དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འདས་པའི་ལོ་སུམ་ཅུའི་རིང་ལ་མདོ་དབུས་མཐོ་སྒང་གི་མཚེའུ་ཡི་རྒྱ་ཁྱོན་རྒྱ་བསྐྱེད་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི1ལས་བརྒལ།

2024-06-18 08:42:34   |   203

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གིས་ཁོར་ཡུག་འགྱུར་ལྡོག་དང་བསྐོར་རིམ་མང་པོའི་གོ་རིམ་ཞིབ་འཇུག་རུ་ཁག་གི་ཞིབ་འཇུག་པ་ཀྲང་ཀུའོ་ཆིང་སོགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། འདས་པའི་ལོ་ངོ་སུམ་ཅུ་ཡི་རིང་ལ་མདོ་དབུས་མཐོ་སྒང་གི་མཚེའུ་ཡི་རྒྱ་ཁྱོན་རྒྱ་བསྐྱེད་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི1ལས་བརྒལ་ཡོད་པ་རེད། ཞིབ་འཇུག་རུ་ཁག་གིས་སྔོན་དཔག་བྱས་པ་ལྟར་ན། དུས་རབས21པའི་དུས་མཇུག་ཏུ་ཆར་ཆུ་འབབ་ཚད་ཇེ་མང་དུ་ཕྱིན་པ་དང་ཆབ་རོམ་ཞུ་ནས་ཆུ་ཁ་གསབ་བྱས་པ་སོགས་ཀྱི་དབང་གིས།  ཕྱིར་འབུད་ཚད་དམའ་བའི་གནས་ཚུལ་འོག་མདོ་དབུས་མཐོ་སྒང་གི་མཚེའུ་ཡི་རྒྱ་ཁྱོན50%ཙམ(སྤྱི་ལེ་གྲུབ་བཞི་མ་ཁྲི2ཙམ་འཕར་བ)རྒྱ་བསྐྱེད་པ་དང་།  ཆུ་གནས་ཚད་སྨི10ཙམ་ཡར་འཕགས་ལ།  ཆུ་འབོར་ཏུན་དུང་ཕྱུར6520ཙམ་ཡར་འཕར་བར་མ་ཟད།  ཆུ་འབོར་འཕར་ཚད་འདས་པའི་ལོ་ངོ50ཡི་ལྡབ4ལ་བསླེབ་སྲིད། 

640.jpg

དུས་རབས21པའི་དུས་མཇུག་གི་ཕྱིར་འབུད་ཚད་འབྲིང་བའི་གནས་ཚུལ་འོག་གི་མཚེའུ་ཡི་རྒྱ་ཁྱོན་དང་ཆུ་གནས་ཚད། ཆུ་འབོར་གྱི་འགྱུར་ལྡོག

ཚན་ཞིབ་གྲུབ་འབྲས་འདི་མིག་སྔར《རང་བྱུང་། སའི་གོ་ལའི་ཚན་རིག》ཅེས་པར་དྲ་ལམ་ནས་སྤེལ་ཏེ་མདོ་དབུས་མཐོ་སྒང་གི་མ་འོངས་པའི་འཆར་འགོད་ལ་ཚན་རིག་གི་མཛུབ་སྟོན་བྱས་ཡོད། 

ངོ་སྤྲོད་བྱས་པ་ལྟར་ན། མདོ་དབུས་མཐོ་སྒང་ལ“ཡ་གླིང་གི་ཆུ་ལྕོག”ཅེས་པའི་མཚན་སྙན་ཡོད་ལ། དེ་རུ་སའི་གོ་ལའི་སྟེང་གི་མཚོ་འཕགས་ཆེས་མཐོ་བ་དང་གྲངས་འབོར་ཆེས་མང་བའི་མཐོ་སྒང་གི་མཚེའུ་ཡི་ཁྱུ་ཚོགས་ཡོད་པ་དང་། རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མཚེའུ་ཡི50%ཡན་ཟིན་ཡོད། འདས་པའི་ལོ་ངོ50ཡི་རིང་ལ། ནམ་ཟླ་ཇེ་དྲོར་སོང་བ་དང་མིའི་རིགས་ཀྱི་བྱེད་སྒོའི་ཐུན་མོང་གི་ཤུགས་རྐྱེན་འོག་སའི་གོ་ལ་ཡོངས་ཀྱི་མཚེའུ་ཆེ་གྲས་དག་གི་ཆུ་འབོར་སྤྱིའི་ཆ་ནས་ཇེ་ཉུང་དུ་སོང་ནའང་། མདོ་དབུས་མཐོ་སྒང་གི་མཚེའུ་དག་ལ་ནམ་ཟླ་དྲོད་རླན་ཅན་གྱི་རྒྱབ་ལྗོངས་འོག་མགྱོགས་མྱུར་ངང་རྒྱ་བསྐྱེད་པའི་རྣམ་པ་མངོན་ཡོད། 

640 (1).jpg

མདོ་དབུས་མཐོ་སྒང་གི་མཚེའུ་རྒྱ་བསྐྱེད་པའི་ཤུགས་རྐྱེན་མཚོན་རིས།

མདོ་དབུས་མཐོ་སྒང་བྱང་རྒྱུད་ཀྱི་མཚེའུ་རྒྱ་བསྐྱེད་ཚད་ཧ་ཅང་མངོན་གསལ་ཡིན་སྲིད་ལ། ཕྱིར་འབུད་ཚད་མཐོ་བའི་ཆ་རྐྱེན་འོག་ཏུ་མཚེའུ་ཡི་རྒྱ་ཁྱོན་ལྡབ་འགྱུར་གྱིས་རྒྱ་བསྐྱེད་སྲིད་པ་དང་། བར་རྒྱུད་ཀྱི་མཚེའུ་ཡི་རྒྱ་ཁྱོན་རྒྱ་བསྐྱེད་ཚད50%ལས་བརྒལ་སྲིད། ལྷོ་རྒྱུད་ཀྱི་མཚེའུ་སྔོན་ཆད་ཇེ་ཆུང་དུ་འགྲོ་བའི་རྣམ་པ་མངོན་ནའང་། ཉེ་ལམ་དེ་ཉིད་ཀྱང་རྒྱ་སྐྱེད་སྲིད་པ་རེད། མཚེའུ་མགྱོགས་མྱུར་སྒོས་རྒྱ་བསྐྱེད་པ་ཡིས་ཐད་ཀར་མཚེའུ་ཡི་ཆུ་ཁམས་མཐིལ་འབྲེལ་རང་བཞིན་ལ་འགྱུར་ལྡོག་བཏང་སྟེ། 23%གྱི་བཞུར་རྒྱུན་ལ་བསྐྱར་སྒྲིག་གི་གནས་ཚུལ་འབྱུང་ངེས་རེད། 

མཚེའུ་རྒྱ་བསྐྱེད་པ་ལས་ད་དུང་མཚེའུ་ཡི་རྒྱུན་གཅིག་བརྗེ་སྤོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རླུང་ཁམས་ཆེན་མོའི་ཁྲོད་ཀྱི་དྲོད་ཁང་རླངས་གཟུགས་ཀྱི་གར་ཚད་ཇེ་ཆེར་བཏང་བ་བརྒྱུད་སའི་གོ་ལ་ཧྲིལ་བོ་ཇེ་དྲོར་འགྲོ་ཚད་ཇེ་མགྱོགས་སུ་གཏོང་ངེས་པ་རེད། མ་འོངས་པར། མཚེའུ་ཡི་ཆུ་འབོར་འཕར་བ་དེས་མཚེའུ་ཡི་ཚྭ་ཚད་མར་ཆག་སྲིད་ཅིང་། མཚེའུ་ཡི་སྐྱེ་ཁམས་མ་ལག་གི་དངོས་རིགས་ཕུན་སུམ་ཇེ་ཚོགས་དང་འཚོ་བཅུད་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་གཏོང་ངེས་པ་རེད། 


མཉམ་སྤྱོད།