དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-18 06:52:16   |   1241

སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་།  


གསར་འགྱུར་གལ་ཆེན། 

  • ཧོང་ཕུའུ་དམག་དཔོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དཔོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཧོང་ཕུའུ་དམག་དཔོན་སློབ་གྲྭའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་དེའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། 

  • 《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་གཉིས་པའི་ཧྥ་རན་སེའི་ཡི་གེ་དང་། ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ སི་ཕེན་གྱི་ཡི་གེ་བཅས་ཀྱི་པར་མ་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས། 

6146216ff55fcd667d0d81a97de58c4.jpg

  • རྒྱལ་ཁབ་བསྡོམས་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་ལྔ་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས5.6%འཕར་བ་དང་། ས་ཁུལ་བཅུ་ཆ་དགུ་དང་ལས་རིགས་བཅུ་ཆ་བརྒྱད་ལ་འཕར་བ་མངོན་འགྱུར་བྱུང་ཡོད། 

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་ལྔ་པར་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར147.8ཡིན་ལ། ཟླ་གཅིག་གི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

  • མི་སྤྱི་པུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་ནས། 2024ལོའི་ཟླ1ཚེས1ཉིན་ནས་བཟུང་། 2023ལོའི་ལོ་མཇུག་སྔོན་ལ་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ3%སྤར་ཡོད། 

  • ཚོང་དོན་པུས2024ལོའི་ཟླ6ཚེས17ཉིན་ནས་བཟུང་། ཡོ་རོབ་མནའ་འབྲེལ་ནས་ནང་འདྲེན་བྱས་པའི་འབྲེལ་ཡོད་ཕག་ཤ་དང་དེའི་ཕག་ཞོར་ཐོན་རྫས་གྱི་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས། 

  • ཚེས17ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་རང་རེའི་ནན་ཧྲ་གླིང་ཚོམ་གྱི་རེན་ཨའེ་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སུ་ཁྲིམས་འགལ་ངང་འཛུལ་མཁན་ཧྥི་ལི་ཕིན་གྱི་གྲུ་གཟིངས་ལ་ཁྲིམས་ལྟར་དོ་དམ་བྱ་ཐབས་སྤྱད་པ་རེད། 

  • ཚེས17ཉིན། ཀྲུང་གོས་ཨོ་སི་ཁྲུ་ལི་ཡ་ཕྱོགས་རྐྱང་པས་རྒྱལ་ཁབ་ཀྱི་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས། 

  • ས་གནས་དེ་གའི་དུས་ཚོད་ཚེས17ཉིན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ(内塔尼亚胡)ཡིས་དམག་འཁྲུག་སྐབས་རྒྱལ་སྲིད་ལས་ཁུངས་མེད་པར་བཟོས་པའི་ཁྱབ་བསྒྲགས་བྱས། 

    སྤྱི་ཚོགས།

37bcd1999956001c6f60c4a3b8cf678.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ལེའོ་ཉིང་གི་ནུབ་རྒྱུད་དང་ཧོ་པེའི་དབུས་ལྷོ་རྒྱུད། པེ་ཅིང་གི་ས་ཆ་མང་ཆེ་བ། ཐེན་ཅིན་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས37~39℃ཡིན་ལ། ཧོ་པེའི་དབུས་ཁུལ་གྱི་ས་ཁུལ་ཁ་ཤས40℃ཡན་ལ་སླེབས་རྒྱུ་རེད། 

  • ཧྥུ་ཅན་དང་ཀོང་ཏུང་ཞིང་ཆེན་གཉིས་ཀྱི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ལ་དམིགས་ནས། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་གེགས་སེལ་ཨུ་ལྷན་གྱིས་ཚེས17ཉིན་རྒྱལ་ཁབ་ཀྱི་རིམ་བཞིའི་གེགས་སེལ་འཕྲལ་བསྟུན་དང་ལེན་བྱེད་མགོ་བརྩམས། 

  • སློབ་གསོ་པུའི་ཉི་འོད་མཐོ་རྒྱུགས་ལས་སྟེགས་ཀྱིས་ཐོག་མར་བཏོན་པའི“ཉི་འོད་དང་བླངས་པའི”ཆ་འཕྲིན་ཞབས་ཞུའི་མ་ལག་ཚེས17ཉིན་དངོས་སུ་སྤྱོད་མགོ་བརྩམས་པ་དང་རྒྱུགས་སྤྲོད་སློབ་མར་རིན་མེད་ངང་སྒོ་དབྱེ་ནས་སྤྱོད་རྒྱུ་ཡིན་པ་རེད། 

  • ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ལི་ཕུང་ཞིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད། 

  • ཧེ་ལུང་ཅང་ཞིང་ཨུའི་དེ་སྔའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་གཞོན་པ་ཝང་ཞིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད། 

  • ཧོ་པེ་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཁྲེན་ཡུས་ཞང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད། 

86de16ad0af2e9967fc1bbc83edd9fd.jpg

  • ཚན་རིག་སློབ་ཆེན་ཀུའོ་ཏུན་ཚད་རྡུལ་སྤྱི་གཉེར(国盾量子公司)གྱིས་ནུས་ཆེའི་འགལ་རྐྱེན་འགོག་པའི་དབྱང་འགྱུར་དྲོད་ཚད་འཇལ་ཆས་རང་བརྟེན་ཞིབ་བཟོ་བྱས་པ་དང་། ཐོན་རྫས་ཀྱི་དྲོད་ཚད་ཧའོ་ཁའེ་ཨེར་ཝུན6ལ་སླེབས་ཉེ་བ་ཐུབ་པ་དེས་རང་རྒྱལ་གྱི་གེགས་མེད་འདྲེན་བྱེད་ཚད་རྡུལ་རྩིས་རྒྱག་གི་དྲོད་ཚད་དམའ་བའི་ཚད་འཇལ་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད། 

  • ཚེས17ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་ལུས་སྦྱོང་ལྟེ་གནས་ཀྱིས2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་སྦྱོང་དང་མཆོང་སྟེགས། སྒྱུ་རྩལ་ལུས་རྩལ་རྣམ་གྲངས་བཅས་ཀྱི་འགྲན་ཞུགས་ལུས་རྩལ་པའི་མིང་ཐོ་ཡོངས་བསྒྲགས་བྱས།

87792c7848d2c63841402bca33c8398.jpg

  • ཧུའུ་ནན་ལའོ་ཏི་ཡི་རྒན་པ་ཞིག་རླངས་འཁོར་གྱི་མཐིལ་དུ་ཚུད་པ་དང་། ཉེ་འགྲམ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་མི་བཅུ་ཕྲག་ཁ་ཤས་དུས་གཅིག་ཏུ་རླངས་འཁོར་གྱི་འགྲམ་དུ་རྒྱུགས་ནས་མཉམ་དུ་རླངས་འཁོར་ཡར་བཀྱགས་ཏེ། སྐར་ཆ་སུམ་ཅུ་ཙམ་གྱི་ནང་རྒན་པ་དེ་སྐྱོབ་ཐུབ་པ་བྱུང་ཡོད། མིག་སྔར་རྒན་པ་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཡོད། 

    སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། འགྲིམ་འགྲུལ་ལྟེ་གནས་ཆེ་གྲས་དང་གནས་སྐོར་མཛེས་ལྗོངས་ཁུལ། སྡོད་དམངས་སྡེ་ཁུལ་སོགས་ས་ཁོངས་སུ་དུས་ཐོག་ཏུ་དྲ་ཐོག་སྨན་རྫས་རིག་པའི་ཞབས་ཞུ་མཁོ་འདོན་ཐུབ་པའི་རང་འདེམས་སྨན་འཚོང་འཕྲུལ་འཁོར་འཛུགས་རྒྱུའི་གཏན་འབེབས་བྱས། 

  • ཧྲན་ཏུང་གིས་སྤྱི་ཚོགས་ལས་དོན་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་དོན་ཚན་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། “མིང་ཐོ་དཀར་པོའི”དོ་དམ་ནང་བཅུག་མེད་པའི་ཞིང་ཆེན་རིམ་པའི་དོན་ཚན་ཚང་མ་སློབ་གྲྭར་སྤེལ་མི་ཆོག

  • ཀོང་ཏུང་གིས“དམངས་ཕན་བུ་བཅོལ་འཛིན་ཤོག”བཀྲམ་པ་དང་། ལོ་གསུམ་མན་གྱི་ཕྲུ་གུའི་ཁྱིམ་ཚང་གིས་དྲ་ཐོག་ནས་འཛིན་ཤོག་ལེན་ཆོག་པ་དང་། བཅོལ་གསོའི་དངུལ་གྲངས་ཆེས་མཐོ་བ་སྒོར2000ཡིན།

     དེ་རིང་གི་གནམ་གཤིས།

e4adb2e99892ddeaee93ff46c008836.jpg

  • འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད་དང་ཡུན་ནན་གྱི་ཤར་རྒྱུད། ཧྭ་ལྷོའི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཞིའི་བྱང་རྒྱུད་དང་ཧུའུ་ནན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་ལ། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།