས་འབོར་ཆེས་ཆེར་འཕར་ཡོད་པ་རེད། 

  •  རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས2024ལོའི་རྒྱལ་ཁབ་སྨན་རྫས་དཀར་ཆག་ལེགས་སྒྲིག་ཁྱབ་ཁོངས་དང་འབྲེལ་ཡོད་ལས་ཀའི་གོ་རིམ་ཐད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད། 

  •  རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ནུས་རྒྱུ་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་ཚད་ཉུང་དུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད་རེད། 

1.png

  •  རྒྱལ་ཁབ་རིག་དངོས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་རྒྱ་མཚོའི་ནུབ་བྱང་སྐམ་སའི་རི་ལྡེབས་ཀྱི་བྱིང་གྲུ་ཨང་དང་པོ་དང་གཉིས་པའི་ཁྱབ་ཁོངས་རྩད་ཆོད་ནས་རིག་དངོས་ཁྱོན928(ཆ་ཚང)བླངས་པ་རེད། 

  •  ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སྒོ་ཁྲལ་བསྣན་པའི་བྱ་སྤྱོད་ལ་ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་གཅིག་ཏུ་སྤྱོད་རྒྱུ་ཡིན་པ་བསྟན།

 སྤྱི་ཚོགས། 

  •  ཚེས13ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བསྟུད་མར་ཉེན་བརྡའི་ཆ་འཕྲིན་ལྔ་བཏང་སྟེ། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོར་སྨུག་པ་དང་། དྲོད་ཚད་མཐོ་བ། དྲག་ཆར་འབབ་པ། གཏད་རྒྱུག་དྲག་པོ་སོགས་ཀྱི་གནམ་གཤིས་བྱུང་རྒྱུ་ཡིན་པ་རེད། 

  •  ཉེ་ཆར། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཇུས་འགོད་བྱས་པའི་མྱུར་བགྲོད་ལྕགས་ལམ་གཉིས་ཏེ། ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་དབུས་ལམ་མྱུར་བགྲོད་ལྕགས་ལམ་དང་། ཁྲུང་ཆིང་དང་ཝན་ཀྲོའུ(万州)བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཧྲིལ་པོའི་ཨར་ལས་འགག་སྒྲོལ་གྱི་དུས་མཚམས་སུ་སླེབས་པ་རེད།

  •  དེ་རིང་གི་སྔ་དྲོའི་ཆུ་ཚོད10པར2024ལོའི་ལོ་སྟོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཐོབ་ཐང་རྒྱུགས་ལེན(ངོ་རྒྱུགས)བྱས་འབྲས་དང་རྒྱུགས་ལེན་ཚད་ལོན་དཔང་ཡིག་འདྲི་རྩད་བྱེད་ཆོག་པ་རེད། 

  • ཚེས13ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་སིལ་ཚོང་རིན་གོང་སོ་སོར་ཏུན་རེར་སྒོར190དང180དམའ་རུ་བཏང་། 

  • ཀྲུང་གོ་ཉིང་རྡུལ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། དུས་རབས་གསར་པའི་མིས་བཟོས་ཉི་མའི“ཀྲུང་གོའི་འཁོར་རྒྱུན་ཨང་གསུམ་པའི”རྣམ་གྲངས་དེས་རྒྱལ་སྤྱིའི་ཐོག་སྔོན་ཐོན་ཁབ་ལེན་ར་བའི་གྲུབ་ཆ་ཞིག་གསར་རྙེད་ཐེངས་དང་པོ་བྱུང་། 

2.jpg

  • སྐར་མ་བསགས་པའི་སྒྲིག་སྲོལ་གཞིར་བཟུང་ནས་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྤ་སེ་དངོས་སུ་གཏན་འཁེལ་བྱས་པ་རེད། 

  •  ཚེས13ཉིན། རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་དུས་དེབ《རང་བྱུང་གནམ་དཔྱད་རིག་པ》ཞེས་པའི་སྟེང་དུ་རང་རྒྱལ་གྱི་ཉི་མ་འཚོལ་ཞིབ་སྲུང་སྐར“ཞི་ཧོ་རྟགས་ཅན”(羲和号)གྱི་གྲུབ་འབྲས་གསར་ཤོས་སྤེལ་ཡོད། 

3.jpg

  • ཉེ་ཆར་ཧའེ་ནན་ཚ་ཁུལ་ཆར་ནགས་རྒྱལ་ཁབ་སྤྱི་གླིང་གི་ཝུའུ་ཀྲི་རི་བོའི(五指山)ཁུལ་དུ་སླར་ཡང་ཧའེ་ནན་གྱི་ཟིན་ཐོ་གསར་པའི་སྐྱེ་དངོས་རིགས་ཤིག་རྙེད་པ་སྟེ། གསལ་འབྱེད་བྱས་པ་བརྒྱུད་སྐྱེ་དངོས་རིགས་དེ་ནི་སི་གསུམ་ཧྲུའེ་ཡུས་པེ(三丝水玉杯)ཡིན་པ་གཏན་འཁེལ་བྱས། 

4.jpg

  •  ཉེ་ཆར་ཧོ་ནན་ཧྲང་ཚའེ(河南上蔡)ཡི་སྨན་པ་ལེང་ཡ་ཧྥེས་ཆུ་ཚོད4ཙམ་ལ་འཚོལ་བསྡུ་བྱས་པ་བརྒྱུད་ཁྲག་བཟོ་ཕྲ་ཕུང་གཙོ་བོའི་བསྲེས་པའི་དཔྱང་གཤེར220mlཞལ་འདེབས་ཕུལ་ནས་ནད་པ་ཞིག་ལ་སྐྱེ་འདོད་ཀྱི་རེ་བ་སྦྱིན་པ་རེད། 

 སྲིད་ཇུས།

  •  པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། ཐད་གཏོང་དངོས་ཟོག་བཙོང་སྐབས་བདེ་ཐང་དང་ལུས་གསོའི་ཤེས་བྱ་ངོ་སྤྲོད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལུས་ཁམས་བདེ་སྲུང་བཟའ་བཅའ་དང་། དམིགས་བསལ་གསོ་རིག་སྤྱོད་སྒོ་སྡེབ་སྦྱོར་བཟའ་བཅའི་བརྡ་ཁྱབ་ཁྱབ་སྒྲོག་བྱེད་མི་ཆོག་པའི་གཏན་འབེབས་བྱ་རྩིས་ཡོད་པ་རེད། 

  •  ཨན་ཧུའེ་ཡིས་བསམ་འཆར་བཏོན་ཏེ། གོ་རིམ་ལྟར་སྡོད་ཁང་གློག་སྐས་སྤྱད་དེ་ཚོང་ལས་བརྡ་ཁྱབ་ཁྱབ་སྒྲོག་བཏང་བ་སོགས་སྡོད་ཁུལ་གྱི་སྤྱི་པའི་ཡོང་འབབ་དག་སྡོད་ཁང་གློག་སྐས་ཀྱི་བདེ་འཇགས་ཚོད་སྐོར་དང་། འགན་བཅོལ་ཉོ་བ། ཉམས་གསོ་སྒྱུར་བཀོད་གསར་བརྗེས་བཅས་ཀྱི་འགྲོ་སོང་ཐད་སྤྱོད་རྒྱུར་སྐུལ་མ་བཏང་། 

  •  ཧྥུའུ་ཅན་གྱིས་བརྡ་ཐོ་པར་འགྲེམ་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་སྟེགས་བུ་དང་རྟེན་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ལ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི1000སྤྲོད་རྒྱུ་ཡིན་པ་རེད། 

 དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ས་ཆ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་ཀྱི་ལྷོ་རྒྱུད། ཧྭ་ལྷོ་ས་ཁུལ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་དྲག་ཆར་འབབ་པ་དང་། དེའི་ནང་ཧེ་ལུང་ཅང་གི་ཤར་ལྷོ་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཧྥུའུ་ཅན་གྱི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།