དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་རྒྱ་མདོ་ཡིས་ཆུ་མགོར་སྲུང་སྐྱོབ་ལེགས་པོ་བྱས་ཏེ། “མ་ཡུམ་ཆུ་བོ”དེ་བདེ་སྐྱིད་ཆུ་བོ་རུ་བསྒྱུར།

2024-06-17 09:29:47   |   649

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཙོང་ཆུ་ལ་མཚོ་སྔོན་གྱི“མ་ཡུམ་ཆུ་བོ”ཞེས་འབོད་ཅིང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག་ཡིན།  ཆུ་བོ་དེའི་མགོ་ཁུངས“གཙང་ཆབ་སྔོན་མོའི་རྒྱ་མདོ”ཞེས་གྲགས་པའི་རྒྱ་མདོ་ན་ཡོད་ཅིང་།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁོངས་སུ་ཡོད་པ་དང་། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད།  རྒྱ་མདོའི་ཁོངས་ཀྱི་ཙོང་ཆུའི་ཆུ་མགོ་དེ་ཧ་ལམ་ལེ་དབར90ལ་འབབ་ཅིང་།  འབག་བཙོག་ཅི་ཡང་མེད་པར་ཟི་ལིང་དང་། མཚོ་ཤར།  ཐ་ན་ཀན་སུའུ་བར་ལ་བཞུར་གྱིན་ཡོད་པས། དེའི་མགོ་ཁུངས་སྲུང་སྐྱོབ་ནི་ཧ་ཅང་གལ་ཆེན་ཡིན།

1.png

ཉེ་ལམ་གསར་འགོད་པ་རྒྱ་མདོ་རྫོང་དུ་འབྱོར་ནས་ཡུལ་དེའི་ཙོང་ཆུའི་ཆུ་ལག་དང་ཆུ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་ལས་གཞི་ལ་བཅར་འདྲི་བྱས་པ་ན།  ལས་གཞི་དེ་ནི2021ལོའི་ལོ་མཇུག་ཏུ་ཇུས་འགོད་བྱེད་མགོ་བརྩམས་ཤིང་། 2022ལོའི་ཟླ5པར་དངོས་སུ་ལས་མགོ་བརྩམས། 2023ལོའི་ཟླ5པར་འཛུགས་སྐྲུན་ལེགས་པར་གྲུབ། ཁྱོན་མ་དངུལ་ཁྲི3740བཏང་ཡོད་པ་རེད།  ལས་གཞི་དེའི་ཁྱབ་ཁོངས་ནི་ཙོང་ཆུ་འབབ་ཁོངས་ཀྱི་ཤར་ཐང་ཆེན་མོའི་ཆུ་མཛོད་ནས་པཱ་ཐེའེ་ཞོལ་མའི་མཚམས་ཀྱི་ཆུ་མགོ་ཁུལ་བར་ཡིན་ལ།  ཆུ་ལམ་སྤྱིའི་རིང་ཚད་ལེ་དབར7ཡོད་པ་དང་།  སའི་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་པ2ཟིན་ཡོད།  ལས་གཞིའི་ནང་དོན་གཙོ་བོ་བརླན་སའི་སྐྱེ་ཁམས་སླར་གསོ་དང་ཆུ་ངོགས་སྐྱེ་ཁམས་སླར་གསོ་ལས་གཞི་བཅས་འདུ།

རྒྱུས་ལོན་པ་ལྟར་ན།  ལས་གཞི་དེ“ཐེ་གཏོགས་ཕྲན་བུ་དང་ལས་ཀར་ཉུང་ཞུགས”ཀྱི་ལམ་ནས“གསར་གཏོད་ཕྲན་བུ”ཡི་སླར་གསོའི་འདུ་ཤེས་བཟུང་སྟེ།   ཨར་ལས་ཀྱི་སྐབས་སུ་གདོད་མ་ནས་ཡོད་པའི་སྐྱེ་ཁམས་ཁོར་ཡུག་སོར་འཇོག་བྱས་ཐོག ཡུལ་བབ་དང་བསྟུན་ནས་ས་དེ་ག་ནས་རྒྱུ་ཆ་བསྡུས་ནས་སླར་གསོ་བྱས་ཡོད་ཅེས་ཨར་ལས་ཡུལ་དངོས་ཀྱི་འགན་ཁུར་བ་ཅང་པའོ་ཧྭ་ཡིས་གསར་འགོད་པར་དེ་ལྟར་བརྗོད།  “ང་ཚོས་རྩྭ་སའི་ནང་གི་རྡོ་རིགས་གཙང་སེལ་བྱས་ནས་ཆུ་ངོགས་སུ་སྤུངས་པ་ཡིན།  དེས་ཁོར་ཡུག་ཡག་བཟོ་ཐུབ་པར་མ་ཟད།  ཆུ་ངོགས་ཀྱི་རབ་ཁ་ཆུ་ཤུགས་ཀྱིས་གཏོར་ནས་ས་ཉིལ་བ་ལ་སོགས་འགོག་ཐུབ་པ་རེད་ཟེར།

ལས་གཞི་ཡོངས་ལག་བསྟར་ཁྲོད་དུ་རྡོ་ཟགས་དང་ཨར་འདམ་བསྲེས་མ་སྤྱད་མེད་པ་དང་།  ཕྱི་ཡི་ས་ལག་མཐིལ་གང་ཡང་སྤྱད་མེད་པར་མ་ཟད།  ཕྱིའི་ཤིང་སྣ་གཅིག་ཀྱང་སྤྱད་མེད། ཞིང་ས་ཡང་དེ་བཞིན་དུ་སྨི་གཅིག་ཀྱང་ཟིན་མེད།   དཔྱིད་དབྱར་གཉིས་ཀྱི་ཆར་ཞོད་ཁྲོད་དུ་ཁོར་ཡུག་བདེ་འཇགས་ཀྱི་ཐད་ནས་དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མེད།  གཞན་ཆུ་རྒྱུད་ཀྱི་རྣམ་པ་ལེགས་བསྒྱུར་དང་ཙོང་ཆུའི་ཆུ་ལག་གི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་འདམ་རའི་སྐྱེ་ཁམས་ལ་སྲུང་སྐྱོབ་སླར་གསོ་བྱས་ཏེ།   བཙོག་ཆུ་ཙོང་ཆུར་འབབ་པ་ཇེ་ཉུང་དུ་ཕྱིན་པ་དང་།  ལས་གཞི་འཛུགས་སྐྲུན་ཁོངས་ཀྱི་ཆུ་སྤུས་དེ་ས་ངོས་ཆུ་རིམ་པ་གཉིས་པའི་ཚད་གཞི་རྒྱུན་འཁྱོངས་བྱས་ཡོད་པས།   ས་ཁོངས་དེར་རིག་གནས་མང་པོ་ངོམ་སྟོན་དང་།  ཆུ་ངོགས་སྤྲོ་འཆམ།   བརླན་སར་མྱོང་རོལ་བཅས་གཞི་གཅིག་དུ་དྲིལ་བའི་མི་ཆོས་སྐྱེ་ཁམས་ཀྱི་ལྗོངས་གཟིགས་བར་ཁྱམས་ཤིག་ལེགས་པར་གྲུབ་ཡོད་ལ།  ཙོང་ཆུའི་ངོགས་སུ“ཆུ་མོ་དྭངས་ཤིང་། ཆུ་ཁོག་ཡངས་པ། གཡས་གཡོན་ལྗང་ལོས་བསྟིམས་པ།  མཛེས་ལྗོངས་ཡིད་དུ་འོང་བ”ཡི་སྐྱེ་ཁམས་དམིགས་ས་མངོན་འགྱུར་བྱུང་ཡོད།

2.png

“ལས་གཞི་དེས‘འགོག་པ’གཙོར་བཟུང་ཡོད།  ང་ཚོ་ཡོད་ས་འདི་ཙོང་ཆུའི་མགོ་ཁུངས་ཡིན་པས།  ངེས་པར་དུ་སྟོད་རྒྱུད་ཀྱི་ཆུའི་ཁོར་ཡུག་གི་བདེ་འཇགས་ལ་འགན་ལེན་བྱས་ན་ད་གཟོད་སྨད་རྒྱུད་ཀྱི་བཅོས་སྐྱོང་བྱ་བའི་གནོན་ཤུགས་ཇེ་ཡང་དུ་གཏང་ཐུབ”ཅེས་རྒྱ་མདོ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའི་ཏང་ཙུའུ་ཧྲུའུ་ཅིའམ་ཅུ་ཀྲང་ཐང་ཡུས་ཧྥེང་གིས་གསར་འགོད་པར་དེ་ལྟར་བརྗོད། 

ལོ་དུ་མའི་རིང་ལ།  རྒྱ་མདོ་རྫོང་གིས་གཞི་ཁྱོན་ཆེ་བའི་ས་ཆུ་ཤོར་བར་བཅོས་སྐྱོང་དང་སྲུང་སྐྱོབ་བྱས་པས།  ཙོང་ཆུ་འབབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མངོན་གསལ་རེད།  ནགས་ཚལ་གྱི་ཁེབས་ཚད11.72%ལ་བསླེབས་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་རྩི་ཤིང་གི་ཁེབས་ཚད72.66%ཡིན་པས།  ནམ་མཁའ་སྔོ་ཞིང་བསང་ལ་ཆུ་བོ་སྔོ་ཞིང་དྭངས། རི་བོ་ལྗང་ལོས་ཁེབས་པའི་ཙོང་ཆུའི་ངོགས་ཀྱི་གཟུགས་བརྙན་ཡིད་དུ་འོང་བ་ཞིག་མིག་ལམ་དུ་རྒྱུ་འོང་།
འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ཙོང་ཆུར་བྱ་རིགས་འདི་འདྲ་མང་པོ་ཞིག་མཐོང་རྒྱུ་མེད། ཅེས་རྩྭ་ཆག་དང་ཡལ་ག་སྐམ་པོ་འཐུ་མཁན་ཆུ་ལམ་དོ་དམ་པ་ལི་ཧྲོའུ་ཅུན་གྱིས་གསར་འགོད་པར་དེ་སྐད་བརྗོད། “ད་ལྟ་ཆུ་ངོགས་ཀྱི་ཁོར་ཡུག་ཇེ་ལེགས་ནས་ཇེ་ཡག་རེད།  འདིར་སྤྲོ་འཆམ་དུ་ཡོང་མཁན་ཇེ་མང་ཡིན་ངེས”ཟེར།

3.png

ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ངེས་པར་དུ་དུས་ཡུན་རིང་པོར་ཙོང་ཆུར་སྲུང་སྐྱོབ་ལེགས་པོ་བྱས་ནས་གཙང་ཆབ་སྔོན་མོ་ཤར་དུ་འབབ་པར་འགན་ལེན་བྱེད་དགོས་ཞེས་ཐང་ཡུས་ཧྥེང་གིས་བཤད་བྱུང་། 

ཉེ་བའི་ལོ་རིང་ལ། རྒྱ་མདོ་རྫོང་གི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་བློ་རྩ་གཅིག་ཏུ་ཕྱོགས་ཤིང་ནུས་ཤུགས་གཅིག་ཏུ་སྒྲིལ་ནས“ཆུ་བོའི་མགོ་ཁུངས་ཀྱི་འགན་འཁྲི”“ཆུ་ལག་གི་ཁག་ཁུར”ཕྲག་ཏུ་ཁུར་ནས་ཆུ་མགོར་སྲུང་སྐྱོབ་ལེགས་པོ་བྱས་ནས་སྨད་རྒྱུད་ཀྱི་ཆུའི་བདེ་འཇགས་ལ་འགན་ལེན་བྱས།   རྩྭ་འདེབས་པ་དང་། ཆུ་སྤུས་ཚད་ལེན།  ས་ཁོངས་ཡོངས་སུ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱབ་གདལ་ལ་སོགས་བྱེད་ཐབས་སྤྱད་དེ་ཆུ་བེད་དང་སྐྱེ་ཁམས་ཁོར་ཡུག  ནགས་རྩྭ་ལ་སོགས་སྡེ་ཚན་ཁག་གིས་རང་འགན་རང་སྒྲུབ་དང་། སོ་སོའི་མངའ་ཁོངས་ཀྱི་ཁྱད་ཆོས་ལེགས་པོར་བཏོན་ནས་ཙོང་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ཙོང་ཆུ་དེ་མཚོ་སྔོན་ལ་བདེ་སྐྱིད་བསྐྲུན་པའི“བདེ་སྐྱིད་ཆུ་བོ”རུ་འགྱུར་བར་འབད་པ་བྱས།


མཉམ་སྤྱོད།