དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་བོད་སྐད་འཕྲིན་སྟེགས་ཀྱི་སྤྱིའི་ཀློག་གྲངས་ས་ཡ་ལྔ་བརྒལ་འདུག

2024-06-17 15:13:32   |   635

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་བརྙན་འཕྲིན་ཁང་བོད་སྐད་སྤྱི་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཀྲུང་གུང་མདའ་བཞི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་།  རྫོང་དྲིལ་སྒྲོག་པུའི་མགོ་ཁྲིད་འོག མདའ་བཞི་རྫོང་བརྙན་འཕྲིན་ཁང་གི་བོད་སྐད་འཕྲིན་སྟེགས་དེ2023ལོའི་ཟླ12པའི་ཚེས6ཉིན་དངོས་སུ་སྒོ་ཕྱེས་ཤིང་། སྐད་འཕྲིན་སྤྱི་སྟེགས་འདིས་གཙོ་བོ་མདའ་བཞི་རྫོང་གི་སྲིད་འབྱོར་རིག་གསུམ་ཐད་ཀྱི་མཐོང་ཐོས་སྣ་ཚོགས་དུས་ལྟར་བརྙན་ལམ་དུ་ཕབ་ནས་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་སྲིད་གཞུང་གི་ལས་དོན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་རྒྱུས་ལོན་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད།  ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། བདེ་བརྟན་མདའ་བཞིའི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་འདོན་བཞིན་ཡོད་ལ། གྲུབ་འབྲས་ཀྱང་མི་དམན་པ་བླངས་འདུག ད་ལྟའི་བར།  སྐད་འཕྲིན་སྤྱི་སྟེགས་འདིས་ཁྱོན་སྡོམ་བརྙན་ཐུང480སྤེལ་བ་དང་། ཀློག་གྲངས་ས་ཡ5ལས་བརྒལ་འདུག 

03.jpg

01.jpg

སྤྱི་སྟེགས་འདིས་སྤེལ་བའི་བརྙན་ཐུང་ལས་ཀློག་གྲངས་ཆེས་མང་བ་འབུམ4ཁྲི2སྟོང4ལྷག་ལ་སླེབས་ཡོད། ཉིན་རེའི་ཆ་སྙོམས་ཀློག་གྲངས་ཁྲི2ལྷག་བརྒལ་ཡོད།

02.jpg


མཉམ་སྤྱོད།