དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མཚོ་སྔོན་པོ་སྨོན་ལམ་མཐོན་པོ”རྟགས་མའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་ནས་འཚོག་རྒྱུ་རེད།

2024-06-17 14:45:25   |   2558

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།   མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


555555555.png

ཁ་ལ་གཞས་ལེན་ན་ལ་གཞས་ལེན།

ཁ་ལ་གཞས་མཐོན་པོ་སྒང་ནས་ལེན།།

ཟླ་དྲུག་པ་ཨ་སྔོན་གནམ་སྔོན་རེད།།

འབུ་བུང་བས་སྙན་དབྱངས་སྒྲོག་དུས་རེད།།

བུ་བུ་མོའི་སྣང་བ་སྐྱིད་དུས་རེད།།

...   ...   ...  ...   ...  ...  ...

སྤྱི་ཟླ6པའི་ཚེས28ཉིན་ནས་སྤྱི་ཟླ7པའི་ཚེས3ཉིན་བར་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་ཆེན་མོ་སྐབས8པ་དེ་མཚོ་བྱང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་ནས་འཚོག་རྒྱུ་ཡིན་པས་ཕྱོགས་ཡོངས་ཀྱི་གླུ་བ་གླུ་མ་དང་རྒྱ་ཆེའི་ལྟ་མཁན་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།།


མཉམ་སྤྱོད།