དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་མའི་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་མགོ་ཚུགས་མཛད་སྒོ་བདེ་བླག་ངང་འཚོགས།

2024-06-17 09:59:45   |   1107

སྒྲིག་སྒྱུར།  སངས་དོན།      ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ6ཚེས16ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་། མཚོ་སྔོན་ཚན་རྩལ་ཐིང། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱིས་གཙོ་གཉེར་དང་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པ། གཙང་གསུམ་མགོ་ཁུངས་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་། ཞ་མོན་སློབ་ཆེན་ཁོར་ཡུག་དང་སྐྱེ་ཁམས་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སློབ་གླིང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་སྒྲོག་སློབ་གསོ་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་མའི་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་མགོ་འཛུགས་མཛད་སྒོ་དེ་མཚོ་བྱང་ཁུལ་མདའ་བཞི་རྫོང་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེ་སློབ་གསོ་ཞིབ་འཇུག་རྟེན་གཞི་ནས་བདེ་བླག་ངང་འཚོགས། 

01.jpg

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་སྤྱི་ལས་རོགས་ཆན་ཅན་གོ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ། ཆན་ཅན་གོས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། མཚོ་སྔོན་ནི་གཙང་པོ་གསུམ་གྱི་འབྱུང་ཁུངས་དང་། “ཀྲུང་ཧྭའི་ཆུ་ལྕོག” རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་ལམ་ཁ་ནས་  མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་མའི་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ་དེའི་དམིགས་ཡུལ་ནི་དེང་རབས་གཞོན་ནུའི་བློ་གྲོས་གཅིག་སྡུད་བྱས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་གསར་གཏོད་ལས་གཏོད་ཀྱི་སྟོབས་ཤུགས་གསར་པ་གསོ་སྐྱོང་། སློབ་གསོ་ལ་སྐུལ་འདེད་དང་བྱང་ཚད་སློབ་གསོའི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ནས་གསར་གཏོད་ལ་སྐུལ་འདེད་དང་གྲུབ་འབྲས་གཞན་སྒྱུར་གྱི་སྟེགས་བུ་གསར་པ་སྐྲུན་པ། རྒྱ་ཆེའི་གཞོན་ནུ་ཚོར་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ནང་ཞུགས་པ། སྐྱེ་ཁམས་སྲུང་སྐྱོང་བྱེད་ཐབས་གསར་གཏོད་བཅས་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

02.jpg

ཐེངས་འདིའི་འགྲན་བསྡུར་ཆེ་མོ་དེ་སྒྲིག་འཛུགས་འཆར་འགོད་དང་བརྩམས་ཆོས་བསྡུ་རུབ་བྱེད་པ་ནས་ཐོག་མའི་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བར་གཙོ་གཉེར་བྱེད་མཁན་དང་།འགན་སྒྲུབ་བྱེད་མཁན། གཞོགས་འདེགས་བྱེད་མཁན་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་གཞོགས་འདེགས་དམ་ཟབ་བྱས་ཤིང་། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཆེ་གྲས་ཁག་གི་དགེ་སློབ་ཚོས་དོ་ཁུར་ཧུར་ཐག་དང་སྤྲོ་སེམས་འཁོལ་བའི་ངང་ཞུགས་ནས་སྤྱི་ཚོགས་ལས་རིགས་ཁག་གི་མཐོང་ཆེན་དང་དོན་སྣང་ཆེན་པོ་ཐོབ་ཡོད་པ་རེད། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ11ནས་ཡོང་བའི་རུ་ཁག600ལྷག་ཙམ་དང་སློབ་མ2000ལྷག་ཙམ་འགྲན་བསྡུར་ལྔའི་འགྲན་རའི་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་བརྩམས་ཆོས303ཕུལ་ཡོད་པ་རེད། ཐེངས་འདིའི་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ཟླ6ཚེས19ཉིན་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་བདམས་ཐོན་བྱུང་བའི་སྐྱེ་ཁམས་ཤེས་དཔལ་སྤྱི་ཆིངས་རིགས་དང་། སྐྱེ་ཁམས་སྲུང་སྐྱོང་དྲིལ་སྒྲོག་སློབ་གསོའི་རིགས། ཚན་རྩལ་ཚོད་ལྟའི་བརྩམས་ཆོས་རིགས། ཚན་རྩལ་དངོས་པོའི་བརྩམས་ཆོས་རིགས། འགྲེལ་བཤད་རིགས་བཅས་འགྲན་བསྡུར་ཁག་གསུམ་དང་རིགས་ལྔའི་འགྲན་ཞུགས་རུ་ཁག31གིས“སྐྱེ་ཁམས་སྲུང་སྐྱོང་གི་བྱེད་ཐབས་གསར་གཏོད་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ” བརྗོད་དོན་བཟུང་ནས་འགྲན་བསྡུར་བྱ་རྒྱུ་རེད། 

03.jpg

མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་སློབ་གསོ་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་རིག་གནས་གནས་སྐོར་ཅུ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། མདའ་བཞི་ཚོ་བ། བོན་གྱཱ་ཕྱུགས་ར། བྱེ་མ་ལ་བདུན་གནས་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི་སོགས་མཚོ་བྱང་ཁུལ་གྱི་རིག་གནས་གནས་སྐོར་ཁེ་ལས13གྱི་འགན་འཁུར་བ་དང་། དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཁག་གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་བདམས་ཐོན་བྱུང་བའི་མི་སྣ་དང་མཛུབ་ཁྲིད་དགེ་རྒན300ཙམ་མགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།


མཉམ་སྤྱོད།