དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ན་གཞོན་ཞིབ་འཇུག་པའི་གླེང་སྟེགས་སྐབས་གསུམ་པ་ཞི་ཨན་དུ་འཚོགས་པ།

2024-06-17 14:58:59   |   368

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས15ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ན་གཞོན་ཞིབ་འཇུག་པའི་གླེང་སྟེགས་སྐབས་གསུམ་པ་ཞི་ཨན་གྲོང་ཁྱེར་ཧྲའན་ཞི་དགེ་འོས་སློབ་ཆེན་དུ་འཚོགས། ཧྲའན་ཞི་དགེ་འོས་སློབ་ཆེན་སྤྱི་ཚོགས་ཚན་རིག་ཁྲུའུ་ཡི་ཁྲུའུ་ཀྲང་ཁོ་ཞི་ཀང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་དེ་སྔའི་སུའོ་ཀྲང་ཀྲང་ཡུན་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། སྐབས་འདིའི་གླེང་སྟེགས་དེ་ཧྲའན་ཞི་དགེ་འོས་སློབ་ཆེན་གྱི་ཀྲུང་གོའི་ནུབ་རྒྱུད་མཐའ་མཚམས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ན་གཞོན་ཞིབ་འཇུག་པ50ལྷག་ཙམ་གདན་དྲངས་ཡོད་པ་དང་། ཚོགས་ཡུན་ཉིན2ཡིན་པ་རེད།

ཁོ་ཞི་ཀང་གིས་མགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་སྐབས་ཀྲུང་གོའི་ནུབ་རྒྱུད་མཐའ་མཚམས་ཞིབ་འཇུག་ཁང་གིས་ཧྲའན་ཞི་དགེ་འོས་སློབ་ཆེན་གྱི་མི་རིགས་རིག་པའི་རིག་ཚན་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ་དང་། འབྱུང་འགྱུར་སློབ་གྲྭའི་འཕེལ་རྒྱས་འཆར་འགོད་ནང་གནས་བབ་གལ་ཆེན་བཟུང་ཡོད། སྐབས་གོང་མ་གཉིས་ཀྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ན་གཞོན་ཞིབ་འཇུག་པའི་གླེང་སྟེགས་ཀྱིས་རིག་གཞུང་བའི་སྡེ་ལ་ཤུགས་རྐྱེན་ཧ་ཅང་ཡག་པོ་བཞག་ཡོད་ཅིང་། སློབ་གྲྭའི་མི་རིགས་རིག་པ་དང་ལྷག་པར་དུ་བོད་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། དེ་རིང་དུས་ཚོད་འདི་འདྲ་ཞིག་དང་ས་ཆ་འདིར་ང་ཚོ་སླར་ཡང་མཉམ་དུ་འཛོམས་ནས་ཀྲུང་གོའི་བོད་རིག་པའི་འབྲེལ་ཡོད་གནད་དོན་ཐད་རིག་གཞུང་གྲོས་བསྡུར་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད་དེ། དེ་ལ་དུས་ཚོད་ཀྱི་དོན་སྙིང་ཡོད་ལ་བར་སྟོང་གི་དོན་སྙིང་ཡང་ཡོད། འབྱུང་འགྱུར་གྱི་ཉིན་གཉིས་རིང་མཁས་དབང་ཚོས་ང་ཚོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་བའི་བོད་ཀྱི་ལག་ལེན་དངོས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དང་བོད་རིགས་དང་མི་རིགས་གཞན་དག་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་གཏིང་ཟབ་གནང་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ད་ཐེངས་ཀྱི་གླེང་སྟེགས་དང་གླེང་སྟེགས་ནང་གི་ལྟ་བ་མི་གཅིག་པ། ཐུན་མོང་གི་ངོས་འཛིན་བཅས་ཀྱིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་བཤད།

ཀྲང་ཡུན་གྱིས་ལོ་རྒྱུས་ཀྱི་དཔྱད་ཡིག་དང་། ལོ་རྒྱུས་ཀྱི་དོན་དངོས། ལོ་རྒྱུས་ཀྱི་ལྟ་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་རང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ངོས་འཛིན་བྱེད་ཚུལ་གླེང་།

1.jpg

མགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏིང་འཛིན་སྐྱིད་དང་། སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ལུའོ་ཧུང་། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཙོའུ་མིན། ཧྲའན་ཞི་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ལིའུ་ཅུན་ཅུན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཁྲེན་ཡུས་ཐུང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ལིའུ་ཞིང་ཅུན་སོགས་རིགས་གཅིག་མཁས་ཅན་དང་ཞིབ་འཇུག་པ་དྲུག་གིས་གཙོ་དོན་གཏམ་བཤད་གནང་ཞིང་། མི་རིགས་མང་པོ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་སོགས་ཀྱི་མཐོང་སྣེ་ནས་རིག་གཞུང་བགྲོ་གླེང་བྱས།

2.jpg

མགོ་ཚུགས་མཛད་སྒོ་མཇུག་གྲིལ་རྗེས། དཔྱད་རྩོམ་གྱི་ཁ་ཕྱོགས་ལྟར་གླེང་སྟེགས་གསུམ་དུ་བགོས་ནས་བགྲོ་གླེང་བྱས། ཚེས15ནས་ཚེས16ཉིན་བར་ཡན་ལག་གླེང་སྟེགས་སུ་བགྲོ་གླེང་བྱས།


མཉམ་སྤྱོད།