དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་འབྲིང་རྒྱུག་དང་རྒྱང་རྒྱུག་འགྲན་བསྡུར་མགོ་ཚུགས་པ།

2024-06-14 09:49:15   |   1229

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་ལྔ་པ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གསུམ་པ་སྟེ། “རྒྱུགས་ཤིག  གཞོན་ནུ།”ཞེས་པའི2024ལོའི་མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་འབྲིང་རྒྱང་རྒྱུག་འགྲན་བསྡུར་དེ་ནུབ་མཚོ་གྲོང་རྡལ་ནུབ་མཚོ་ལུས་རྩལ་ཐང་དུ་མགོ་ཚུགས།

1.png

ཐེངས་འདིའི་འགྲན་བསྡུར་ལ་མཚོ་བྱང་ཁུལ་ནས་ཡོང་བའི་འཐུས་མི་རུ་ཁག5ཡི་ལུས་རྩལ་པ་ཁྱོན79ཡོད་པ་དང་། རྣམ་གྲངས་ལ་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་སྨི5000ཅན་དང་། སྨི3000ཅན། སྨི1500ཅན། སྨི4×400ཅན་གྱི་མཉམ་བསྲེས་མཐུད་རྒྱུག་སོགས་མི་སྒེར་གྱི་རྣམ་གྲངས6དང་མཉམ་བསྲེས་མཐུད་རྒྱུག་རྣམ་གྲངས3ཡོད། འགྲན་བསྡུར་སྤེལ་བ་དེས་མཚོ་བྱང་ཁུལ་གྱིས་དུས་རབས་གསར་པའི“ལུས་རྩལ་དང་སློབ་གསོ་མཉམ་འདྲེས”ཀྱི་སྲིད་ཇུས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བར་ཕན་པ་དང་། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་གཞི་རིམ་འབྲེལ་གཏུག་ས་ཚིགས་སློབ་གྲྭའི་སྦྱོང་བརྡར་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་གཟིགས་ཞིབ་ཐེངས་གཅིག་བྱས་པ་ཞིག་ཀྱང་རེད།

“འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་སྔར་བས་ཁྱབ་གདལ་གཏོང་བ་དང་། མཚོ་བྱང་ཁུལ་གྱི་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་བཅས་དང་། མཚོ་བྱང་ཁུལ་གྱི་ལུས་རྩལ་རྣམ་གྲངས་ཀྱི་རྗེས་གྲབས་ཤེས་ལྡན་པ་སྔོག་འདོན་བྱ་རྒྱུ་བཅས་ཀྱི་ཆེད་ཡིན”ཞེས་མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཚེ་རིང་ནོར་བུས་བཤད།


མཉམ་སྤྱོད།