དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོ་ནན་གྱི་གྲང་འཁྱག་རླངས་འཁོར་གཅིག་གིས་སྒྲིག་འགལ་བྱས་པས་མི8རྐྱེན་ལམ་དུ་ཤོར་འདུག

2024-06-17 10:41:53   |   1007

སྒྲིག་སྒྱུར།  སངས་དོན།      ཡོང་ཁུངས།  ཀྲུང་གོ་གསར་འགྱུར་ཁང་།      བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ6ཚེས15ཉིན་གྱི་ཆུ་ཚོད22ཙམ་ལ། རླངས་འཁོར་ཨང་གྲངས་ཧོ་ནནDJ103Fཡིན་པའི་གྲང་ཉར་ཟོག་འདྲེན་རླངས་འཁོར་ཞིག་སྒྲིག་འགལ་གྱིས་ཡེ་རྫོང་ཧུང་ཀྲོང་དབྱང་གྲོང་རྡལ་མངའ་ཁོངས་སུ་བསྐྱོད་སྐབས། ཁ་ལོ་བས་འཁོར་སྒྲོམ་ནང་གི་མི8དབུགས་ཆད་ནས་དྲན་པ་བོར་བ་མཐོང་བས། མྱུར་དུ120ལ་ཁ་པར་བཏང་ནས་མྱུར་སྐྱོབ་བྱས་མོད་ཚེས16ཉིན་གྱི་ཆུ་ཚོད3པར་མི8རྐྱེན་ལམ་དུ་ཤོར་བ་རེད། 

མིག་སྔར། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་འབྲེལ་ཡོད་འགན་འཁུར་མི་སྣ་ཚོད་འཛིན་བྱས་པ་དང་ཞིབ་ཕྲའི་རྒྱུ་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།


མཉམ་སྤྱོད།