དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-19 07:51:07   |   1746

 སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།  

  • ཞི་ཅིན་ཕིང་གིས་འབྲུབ་འགོག་ཐན་འགོག་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། གནོད་འཚེར་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ་དང་འབྲུབ་འགོག་ཐན་འགོག་གི་ཉེན་སེལ་གེགས་སེལ་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་འདུག

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འོས་སྦྱོར་དང་དཔྱད་འདེམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས།

  • ཚེས18ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར1.3བཏང་ནས་ཧྥུ་ཅན་དང་ཀོང་ཏུང་གི་ཆུ་ལོག་དང་ཞོད་སྐྱོན་དང་། ས་གཤིས་གནོད་འཚེའི་གེགས་རྗེས་འཕྲལ་བསྟུན་སླར་གསོ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

  • ཉིན་ཤས་གོང་ནོར་སྲིད་པུས་མ་དངུལ་སྒོར་དུང་ཕྱུར4.43བཏང་ནས་རྨ་ཆུ་དང་ཧོའེ་ཧའེ་སོགས་ས་ཁུལ་གྱི་ཐན་འགོག་དབྱར་འདེབས་ལ་རྒྱབ་སྐྱོར་བྱས་པ་རེད།

    11.jpg

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས18ཉིན་བར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་བརྔ་བསྡུ་བྱེད་ཚད96%ཡིན་པ་དང“དབྱར་གསུམ”གྱི་གྲོ་འཕྲུལ་བསྡུ་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད།

  • ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས8.6%འཕར་ཡོད།

  • རྒྱལ་ཁབ་བསྡོམས་རྩིས་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་ལྔ་པར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར39211ཡིན་པ་དེ་དུས་མཚུངས་ལས3.7%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཚེས18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ཧྲིལ་པོར་རང་རྒྱལ་གྱིས་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར612.88ཡིན་པ་དེ་དུས་མཚུངས་ལས30.7%འཕར་ཡོད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་བཅུའི་རིང་རྒྱལ་ཡོངས་སུ་ཆུ་བེད་ལས་གྲྭའི་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2000ཙམ་གསར་དུ་བསྣན་ཡོད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་རང་རྒྱལ་གྱིས་དྲ་རྒྱའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཁག150ལྷག་ཙམ་བཟོས་ནས་བཏོན་ཡོད།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་གནམ་གཤིས་ཀྱི་ཉེན་ཁའི་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་དེ་རིང་ཧྥུ་ཅན་གྱི་ནུབ་བྱང་རྒྱུད་དང་ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་ཐོན་པའི་གནམ་གཤིས་ཉེན་ཁ་ཆེན་པོ་ཡོད་འདུག

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས18ཉིན་ནས་བཟུང་། འབྲི་ཆུའི་དབུས་སྨད་རྒྱུད་ས་ཁུལ་དེ་ལྷོ་ནས་བྱང་དུ་ཅུ་ལིའི་ཆར་བ་འབབ་པའི་དུས་སུ་སླེབས་ཡོད།

  • རྒྱལ་ཡོངས་ཞིང་ཆེན་རིམ་པའི་མེ་ཟོན་རོགས་སྐྱོབ་ཅུས་ཚེས18ཉིན་གཅིག་གྱུར་ཐོག་སྒོ་བྱང་བཀལ་བ་རེད།

  • ཚེས18ཉིན་ཀྲུང་གོའི་ཕའེ་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས2024ལོའི་འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་རྟིང་རྩོད་འགྲན་བསྡུར་གྱི་མི12ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་ཀྲང་ཁྲང་ཉིང་དང་ཝང་ཡུན་ལུའུ་སོགས་ཚུད་ཡོད།

3.jpg

  • ཚེས18ཉིན། ལེའོ་ཉིང་ཞུས་ཏ་པའོ་ཉིང་རྡུལ་གློག་གི་འཕྲུལ་ཚན4པ་བདེ་བླག་ངང་དཔྱང་འདེགས་བྱས་ནས་རྒྱལ་ནང་གི་མཁའ་དབྱིངས་སུ་སྐྱས་སྤོ་དང་དཔྱང་འཇུག་ལེགས་གྲུབ་བྱུང་ཡོད།

    4.jpg

  • པ་ཀྲུང་ནས་ནན་ཁྲུང་བར་གྱི(巴中至南充)མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་གསར་དུ་བསྐྲུན་པའི་འབབ་ཚུགས5ཚེས18ཉིན་དངོས་སུ་འགྲེམ་སྟོན་བྱས་པ་དང་། འཆར་གཞི་ལྟར་ན། པ་ནན་མྱུར་བགྲོད་ལྕགས་ལམ(巴南高铁)སྔོན་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་། སི་ཁྲོན་པ་ཀྲུང་ལ་མྱུར་བགྲོད་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། འབར་མའི་ཏ་ཆི་ལི་ས་ཁུལ་དུ་རྒྱལ་མཚམས་སྒྲོལ་བའི་གློག་འཕྲིན་གཡོ་ལེན་བྱས་པའི་ཉེས་གསོག་དོགས་ཅན150རང་རྒྱལ་དུ་རྩིས་སྤྲད་པ་རེད།

  • ཤིན་ཅང་ཁྲང་ཅི་གྲོང་ཁྱེར་དུ་ཚེས17ཉིན་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་མི4ལ་འབྲེལ་བ་ཆད་འདུག

  • པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་སྦྲེལ་ཐག་ཧྲིལ་པོར“རླངས་འཁོར་བསྐོར་ནས་ཁྲོམ་གཞུང་གཏོར་བའི”ཁྲིམས་འགལ་བྱ་སྤྱོད་བཅོས་སྒྲིག་བྱས་པ་དང་། མིག་སྔར་ཁྲིམས་འགལ་ངང་སྒུལ་ཤུགས་མ་ལག་བཅོས་སྒྲིག་དང་རླངས་འབུད་སྒྲིག་ཆས་ཀྱི་འཕྲུལ་རྟ443བཀག་ཉར་བྱས་པ་དང་། ཁྲིམས་ལྟར་མི15སྲིད་འཛིན་བཀག་ཉར་བྱས་ཡོད།

    5.jpg

  • སི་ཁྲོན་ཁྲེང་ཏུའུ་ཡི་ཆུར་མཆོང་ནས་རླངས་འཁོར་བཅག་སྟེ་མི་བསྐྱབས་པའི་ཅའོ་ཏ་དབྱིན་དང་ཝང་དབྱི་ཧུའེ། ཞེ་ཝན་ཁྲེང་། ཐའོ་ཧྲི་པའོ་སོགས་མི་བཞི་བདེན་པའི་རྒྱབ་ལངས་བྱས་པར་ངོས་འཛིན་བྱས།

    སྲིད་ཇུས།

  • ནང་སོག་གིས་བརྡ་ཐོ་བཏང་ནས། གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པའི་གློག་གསོག(བར་འཇུག)རྣམ་པའི་ནུས་རྒྱུ་གསར་པའི་གནས་སྐོར་བོགས་གཏོང་རླངས་འཁོར་ཉོ་སྒྲུབ་བྱེད་པར་རླངས་འཁོར་རེར་སྒོར་ཁྲི་ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་རྒྱུ་རེད།

  • ཧུའུ་ནན་གྱིས་བྱེད་ཐབས་བཏོན་ནས། དམའ་དབྱིངས་དཔལ་འབྱོར་རིགས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་གལ་ཆེན་ལ། དཔལ་འབྱོར་དང་སྤྱི་ཚོགས་སུ་དངོས་ཡོད་ལེགས་སྐྱེས་ཕུལ་ཚུལ་ལ་གཞིགས་ནས་བྱ་དགའ་ཆེས་མཐོ་ཤོས་སྒོར་ཁྲི2000སྤྲད་པ་རེད།

  • ཡུན་ནན་གྱིས་ཡིག་ཆ་བཏང་ནས། ཡུལ་གྲོང(སྲང་ལམ)འཕྲོད་བསྟེན་ཁང(སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས)ལ་ཉུང་མཐར་ཡང་སྤྱི་པའི་འཕྲོད་བསྟེན་སྨན་པ་གཅིག་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    དེ་རིང་གི་གནམ་གཤིས།

6.jpg

  • ཧེ་ལུང་ཅང་གི་དབུས་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཅང་ཧོའེ་ཡི་དབུས་ནུབ་རྒྱུད། ཅང་ཧན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་ཨན་ཧུའེ་ལྷོ་རྒྱུད་དང་ཧུའུ་ནན་དབུས་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད་ཡོད།


མཉམ་སྤྱོད།